Skip to main content Skip to search
28 Jun 2018
6 min 56 sec
Video Overview
Creators: 
Penchela, Sherig Dentshog

Once upon a time, there was a boy who was a hunter. One day, a lay monk found him going hunting in the forest. Lay monk told him not to kill animals, but the boy did not listen. The lay monk planned to harm the boy by digging a deep hole in the path. The boy fell into the hole. He was turned into Gyalpo spirits, and causes harm to those who live in a nearby house. They call out his name in a deep, clear voice as they make a changfoe (alcohol libation) offering accompanied by sur.

 

ཧེ་མ་གི་དུས་ལུ་ ཨ་རྟག་ར་ཤ་བདའ་བར་འགྱོ་མི་ བུ་གཅིག་སྡོད་སྡོདཔ་ཨིན་མས། ཉིནམ་གཅིག་འབདཝ་ད་ སྒོམ་ཆེན་གཅིག་གིས་ བུ་འདི་ནགས་ཚལ་ནང་ལུ་ ཤ་བདའ་བར་འགྱོ་ས་མཐོང་ནུག སྒོམ་ཆེན་གིས་ བུ་འདི་ལུ་ སེམས་ཅན་མ་བསད་ཟེར་སླབ་སྟེ་འབད་རུང་ ཉན་མ་བཏུབ་པས། དེ་ལས་ སྒོམ་ཆན་གྱི་ འཐབ་ཤེས་ཅིག་སྟོན་ཏེ་ ལམ་ཁར་ལུ་ དོང་སྦོམ་ཅིག་བརྐོ་བཞག་ནུག དེ་གིས་ཤུལ་ལས་ བུ་འདི་ དོང་ནང་ལུ་བུད་དེ་ འདྲེ་རྒྱལ་པོ་ལུ་འགྱུར་ཞིནམ་ལས་ ཁྱིམ་ནང་ལུ་སྡོད་མི་ཚུ་ལུ་ གནོདཔ་བཀལ་དོ་ཡོདཔ་ཨིན་མས། དེ་འབདཝ་ལས་ ཁོང་ཚུ་གི་ ཆང་ཕུལ་གཏོར་བའི་སྐབས་ ཁོ་གི་མིང་བཏོན་ཏེ་ ཕུལ་དོ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • སེམས་དཔའ་
    ཧེ་མ་ཏེ་ཕར་སྤང་ཐང་སྦོམ་གཅིག་ཡོདཔ་མས་ལགས་ ཏེ་སྤང་ཐང་སྦོམ་ནང་ཏེ་ ཤར་ལས་ཉིམ་ཟེ་རི་ཟེ་རི་ཟི་རི་སྦེ་ཤརཝ་ད་ ཏེ་ཀ་ཤ་འདི་ རྩ་བཟའ་འོང་འོང་ནུག་མེན་ན་ལགས་ འོངམ་ད་ མི་གཅིག་གིས་ཏེ་ ཡང་ན་ ཅ་ལ་ག་ནཱི་ཡང་མེད་པར་ རྒྱུགས་སོང་སྟེ་ རྐངམ་ལས་བཟུང་ཞིནམ་ལས་ རྡོ་གུ་བླུགས་ཏེ་ ཨ་རྟག་རང་ཤ་བཟའ་བཟའཝ་མས་ཁོ་ཏེ།
