Video Overview
༉ གླུ་གཞས་སངས་བོ་བཤད་པ་འདི་ རྩི་རང་རྫོང་ཁག་འཛམ་གླིང་ཟོར་ལས་ པདྨ་ཤིང་ཏ་མང་གིས་འབད་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ རིམ་གྲོ་འབད་བའི་སྐབས་ལུ་འཐེན་དོ་ཡོདཔ་ཨིན་པས། དེ་ཡང་ ཚེ་ད་ལྟོ་གི་རྐྱེན་བར་ཆད་སེལ་ནི་དང་ ཚེ་ཕྱི་མ་ངན་སོང་ལས་འགྲོལ་ཏེ་ ཐར་པའི་ལམ་ལུ་འགྱོ་ནི་གི་དོན་ལུ་ སངས་བོ་བཤད་པ་འདི་དེ་སྦེ་འཐེན་སྲོལ་ཡོདཔ་སྦེ་བཤདཔ་ཨིན་པས།
- Mendrelgang
- Tsirang
- Pema Singh Tamangཔདྨ་ཤིང་ཏཱ་མཱང།: ཧ་་་་་ཧ་་་་་་་ཧ་་་་་ལགས་སོ། ཏཱ་མཱང་ཤེ་ལོ་ཐཱན་འདི་གི །ས་ཕྱོགས་འཛམ་གླིང་ག་ར་བསྐོར་ར་རྐྱབ་འདི་གི ། ཏཱ་མཱང་ཤེ་ལོ་འདི་ག་ཅིག་ལེགས་མི་ལེགས། ལེགས་ཤོམ་འདི་ཚུ་འབད་འདི་རང་བཞག །
- Pema Singh Tamangཔདྨ་ཤིང་ཏཱ་མཱང་།: ལྷ་ཆོས་སྐྱོང་འདི་ཚུ་ལུ་སྐྱབས་འཚོལ་འདི་གི །རང་གི་ཆོས་སྐྱོང་སྲུང་མ་ལུ་གསོལ་བ་བཏབ་འདི། ། སླབ་གེ་ཟེར་ན་ག་ཅིག་སླབ་ནི། །ས་ཕྱོགས་འཛམ་གླིང་འདི་གཅིག་རང་ཨིན། །
- Pema Singh Tamangཔདྨ་ཤིང་ཏཱ་མཱང།: ཉིམ་གྱི་འོད་འདི་ཉིནམ་གཅིག་རང་ཨིན། །ཉིམ་གི་མི་ཚེ་འདི་ཉི་མ་གཅིག་རང་ཨིན། ། མི་གི་མི་ཚེ་འདི་ཡུད་ཙམ་གཅིག་རང་ཨིན། ལྷ་ལུ་གསོལ་བ་བཏབ་དགོ །
- Pema Singh Tamangཔདྨ་ཤིང་ཏཱ་མཱང།: སྤྱང་ཀ་ལུ་བྱིན་པ་བཏང་། །ལྷ་ལུ་གསོལ་བ་བཏབ་དགོ ། སྟེང་ལྷ་ཡུལ་ལུ་བསམ་འདི་གི །ལྷ་ཡུལ་ལུ་མ་སྐྱེ་ཚུན་ཚུད། །
- Pema Singh Tamangཔདྨ་ཤིང་ཏཱ་མཱང་།: ལྷ་ལུ་གསོལ་བ་བཏབ་དགོ །ཏཱ་མཱང་ཤེ་ལོ་འཐེན་འདི་གིས། ། ཕམ་རྒས་ཤོས་ཀྱི་འབད་ཡོད་ཡི། །ཆོས་འབད་ནི་ལུ་སྤྲོ་བ་བཀལ། །
- Pema Singh Tamangཔདྨ་ཤིང་ཏཱ་མཱང་།: ལྷ་ཡུལ་དང་མཐོ་རི་སྐྱེ་ནི་འདི། རང་གི་བྲིས་འདི་བཞག་བཞགཔ་མེད། ཨེ་་་་་ལ་སོགས། ཏཱ་མཱང་ཤེ་ལོ་འཐེན་འདི་གིས། །རྟེན་འབྲེལ་གཟའ་སྐར་ས་ཕྱོགས་མཐུན་པའི་གང། །
- Pema Singh Tamangཔད་མ་ཤིང་ཏཱ་མཱང།: རྟེན་འབྲེལ་གཟའ་སྐར་ས་ཕྱོགས་མཐུན་པའི་གང། ལེགས་ཤོམ་འདི་ཚུ་འབད་འདི་རང་བཞག ། ལྷ་ལུ་གསོལ་བ་བཏབ་དགོ །མཐོ་རིས་ལུ་སྐྱེ་བཅུག་ཅིག །ལ་སོགས་་་་་་་་་།