Skip to main content Skip to search
20 Jan 2016
2 min 45 sec
Video Overview
Creators: 
Sherig Dhentshog

A local lay monk of Mendrelgang village in Pemagatshel district narrates an entertaining short story about two friends. One of them tells the other that, as many other people enjoy eating pork, they should also give it a try. As they do not have a pig to kill, one of the friends suggests the idea to sneak into a pigsty of a rich household at night. He also suggested his friend pass stool so that the pigs would come to eat. As the friend stood bent over passing stool, when a pig came to eat, the other friend hit him hard with a stick on the buttocks, making him cry out in pain. While his friend asked to keep quiet so that the household wouldn't wake up, the friend kept crying out in pain. The two had to return empty handed. Such kind of stories are narrated with exaggerated facial expressions and actions to create a humorous scene.

 

༉  པདྨ་དགའ་ཚལ་རྫོང་ཁག་ གཡང་མ་ཤིང་སྤྱི་འོག་ལས་ གཡུས་ཁའི་ཕོ་སྐྱེས་རྒས་ཤོས་ཅིག་ཨིན་མི་ཤཱཀྱ་རྡོ་རྗེ་གིས་འཐེན་མི་ ས་འདི་ནང་གནས་པའི་སྤྲང་ཅུང་ང་ཟེར་མི་རིག་གསར་གྱི་གླུ་གཞས་འདི་གིས་ རྒྱུ་དང་འབྲས་བུའི་རང་བཞིན་དང་ མི་རྟག་པའི་སྐོར་ལས་སྟོནམ་ཨིན་པས། གླུ་གཞས་ཀྱི་ཚིག་འདི་གིས་ ཚེ་སྔོན་མ་བསོད་ནམས་མེད་པའི་ལས་དབང་གིས་ ག་ཏེ་འགྱོ་རུང་འཆི་བདག་བདུད་ཀྱིས་བཏང་མི་བཏུབ་པས་ཟེར་ཨིན་མས། དཔྱེ་འབད་བ་ཅིན་ གླུ་གཞས་འདི་གིས་ ཤར་ལས་ཤར་བའི་ཁྲི་གདུགས་ཉིམ་འདི་ ནུབ་ཀྱི་ཕྱོགས་ལུ་འཛུལ་རནམ་མ་ཚད་ ག་ནི་བ་མཛེས་སྡུག་ཅན་གྱི་མེ་ཏོག་ཚུ་ཡང་ དུས་རིམ་གྱིས་སྦེ་ས་ཁར་བུད་འགྱོཝ་མས་ཟེར་ འཇིག་རྟེན་ནང་མེདན་མ་ཤེས་ ཡོད་རེ་ཡོད་ཚད་ཆ་མཉམ་ མི་རྟག་པའི་རང་བཞིན་ཨིན་པས་ཟེར་ འཁྲུལ་སྣང་ལངས་ཏེ་འཐེན་འཐེནམ་གི་འཁྲུལ་གླུ་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    ལགས་སོ་ ད་ལྟོ་ང་རའི་ ངོ་སྤྲོད་ཅིག་ཞུ་བ་ཅིན་ ང་ རྒེད་འོག་ནཱ་བདེ་ཆེན་གླིང་ འ་ནཱི་ སྤྱི་འོག་འདི་ གཡང་མ་ལ་ཤིང་ཨིན་ཟེར་ ཞུ་ནི་ལགས།
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    དེ་ལས་ ད་ལྟོ་ གླུ་གཞས་ཅིག་ ཤེས་ནི་འདི་མི་ཤེས། ཨིན་རུང་ ཨ་ཙི་ཅིག་ ག་ཅི་སྦེ་ཟེར་བ་ཅིན་ ང་བཅས་ལུ་ གོ་སྐབས་ཐོབ་པའི་སྐབས་ལུ་ ཨ་ཙི་ཅིག་ཕུལ་ནི་ཟེར་ ཞུ་ནི་ཨིན་ལགས།
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    ཨིན་རུང་ ད་ འཛོལ་ཏེ་ཡོད་པ་ཅིན་ ཐབས་ཤེས་རང་ལུ་ཡོད་ཟེར་ ཞུ་ནི་ཨིན་ལགས། ཨིན་ཏེ་ར་འབད་རུང་ ཨ་ཙི་ཅིག་ འ་ནཱི་ཅིག་ཕུལ་ནི་ཟེར་མནོ་དོ།
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    སྭོ་ ས་འདི་ནང་གནས་པའི་ཡ་སྤྲང་ཅུང་ང་། །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    སྔོན་གྱི་བསོད་ནམས་མེད་པའི་ཡ་ལས་དབང་གིས། །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    ཨའེ་སྔོན་བསོད་ནམས་མེད་པའི་ཡ་ལས་དབང་གིས། །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    སྭོ་ད་ཇི་ལྟར་གང་དུ་ཡ་འགྲོ་ན་ཡང་། །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    རྐྱེན་འཆི་བདག་བདུད་ཀྱི་ཡ་བར་ཆད་འདི། །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    ཨའེ་རྐྱེན་འཆི་བདུད་ཀྱི་ཡ་བར་ཆད་འདི། །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    སཱོ་ང་ཤར་ནས་ཤར་བའི་ཡ་ཉི་མ་ཡང་། །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    ད་ནུབ་རི་ལ་མོ་ཡ་བརྒལ་འདི་རི། །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    ད་ནུབ་རི་ལ་མོ་ཡ་བརྒལ་འདི་རི། །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    སཱོ་་ཚེ་བཀྲ་དང་ལྡན་པའི་ཡ་མེ་ཏོག་ཀྱང་། །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    དུས་རིམ་གྱི་ས་ལ་ཡ་ལོག་ནི་་འདུག །
  • ཤཱཀྱ་རྡོ་རྗེ་/ Shacha Dorji:
    དུས་རིམ་གྱི་ས་ལ་ཡ་ལོག་ནི་འདུག །ལགས་སོ།