  • སེམས་དཔའ་
    ཨ་རྟག་ར་ཤ་བཟའ་དོ་ཡོདཔ་མས་ འ་ནཱེ་སྦེ་ཨ་རྟག་ར་བཟའཝ་མས་ལོ་ ཏེ་ནངས་པ་ཡང་དེ་སྦེ་རང་བཟའ་ གནངས་ཚེ་ཡང་ དེ་སྦེ་ར་བཟའ་ ཨ་རྟག་ར་བཟའ་སྟེ་ ཏེ་ནམ་ཅིག་ཚེ་འབདཝ་ད་ སྒོམ་ཆེན་ཅིག་ཡོདཔ་ཨིན་མས་ལགས།
  • སེམས་དཔའ་
    འ་ནཱི་མི་འདི་གིས་ སྡིག་པ་གནམ་མེད་ས་མེད་ར་བསགས་མས་ འ་ནཱི་མི་གིས་ མ་འབད་རུང་བཏུབ་པས་ཟེར་ ཏེ་ཁ་གིས་སླབ་ད་ མ་ཉནམ་མས།
  • སེམས་དཔའ་
    འུམ་ད་ ང་གིས་གནས་སྐབས་ཅིག་བཏོན་དགོ་པས་ཟེར་ ཏེ་སྒོམ་ཆེན་གྱིས་ གནས་སྐབས་བཏོན་ཏེ་ ཁོ་གིས་མ་ཤེསཔ་སྦེ་ ཕར་སྤང་ཐང་ལུ་སོང་སྟེ་ ཀ་ཤ་འོང་སའི་ལམ་ཁར་ ཏེ་སྒོམ་ཆེན་གྱིས་ དོང་བཀོ་མེན་ན་ལགས།
  • སེམས་དཔའ་
    དོང་རིངམ་སྦེ་བཀོ་བཞག་ནུག་ བཀོ་བཞག་ཞིནམ་ལས་ ཡར་ཐོན་མ་ཚུགས་སྦེ་ དོང་བཀོ་བཞག་ནུག་ཁོ་གིས་ དོང་བཀོ་ཞིནམ་ལས་སྟེ་ ཏེ་གིས་ ནངས་པ་འེ་ཀ་ཤ་ འོང་ནི་གི་ཆུ་ཚོད་ཁར་ ཁོ་གིས་རས་གཟན་དམརཔོ་བཀབ་སྟེ་ ཀ་ཤ་ཅོག་ར་ཐདཔ་སྦེ་སྡོད་སྡོདཔ་མས།
  • སེམས་དཔའ་
    ཀ་ཤ་འདུག་ཟེར་ འ་ནཱེ་ལས་ ནངས་པར་ཁོ་འོང་དེས་ཟེར་མས་ ཕར་ལས་ཀ་ཤ་བཟུང་ནི་ཟེར་ ཁོ་གི་སྨད་གཡོགས་ ག་ཅི་སླབ་ནི་ རས་གཟན་དམརཔོ་བཀག་སྟེ་ ཀ་ཤ་ཅོག་ཐདཔ་སྦེ་སྡོདཔ་ད་ལུ་ ཁོ་འོང་དེས་ལོ་དེས་ཟེར་མས་ འོངམ་སྦེ་སྦོག་ལོག་ཁར་ལྷོདཔ་ད་ དོང་ནང་འཛུལ་སོང་ཡི་ཟེར་མས་ཁོ་ཏེ།
  • སེམས་དཔའ་
    འུམ་ ཏེ་ད་དོང་ནང་ལུ་འཛུལ་སོང་སྨ་རེ་ཟེར་ སྒོམ་ཆེན་ལོག་འོང་ཡི་ཟེར་མས་ལགས་ ལོག་འོང་ནུག་ འ་ནཱི་ལོག་འོངམ་ད་ཏེ་ འ་ནཱེ་སྦེ་ འ་ནཱི་མི་འདི་ ཀ་ཤ་བསད་བསད་པའི་ཉེས་དམིགས་ཀྱིས་ མར་དོང་ནང་ལས་ ཡར་ཐོན་ནི་མེད་ཟེར་མས་ཁོ་འདི།
  • སེམས་དཔའ་
