Video Overview
Lobzang Dorji from Radhi Gewog, Trashigang, shares secrets about what girls of Kurtoe share among themselves. What he heard from his friends is that boys would come eavesdrop on Kurtoe girls sleeping together at night, to hear what they talk about. Girls would reportedly see each other’s private parts when they slept together, and in the morning, boys who eavesdropped on the girls' conversation would spread gossip all over the village. It was not exactly a tradition, but this was practiced by people in Kurtoe and reportedly became a habitual occurrence.
བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ ཀུར་སྟོད་ མཛའ་མོ་ཚུའི་བར་ནང་ གསང་བའི་ལོ་རྒྱུས་ཚུ་ ག་ཅི་རང་ཡོདཔ་ཨིན་ན་ དེའི་སྐོར་ལས་ བཤདཔ་ཨིན། ཁོ་གིས་ ཁོ་རའི་མཉམ་རོགས་ཚུ་ལས ་གོ་དོ་བཟུམ་འབད་བ་ཅིན་ བུམོ་ཆ་ཁྱབ་ཅིག་ཁར་ཉལ་བའི་སྐབས་ ཁོང་ར་ནང་དུ་ ཅིག་གིས་ཅིག་ ཁོང་རའི་མོ་མཚན་བལྟཝ་ཨིན་ཟེར་ ཤེསཔ་ལས་ ཕྱིས་རུ་ བུམོ་ཚུའི་གསང་གཏམ་ ཉན་སྡོད་མི་ཕོ་སྐྱེས་ཚུ་གྱིས་ ནང་པ་དྲོག་པ་ལས་ བུམོ་ཚུའི་གསང་གཏམ་ཚུ་ག་ར་ དར་ཁྱབ་བཏང་དོ་ཡོདཔ་ཨིན་མས། དེ་བཟུམ་མའི་བྱ་སྤྱོད་འདི་ ལམ་ལུགས་ཅིག་མེན་འདི་འབད་རུང་ འདི་བཟུམ་མའི་བྱ་སྤྱོད་འདི་ ཀུ་ར་སྟོད་མི་ཚུ་གིས་ལག་ལན་འཐབ་དོ་ཡོདཔ་མས། དེ་འབདཝ་ལས་ ལུག་སྲོལ་བཟུམ་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན།
- Kadam
- Radhi
- Trashigang
- བློ་བཟང་རྡོ་རྗེ་ Lobzang Dorjiལགས་སོ། ཏེ་ད་ གཏམ་དང་དགོད་བྲོ་ཟེར་ ཏེ་དང་ཕུ་ དང་ཕུ་གི་ལས་རིམ་ཟེར་ཡང་མིན་འདུག་ ཏེ་ད་ང་བཅས་ཀྱི་ ཨིན་རུང་ད་ དགོད་བྲོ་དོན་བདེན་ ཕ་མའི་དུས་ཚོད་ལས་འགྱོ་འགྱོཝ་ཨིནམ་འོང་ཏེ་ ད་ཨིན་རུང་གཡུས་སྒོ་རེ་ལུ་ ང་བཅས་ར་བཀྲ་ཤིས་སྒང་རྫོང་གི་གཏམ་ རོགས་གཞན་རྫོང་ཁག་གིས་ཤེས་ཤེསཔ་འོང་ གཞན་རྫོང་ཁག་གི་གཏམ་ ཏེ་ང་བཅས་ཀྱིས་ཤེས་དོ་བཟུམ་འབད་བ་ཅིན་ ད་ཀུར་སྟོད་ལས་ཨིན་ཟེར་ཨིན་མས་ད་ བུམོ་གཉིས་ བློ་སླབ་སྡོད་ནུག་ཟེར་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ད་བུམོ་གཉིས་ག་དེ་སྦེ་བློ་སླབ་སྡོད་ནུག་ཟེར་བ་ཅིན་ ཏེ་ང་བཅས་ར་ན་གཞོན་བུཚ་དང་བུམོ་གི་ལུགས་སྲོལ་འདི་ ཏེ་དང་ཕུ་འདི་བུཚུ་ཚུ་གིས་བྱ་ཉན་སྦེ་ ཏེ་ག་ཅི་འབདཝ་མས་ག་ སྐྱོན་བལྟ་སྟེ་སྡོད་ནི་གི་ལུགས་སྲོལ་ཅིག་ཨིན་མས། ཏེ་བུམོ་བུམོ་ཁོང་རང་ནང་རྡོག་སྡེ་ཚན་སོ་སོ་སྦེ་ ཏེ་ཆ་རོགས་འབད་དེ་ ཆ་རོགས་འཆམ་མཐུནམ་སྦེ་ཉལ་སྦེ་ ཏེ་ནུབ་མོ་ལུ་ ཏེ་དང་ཕུའི་ལུགས་སྲོལ་ བློ་ག་ཅི་སླབ་མས་ག་ བུཚུ་ཚུ་གིས་ རྣམ་ཅོ་ཉན་ཏེ་ཡོདཔ་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiརྣམ་ཅོ་ཉནམ་ད་ལུ་ ཏེ་ག་ཅི་སླབ་མས་ག་ཟེར་བཅིན་ ཏེ་བུཚུ་གཉིས་ཕྱི་ཁ་ལས་ཉནམ་ད་ལུ་ ཏེ་བུམོ་གཉིས་ ཁོང་གཉིས་ཆ་རོགས་འཆམ་མཐུནམ་གི་ནང་འཁོད་བློ་སླབ་དེས་ཟེར་ཨིན་མས། ག་དེ་སྦེ་སླབ་དེས་ཟེར་བ་ཅིན་ ཏེ་གཅིག་གིས་གཅིག་ཁོང་གཉིས་ཀྱི་ ཕར་ཚུར་བལྟ་བལྟཝ་མས། ཁོང་གཉིས་ཀྱི་མར་གྱི་ ཏེ་ཧེ་ཧེ་ མར་གྱི་ ཏེ་ཕར་ཚུར་བལྟ་བའི་སྐབས་ལུ་ དབའི་ཆ་རོགས་ ཁྱོད་ཀྱི་སྟུ་ལྟ་[མོག་མེད་མཱན??] ཟེརཝ་མས་ལོ། ཏེ་གཅིག་གིས་ག་དེ་སྦེ་ལན་རྐྱབ་མས་ཟེར་བ་ཅིན།
- བློ་བཟང་རྡོ་རྗེ་ Lobzang Dorji[མོག་མེད་ན་ཡང་?] ཁྱད་མེད་ མཇེ་ནི་ར་ཏོ་ཁ་ལས་རང་འཛུལ་དེས་ ཟེར་སླབ་དེས་ འ་ནཱ་ལས་འདི་ ཕྱི་ཁ་ལས་བུཚུ་གཉིས་བགའ་སོང་སྦེ་ ཏེ་ཁོང་གཉིས་ཀྱི་གཏམ་ག་ཏེ་གུ་ཏེ་ ག་གིས་ཡང་ཤེས་སོངམ་ད་འདི་ བུཚུ་གཉིས་ཀྱིས་གཞན་གཡུས་ཁར་སླབ་སླབ་ཨིན་མས་ཟེར་ ཏེ་འདི་བཟུམ་ཅིག་འདུག་ལགས་གཏམ་ གཞན་ག་ནི་ཡང་མིན་འདུག་ ཧེ་ཧེ་ཧི་ཧི།། །།