Video Overview
Sangay Choden from Radhi Gewog, Tashigang, sings an old Boedra song entitled Neydhiney Yarla Jaytsana (Seeing Upward from Here). Its composer and origin are unknown. It is performed during special occasions, ceremonies and celebrations. It is performed in a circular formation with around five to twenty dancers. The song describes the two sacred places blessed by Guru Rinpoche in the 8th century: Kurje Temple and Jampa Temple of Bumthang District.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ སངས་རྒྱས་ཆོས་སྒྲོན་གྱི་ འབོད་སྒྲ་རྙིངམ་ གནས་འདི་ན་ཡར་ལ་རྒྱ་ཚན་ན་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ བོད་སྒྲ་རྙིངམ་གཅིག་འབདཝ་ལས་ ཞབས་ཁྲ་འདི་གི་ རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས། ཞབས་ཁྲ་འདི་ དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་ ཧེ་མ་དུས་རབས་བརྒྱད་པའི་ནང་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་ བྱིན་གྱིས་བརླབ་གནང་མི་ སྐུ་རྗེ་དང་བྱམས་པ་ལྷ་ཁང་ གནས་རྩ་ཅན་གཉིས་ཀྱི་ སྐོར་ལས་འགྲེལ་བཤད་རྐྱབ་ ཨིན་མས།
- Radhi
- Trashigang
- སངས་རྒྱས་སྒྲོན་ Sangay Chodenགནས་འདི་ནས་ཡར་ལ་མཇལ་ཙ་ན་ལ། །
- སངས་རྒྱས་སྒྲོན་ Sangay Chodenཡར་ཨོ་རྒྱན་གུ་རུའི་ལ་ནི་ཞལ་བཞུགས་འདྲ་ལ། །ཡར་ཨོ་རྒྱན་གུ་རུའི་ལ་ནི་ཞལ་བཞུགས་འདྲ། །
- སངས་རྒྱས་སྒྲོན་ Sangay Chodenབྲག་ཤེལ་དཀར་བྲག་ལ་གུར་གཅིག་སྤུབས་ལ། །
- སངས་རྒྱས་སྒྲོན་ Sangay Chodenམཚན་ཡོངས་གྲགས་སྐུ་རྗེས་ལ་ནི་ལྷ་ཁང་བཞེངས་ལ། །མཚན་ཡོངས་གྲགས་སྐུ་རྗེས་ལ་ནི་ལྷ་ཁང་བཞེངས། །
- སངས་རྒྱས་སྒྲོན་ Sangay Chodenཡིད་མོས་གུས་གདུང་བས་གུས་ཕྱག་འཚལ་ལ། །
- སངས་རྒྱས་སྒྲོན་ Sangay Chodenཡར་ཆོས་ཀྱི་དངོས་གྲུབ་ལ་ནི་ཐོབ་པར་ཤོག་ལ། །ཡར་ཆོས་ཀྱི་དངོས་གྲུབ་ལ་ནི་ཐོབ་པར་ཤོག །
- སངས་རྒྱས་སྒྲོན་ Sangay Chodenགནས་འདི་ནས་མར་ལ་མཇལ་ཙ་ན་ལ། །
- སངས་རྒྱས་སྒྲོན་ Sangay Chodenམཚན་རྒྱལ་བ་བྱམས་པའི་ལ་ནི་ཞལ་བཞུགས་འདྲ་ལ། །མཚན་རྒྱལ་བ་བྱམས་པའི་ལ་ནི་ཞལ་བཞུགས་འདྲ། །
- སངས་རྒྱས་སྒྲོན་ Sangay Chodenཐང་བུམ་པའི་ཐང་ལ་གདན་ས་བཅགས་ལ། །
- སངས་རྒྱས་སྒྲོན་ Sangay Chodenམཚན་རྒྱལ་བ་བྱམས་པའི་ལ་ནི་ལྷ་ཁང་བཞེངས་ལ། །མཚན་རྒྱལ་བ་བྱམས་པའི་ལ་ནི་ལྷ་ཁང་བཞེངས། །
- སངས་རྒྱས་སྒྲོན་ Sangay Chodenཡིད་མོས་གུས་གདུང་བས་གུས་ཕྱག་འཚལ་ལ། །
- སངས་རྒྱས་སྒྲོན་ Sangay Chodenམར་ཆོས་ཀྱི་དངོས་གྲུབ་ལ་ནི་ཐོབ་པར་ཤོག་ལ། །མར་ཆོས་ཀྱི་དངོས་གྲུབ་ལ་ནི་ཐོབ་པར་ཤོག །
- སངས་རྒྱས་སྒྲོན་ Sangay Chodenལགས་སོ་ལགས།། །།