    ག་གིས་ཡང་མ་བལྟ་བར་ འ་ནཱེ་སྦེ་དཔེ་འབད་བ་ཅིན་ འ་ནཱི་ཟླཝ་ གསུམ་པ་བཞིཔ་དེ་ཅིག་ཁར་འདྲས་ལགས་ འ་ནཱི་འདི་ ག་སྨོ་ཟེར་བ་ཅིན་ འབྲུག་དང་དང་དུང་དུང་ཟེར་ འབྲུག་དངས་དངས་ ལབ་ལབ་ལེབ་ལེབ་འབདཝ་ད་ལུ་ འབྲུག་དངས་དངས་དུང་ འབྲུག་པའུ་པའུ་པའུ་པའུ་འབདཝ་ད་ལུ།
  • སེམས་དཔའ་
    ཁོ་གི་སྦོག་ལོག་ལས་ རྡོ་རེ་རེ་ཐོན་འགྱོ་དེས་ཟེར་མས་ གནམ་མཁའ་ལྟ་སྟེ་ ཡ་ ག་ཅི་ཨིན་ན་ཟེར་ ད་རུང་ར་ ཨ་ཙི་ཅིག་ལས་ གློག་ཀེབ་ ལབ་ལབ་ལེབ་ལེབ་ འབྲུག་དངས་དངས་དུང་དུང་འབདཝ་ད་ རྡོ་རེ་རེ་ཐོན་འགྱོ་དེས་ཟེར་ཨིན་མས།
  • སེམས་དཔའ་
    ཡ་ འ་ནཱི་རྡོ་དང་གཅིག་ཁར་ ང་ ང་ཡང་འགྱོ་དགོཔ་འདྲས་ཟེར་ ཨ་ ཁོ་གིས་མར་དོང་ནང་ལས་ རྡོ་གཏོན་བཞག་སྦེ་ རྡོ་གཏོན་བཞག་སྦེ་ ཧེམ་ཅུང་ནང་ན་བཙུགས་བཞག་སྦེ་ སྡོད་ཡི་ཟེར་ཨིན་མས་ཁོ་གིས་ སྨོན་ལབ་བཏབ་སྦེ་ ང་ཡང་ཡར་ཞིང་ལུ་ལྷོད་བཅུག་ཟེར།
  • སེམས་དཔའ་
    ཏེ་ཨ་ཙི་ཅིག་ལས་ གློག་ཀེབ་ལབ་ལབ་ལེབ་ལེབ་ དང་དང་དུང་དུང་འབདཝ་ད་ ཁོ་རྡོ་དང་གཅིག་ཁར་ ཡར་སོང་ཡི་ཟེར་མས་ཡར་ང་ང་བཅས་རའི་མི་ཡུལ་ལུ་མེན་པར་ ཡར་ལྷ་ཡུལ་ལུ་ལྷོད་ཅི་ཟེར།
  • སེམས་དཔའ་
    ལྷ་གཡུས་ལུ་ལྷོད་ ལྷ་གཡུས་ལུ་ལྷོདཔ་དེ་ ཡར་ལྷ་གཡུས་མི་ཚུ་གིས་ སྤ་དཀརཔོ་ ཕོ་རྒྱ་གསར་རིངམོ ཨམ་སྲུ་འཇའ་རིངམོ་ ག་ཅི་བཟུམ་ཡང་འདུག་ཟེར་མས་ ཏེ་ལྷ་ཚུ་གིས་འདི་ ཁོ་འདི་མ་མཐོང་གསེས་མས་ ཁོ་གིས་འདི་ ཁོང་མཐོང་དོ་ཡོདཔ་མས་ ཡར་གྱི་འདི་ཚུ་གིས་ ཁོ་མ་མཐོང་མས།
  • སེམས་དཔའ་
    ཡ་ ག་ཅི་ཟེར་ ཁོང་ཆ་ཁྱབ་ལྟོ་ཟ་དེས་ཟེར་ཨིན་མས་ ཏེ་ཁོ་ལུ་ལྟོ་བླུག་མི་བྱིན་མས་ཟེར་ཨིན་མས་ དེ་ལས་ཏེ་ ཨ་ལོ་ཅིག་གི་རྩ་བར་སྡོད་སྦེ་ ཏེ་ཨ་ལོ་ལུ་ལྟོ་བྱིནམ་ད་ འ་ནཱི་ཨ་ལོའི་ལྟོ་དབོག་བཟའ་ནུག་ཁོ་གིས་ བཟའཝ་ད་ཨ་ལོ་ཕོཝ་མ་འགྲངམ་མས།
  • སེམས་དཔའ་
