Skip to main content Skip to search
17 Aug 2018
5 min 51 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • ནོར་བཟང་དང་ཆ་རོགས་ Norzang & Group
    གནས་འདི་ནས་ཕར་ལ་མཇལ་ཙ་ན་ལ། །ཕ་ཨོ་རྒྱན་གུ་རུ་ལ་ནི་བཞུགས་བཞུགས་འདྲ་ལ། །ཕ་ཨོ་རྒྱན་གུ་རུ་ལ་ནི་བཞུགས་བཞུགས་འདྲ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    བྲག་ཤེལ་དཀར་བྲག་ལ་སྐུ་གཅིག་ཆགས་ལ། །མཚན་ཡོངས་གྲགས་སྐུ་རྗེས་ལ་ནི་ལྷ་ཁང་བཞེངས་ལ། །མཚན་ཡོངས་གྲགས་སྐུ་རྗེས་ལ་ནི་ལྷ་ཁང་བཞེངས། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ཡིད་མོས་གུས་གདུང་བས་གུས་ཕྱག་འཚལ་ལ། །ཕ་ཆོས་ཀྱི་དངོས་གྲུབ་ལ་ནི་བསྩལ་དུ་གསོལ་ལ། །ཕ་ཆོས་ཀྱི་དངོས་གྲུབ་ལ་ནི་བསྩལ་དུ་གསོལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    གནས་འདི་ནས་ལ་ཕར་ལ་མཇལ་ཙ་ན་ལ། །ཕ་རྒྱལ་བ་བྱམས་པ་ལ་ནི་བཞུགས་བཞུགས་འདྲ་ལ། །ཕ་རྒྱལ་བ་བྱམས་པ་ལ་ནི་བཞུགས་བཞུགས་འདྲ་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ཐང་བུམ་པའི་ཐང་ལ་གདན་ས་ཆགས་ལ། །མཚན་ཡོངས་གྲགས་བྱམས་པ་ལ་ནི་ལྷ་ཁང་བཞེངས་ལ། །མཚན་ཡོངས་གྲགས་བྱམས་པ་ལ་ནི་ལྷ་ཁང་བཞེངས། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ཡིད་མོས་གུས་གདུང་བས་གུས་ཕྱག་འཚལ་ལ། །ཕ་ཆོས་ཀྱི་དངོས་གྲུབ་ལ་ནི་བསྩལ་དུ་གསོལ་ལ། །ཕ་ཆོས་ཀྱི་དངོས་གྲུབ་ལ་ནི་བསྩལ་དུ་གསོལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    གནས་འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་ལ། །ནུབ་སྤྲིན་དཀར་དྭངས་མ་ལ་འདི་ཡི་འོག་ལ། །ནུབ་སྤྲིན་དཀར་དྭངས་མ་ལ་འདི་ཡི་འོག །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ཁྱོད་མཚན་ལྡན་བླ་མས་བཀའ་ཅིག་གནང་ལ། །དབུས་མཎྜལ་ཚོམ་བུ་ལ་ནི་ཀུན་མཚམས་བཞུགས་ལ། །དབུས་མཎྜལ་ཚོམ་བུ་ལ་ནི་ཀུན་མཚམས་བཞུགས།། །།