Video Overview
ཐིམ་ཕུག་རྫོང་ཁག་ དར་དཀར་ལ་རྒེད་འོག་ ལྕམ་སྒང་གཡུས་ཚན་ལས་ ཐང་ཀ་དཔལ་འབྱོར་གྱིས་ གླུ་གཞས་དར་དཀར་ལ་མི་ལ་གཞོལ་འདི་འཐེནམ་ཨིན་མས། གླུ་གཞས་འདི་ནང་ རྫོང་དཔོན་ཨའུ་ཅུ་ཉིམ་དང་ དཔལ་འཛོམས་བུམོ་གཉིས་ཀྱི་སྐོར་ལས་ཨིནམ་ད་ ཚིག་རྐང་རེ་རེའི་ནང་ དཔལ་འཛོམས་བུམོ་ལུ་བསྟོད་པརྐྱབ་མས། དར་དཀར་ལ་མི་ལ་གཞོན། །དཔལ་འཛོམས་བུ་མོའི་ཕ་ཡུལ། །དར་དཀར་གསེར་མཚོ་ཡུམ། །་དཔལ་འཛོམས་བུ་མོའི་གསོལ་ཆུ། །ཟེར་དཔལ་འཛོམས་བུམོ་ལུ་བསྟོད་པ་རྐྱབ་མས།
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །བདག་ལ་ཨོཾ་ས་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུྃ། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །ས་ཆུ་བྱི་བ་བཅད་བཅད་བ། །བྱི་བའི་ལུས་ལས་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །འགྱམ་རྡོ་གླང་འདེ་ཉལ་ཉལ་བ། །གླང་གི་ལུས་ལས་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །བསྟི་ཤིང་རྡོ་གིས་འཆམ་འཆམ་བ། །རྡོ་གི་ལུས་ལས་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །སྒོ་མོ་སྟག་འདེ་ལྷོང་ལྷོང་བ། །སྟག་གི་ལུས་ལ་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །རབ་གསལ་ཡོས་ཀྱི་ལྷོང་ལྷོང་བ། ཡོས་ཀྱི་ལུས་ལ་འགྱུར།།
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །ཨེ་ཁུག་འབྲུག་གི་སྒྲིག་སྒྲིག་བ། །འབྲུག་གི་ལུས་ལ་འགྱུར།
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །ལག་གདང་སྦྲུལ་གྱི་སྒྲིག་སྒྲིག་བ། །སྦྲུལ་གྱི་ལུས་ལ་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །ཨེའེ་ལ་་་ ཨེ་ཧེང་མེན་མས་་་་ཨེ་ཧེང་་་ སྒོ་ཅུང་ལུག་གི་སྒྲིག་སྒྲིག་བ། །སྦྲུལ་གྱི་་་་ ལུག་གི་ལུས་ལ་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །སྟེང་སྒོ་རྟ་འདེ་བཏགས་བཏགས་བ། །རྟ་གི་ལུས་ལ་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །ང་ཕུག་སྤྲེལ་བ་བཀལ་བཀལ་བ། །སྤྲེལ་གྱི་ལུས་ལ་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །ཐོག་ཆགས་བྱ་འདེ་ལྡིང་ལྡིང་བ། །བྱ་གི་ལུས་ལ་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །ལྕགས་རྡོ་ཁྱི་འདེ་ཉལ་ཉལ་བ། །ཁྱི་གི་ལུས་ལ་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །དར་ཅུང་ལྷ་འདེ་འཕྱར་འཕྱར་བ། །ལྷ་ཡི་ལུས་ལ་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorབསམ་མོ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་འགྱུར་ཞེས་པའི། །གྱེན་ཐེག་ཕག་གི་སྒྲིག་སྒྲིག་བ། །ཕག་གི་ལུས་ལ་འགྱུར། །
- ཐང་དཀར་དཔལ་འབྱོར Thangka Peljorའ་ནཱེམ་ཅིག་ར་ཨིན་མས་ལགས།། །།