    ག་ཅི་འབདཝ་སྨོ་ དེ་ལས་ཏེ་ གཡུས་ཁའི་མི་ཆ་མཉམ་ ལ་ལུ་ཨ་བ་བཤའ་ ལ་ལུ་གྱང་ཤུགས་རྐྱབ་ ཚ་རིསམོ་ཕོག་སྟེ་ འ་ནཱེ་སྦེ་ག་ར་ན་ཡི་ལོ་མེན་ན་ ན་སྟེ་ ཏེ་ལྟོ་བཟའཝ་ད་ཁོ་མ་བྱིནམ་ལས་ དབོགཅི་དབོག་བཟའ་ཁོ་གིས་ དབོག་བཟའ་བཞག་སྟེ་ ཏེ་ནདཔ་འདི་ཏེ་ ཕོཝ་མ་འགྲམ་པར་ ལྟོའི་བཅུག་མེད་པར་ ཞིམ་ཏོག་ཏོ་མེད་སྦེ་ ག་ར་ན་ནཝ་མས།
  • སེམས་དཔའ་
    འ་ནཱེ་སྦེ་ན་སྟེ་ ཁོང་གས་རྩིསཔ་ འཕགས་པ་བྱམས་དཔལ་དབྱངས་སྦོམ་ཅིག་ཡོདཔ་འདྲས་མེན་ན་ ཡར་ཁོང་ལྷའི་གཡུས་ཁར་ དེ་ལས་ཏེ་ གཡུས་ཁའི་མི་ཚུ་སོང་སྟེ་ དབའི་ ང་བཅས་རའི་ གཡུས་ཁར་ད་རེས་ནངས་པ་ ང་བཅས་ལྷའི་གཡུས་ཁར་ ད་ལྟོ་ཚུན་ཚོན་ ནཝ་ཚཝ་དང་ ནད་མུ་གེ་ཚུ་མེད་པ་སྡོད་ཅི།
  • སེམས་དཔའ་
    ད་རེས་ནངས་པ་ ག་ཅི་འབད་དཔ་ཨིན་ན་འབད་ཡི་ས་ མོ་ཅིག་གཟིགས་གནང་ཟེར་ ཞུཝ་ད་ལུ་ཏེ་ རྩིས་པ་གིས་བཏུབ་ཟེར་ རྩིས་བལྟ་བལྟཝ་མས་ རྩིས་བལྟཝ་ད་ལུ་ཏེ་ ཡ་ ང་བཅས་རའི་ གཡུས་ཁར་གཞན་ག་ནཱི་ཡང་མེན་ མར་མི་ཡུལ་ལས་ མི་ཅིག་ནཱ་ལྷོད་ནུག
  • སེམས་དཔའ་
    ཁོ་གིས་ ང་བཅས་མཐོང་ནུག་ ང་བཅས་ཀྱིས་ཁོ་མ་མཐོང་མས་ འ་ནཱི་མི་ལོག་བསྐྱལ་དགོ་ ལོག་བསྐྱལ་བ་ཅིན་ སངས་ཚུགས་ཟེར་ རྩིས་པ་གིས་གསུངས་གསུངས་མས་ལགས།
  • སེམས་དཔའ་
    ཏེ་དེ་ལས་ཏེ་ ག་ཅི་འབདཝ་དྲག་ག་ཟེརཝ་ད་ ཏེ་བཏུབ་འ་ནཱི་ཕྱེ་བསྣད་ཤིག་ ཕྱེ་བསྣད་བཞག་ཞིནམ་ལས་ འ་ནཱ་ ཕྱེ་གི་རྟ་བཟོ་ རྟ་བཟོ་སྟེ་ རྟ་གུ་མི་ཞོན་ཞོནམ་ཅོག་ར་འཐདཔ་ཅིག་བཟོ་ཤིག་ ཏེ་ཁོ་ལུ་དཀར་ཤ་དམར་ཤ་སྒྲིག་ཤིག་ ཏེ་ཨ་རག་སྦང་ཆང་སྒྲིག་སྟེ་ དཀར་ཆང་དམར་ཆང་སྒྲིག་ཤིག་ཟེར་
    ཁོང་བློ་སླབ་སར་ རྣམ་ཅོ་གོ་ནུག་མེན་ན།
  • སེམས་དཔའ་
    ཏེ་ཁོ་ལོག་བསྐྱལ་ནི་འབདཝ་མས་མས་གསེས་མས་ ཕྱེའི་རྟ་བཟོ་སྟེ་ འགི་གུ་སྡོད་བཟོ་ དར་ཤིང་ཅིག་ཡང་བཀལ་ཏེ་ ཕྱེ་མེ་བཏེག་སྟེ་ དཀར་ཆང་དམར་ཆང་བསྒྲིགས་ཏེ་ ཨ་རག་ཆང་་སྦང་ཆང་བསྒྲིགས་ཏེ་ ཏེ་བསྐྱལཝ་མས་ཟེར་ཨིན་མས་ཁ་བཟང་འབད་དེ་ ཡ་ཟེར་ ང་བཅས་ནཱ་ ལྷ་གཡུས་ལུ་ མི་གཡུས་ཀྱི་མི་ཅིག་ལྷོད་ནུག་ཟེར།
