Video Overview
Tashi Lhamo from Chungkha village in Chukha district, sings a Boedra song. This song is sung when someone is lonely or has ventured into the wilderness. It invokes deities and spirits and asks them for protection from sickness while also banishing sadness from the mind of the singer.
- Chungkha
- བཀྲ་ཤིས་ལྷ་མོTashi Lhamo: སོ་ས་འདི་དཀར་མ་གླིང་ལུ་སོང།། མཐོང་རྒྱུ་ནམ་ལས་མིན་འདུག། ས་འདི་དཀར་མ་གླིང་ལུ་སོང།། མཐོང་རྒྱུ་ནམ་ལས་མིན་འདུག།
- བཀྲ་ཤིས་ལྷ་མོTashi Lhamo: སོ་ལ་མོ་རེ་རེ་བརྒལ་ས་སོང་།། ལ་དར་རེ་རེ་འཕྱར་སོང་།། ལ་མོ་རེ་རེ་བརྒལ་ས་སོང་།། ལ་དར་རེ་རེ་འཕྱར་སོང་།།
- བཀྲ་ཤིས་ལྷ་མོTashi Lhamo: སོ་ཨ་མ་ལབ་རྩ་རྒྱལ་མོ་སོང་།། ལ་དར་བཞེས་པར་འབྱོན་ཤོག་སོང་།། ཨ་མ་ལབ་རྩ་རྒྱལ་མོ་སོང་།། ལ་དར་བཞེས་པར་འབྱོན་ཤོག་སོང་།།
- བཀྲ་ཤིས་ལྷ་མོTashi Lhamo: སོ་ཆུ་མོ་རེ་རེ་བརྒལ་ས་སོང་།། ཆུ་དར་རེ་རེ་འཕྱར་སོང་སོ།། ཆུ་མོ་རེ་རེ་བརྒལ་ས་སོང་།། ཆུ་དར་རེ་རེ་འཕྱར་སོང་སོ།།
- བཀྲ་ཤིས་ལྷ་མོTashi Lhamo: སོ་ཨ་མ་མཚོ་མོ་རྒྱལ་མོ་སོང་།། ཆུ་དར་བཞེས་པར་འབྱོན་ཤོག་སོང་།། ཨ་མ་མཚོ་མོ་རྒྱལ་མོ་སོང་།། ཆུ་དར་བཞེས་པར་འབྱོན་ཤོག་སོང་།།
- བཀྲ་ཤིས་ལྷ་མོTashi Lhamo: སོ་ཤར་ལས་ཤར་བའི་སྐར་མ་སོང་།། སྤུན་ཆ་ཡིན་རུང་དགའ་བས་སོང་།། ནམ་ལས་ཤར་བའི་སྐར་མ་སོང་།། སྤུན་ཆ་ཡིན་རུང་དགའ་བས་སོང་།།
- བཀྲ་ཤིས་ལྷ་མོTashi Lhamo: སོ་ཤར་ལས་ཤར་བའི་ཁྲི་གདུག་སོང་།། ཡབ་ཡུམ་ཡིན་རུང་དགའ་བས་སོང་།། ཤར་ལས་ཤར་བའི་ཁྲི་གདུག་སོང་།། ཡབ་ཡུམ་ཡིན་རུང་དགའ་བས་སོང་།།
- བཀྲ་ཤིས་ལྷ་མོTashi Lhamo: སོ་ས་འདི་ཀ་ལི་ཕུག་ལུ་སོང་།། སྲས་ལ་གཞོན་པ་ཨ་རུ་སོང་།། ས་འདི་ཀ་ལི་ཕུག་ལུ་སོང་།། སྲས་ལ་གཞོན་པ་ཨ་རུ་སོང་།།