Video Overview
This song is performed in New Year's celebrations, religious festivals, birthdays, summer parties, and during the harvest.
- Tsang
- ༄༎གསུང་གནས་ལགས།
- སཱའོ་གནས་ལགས་སོ༎
- སཱའོ་གནས་ལགས་སོ༎
- ནོར་བཟང་བྱང་ལ་བྱོན་ནས༎
- ཡིད་འཕྲོག་འཁྲིད་རོགས་གནང་དང་༎
- ཡིད་འཕྲོག་མི་འཁྲིད་གསུངས་ན༎
- སེམས་རྟེན་ཞོགས་རོགས་གནང་དང་༎
- སོའོ་གནས་ལགས་སོ།
- སཱའོ་གནས་ལགས་སོ།
- མཛེས་པའི་ཡིད་འཕྲོག་ལྷ་མོ༎
- འཁྲིད་སོང་གསུངས་རོགས་གནང་དང་༎
- མ་མཛེས་ཉིས་སྟོང་ལྔ་བརྒྱ༎
- བཞག་སོང་གསུངས་རོགས་གནང་དང་༎
- སོའོ་གནས་ལགས་སོ༎
- སཱའོ་གནས་ལགས་སོ༎
- ཆུ་དེ་འོལ་པའི་ཟུར་ལ༎
- དང་དོད་ལག་ཆུང་བཀྲུས་པས༎
- གསེར་མཛུབ་གཡུ་དམར་བརྒྱབ་པ༎
- འོལ་པའི་ཟུར་དུ་ལུས་སོང་༎
- སཱའོ་གནས་ལགས་སོ༎
- སཱའོ་གནས་ལགས་སོ༎
- བསོད་བདེ་ཅན་ལ་མ་རྙེད། །
- ལས་འགྲོ་ཅན་ལ་རྙེད་སོང་༎
- སྐལ་ལྡན་ལས་འགྲོ་ཅན་གྱི༎
- ཕྱག་མཛུབ་གཡས་ལ་བརྒྱུས་སོང་༎
- གནས་གསར་ཟམ་པའི་སྟེང་ལ༎
- ཟེམ་ཟེམ་ཅེ་ཅེ་ཆོས་སྒྲོན༎
- ཟམ་པ་རྡིབ་ས་མི་འདུག།
- གོམ་པ་ལན་གསུམ་རྒྱབ་ཤོག
- བཀྲ་ཤིས་ཤོག། ༎