  • སེམས་དཔའ་
    མོ་དང་རྩིས་ལས་ཐོན་མས་མས་ ང་བཅས་ཀྱིས་འདི་མི་མཐོང་བས་ མི་ཤེས་པས་ ཁྱེད་ཀྱིས་མཐོང་མཐོངམ་འོང་ ང་བཅས་ཀྱིས་ མི་ཤེས་པས་ཟེར་ ཁྱོད་ཕོ་བྲང་ནང་ ཁྱོད་རའི་གཡུས་ལུ་ ལོག་བྱོན་སྨ་རེ་ཟེར་ ཏེ་དེ་སྦེ་རྟ་གུ་མི་ཞོན་ཞོནམ་བཟུམ་བཟོ་སྟེ་ རྟ་ལས་རྟ་ལས་བྱོན་སྨ་རེ་ སྐུ་འབག་ཤོར་འོང་མས་ རྟ་ལས་རྟ་ལས་ རྟ་ལས་ཟེར་ཕྱོགས་ལུ་བཀལཝ་མས་ཟེར་མས་ལགས།
  • སེམས་དཔའ་
    རྟ་ལས་རྟ་ལས་ བྱོན་སྨ་རེ་ཟེར་བཀལཝ་ད་ ཁོ་ཀྲིག་ཀྲིག་སྦེ་ ཧེ་མའི་གཡུས་ཁར་ལྷོད་ཅི་ཟེར་མས་ ཟླཝ་གཅིག་ནང་ར་ གཡུས་ཁར་ལྷོད་དེ་ དེ་ལས་ཏེ་ ཡ་ཏེ་ འདི་བཟུམ་སྟེ་ ཁོ་གིས་ད་རུང་ཡང་ གཡུས་ཁ་མི་ཚུ་ལུ་ ཁོ་གིས་སླབ་སླབ་མས།
  • སེམས་དཔའ་
    ཡ་ ང་འདི་དེ་བཟུམ་སྦེ་ ཀ་ཤ་བསད་པའི་སྐོར་ལས་ འ་ནཱི་དོང་ནང་ དེ་སྦེ་སྡོད་ཡི་ དེ་སྦེ་སྡོདཔ་ད་ རྡོ་དང་གཅིག་ཁར་ ཡར་ལྷ་གཡུས་ལུ་ལྷོད་ཅི་ ལྷའི་མི་ཚུ་གིས་ང་མ་མཐོང་ ང་གིས་ ཁོང་ཚུ་མཐོང་ཡི་ ང་ཡར་ལུ་དཀའཝ་སྤྱད་སྤྱདཔ་ཨིན།
  • སེམས་དཔའ་
    ཏེ་ཁོང་གིས་ ཁ་བཟང་འབད་དེ་ རྟ་བཟོ་སྟེ་ ཆིབས་རྟ་འ་ནཱེ་སྦེ་བཟོ་སྟེ་ དཀར་ཆང་དམར་ཆང་བསྒྲིགས་ཏེ་ དར་ཤིང་བཀལ་ཏེ་ མཆོད་མེ་ཕུལ་ ཁ་བཟང་འབད་ གསུང་བཏང་སྟེ་ དེ་སྦེ་སྐྱེལ་ཡི་ང་འདི་ སྐྱེལཝ་ད་ནཱ་ལྷོད་ཅིག་་སྨ་རེ།
  • སེམས་དཔའ་
    ཏེ་ད་རུང་ ང་བཅས་ཚུ་གིས་ གཡུས་ཁར་ཡང་ ང་བཅས་རའི་གཡུས་ཁར་ཡང་ ནཝ་ཚཝ་འབདཝ་ད་ འ་ནཱེ་སྦེ་འབད་གེ་སྨ་རེ་ཟེར་ ཁོ་གིས་ གཞན་ཆོས་གྲོགས་དང་ སློབ་དཔོན་ཚུ་ལུ་ཡང་སླབ་སྟེ་ ཁོ་གིས་ཏེ་ ད་ནཱེ་སྦེ་ ད་ལྟོ་གཡུས་སྒོ་ཚུ་ནང་ རྒྱལཔོ་སྐྱེལ་དགོ་པས་ཟེར་བའི་ དཔེ་འདི་ཁོ་གིས་ བཟོ་བཟོཝ་ཨིན་ཟེར་ ནཱ་ འ་ནཱེ་སྦེ་སླབ་དེས་ལགས། བཀྲིན་ཆེ།