Skip to main content Skip to search
29 Dec 2015
4 min 54 sec
Video Overview
Creators: 
Tibetan & Himalayan Library, Dudul Dorjee

This is a video of Shabo Tso from Khengya Village in Chentsa singing "The Saddle on the Back of a Horse." This song is part of a collection of folk songs from the Rebgong cultural area.

འདི་ནི་མཛེས་དཔྱོད་ཀྱི་ལྟ་བ་སྟོན་པའི་ཨ་མདོའི་ཡུལ་གྱི་དམངས་གླུ་ཞིག་ཡིན།

གླུ་འདིའི་ནང་དུ་རྟ་འདོ་བའི་རྒྱབ་ཀྱི་རྟ་སྒ་ནི་རི་མོ་དང་མཚུངས་པ་དང་། སྟག་ཤར་སྐེད་ཀྱི་གྲི་ཆུང་དེ་བུ་ཆུང་གི་རྒྱན་ཡིན་ལ། མ་བུ་མོའི་རྒྱབ་ཀྱི་གཡུ་བྱུར་ནི་སྨན་ཤར་གྱི་རྒྱན་ཡིན་པར་བཤད་ཡོད་པས། གླུ་འདིས་ཨ་མདོའི་ས་ཁུལ་གྱི་བོད་མིའི་མཛེས་དཔྱོད་ལྟ་བ་ཡང་མཚོན་ཡོད།

Transcript search
No results found for this search
0 of 0
  • ༼ ཡེ་་་་་་ཡང་ཡ་རེ་ལེན་དགོ ཨོ་ཡེ་་་་ཞང་ཡ་རེ་ཟེར་ར་ཡེ། ཨོ་ཡེ་་་་་་་གླུ་ཞིག་ལེན་དགོ ༽
  • ༼ ཨོ་ཡེ་་་ ༽རྟ་འདོ་བའི་རྒྱབ་ན་༼ ཨོ་ཡེ་་་ ༽རི་མོ་མེད། །
  • ༼ ཨོ་ཡེ་་་ ༽སྒ་བེ་སང་བསྟད་ན་༼ ཨོ་ཡེ་་་ ༽རི་མོ་རེད། །
  • ༼ ཨོ་ཡེ་་་ ༽སྟག་ཤ་རའི་སྐེད་ན་༼ ཨོ་ཡེ་་་ ༽རི་མོ་མེད། །
  • ༼ ཨོ་ཡེ་་་ ༽སྐེད་གྲི་ཆུང་བཏགས་ན་༼ ཨོ་ཡེ་་་ ༽རི་མོ་རེད། །
  • ༼ ཡེ་་་་་་ཡང་ཡ་རེ་ལེན་དགོ ཨོ་ཡེ་་་་ཞང་ཡ་རེ་ཟེར་ར་ཡེ། ཨོ་ཡེ་་་་་་་གླུ་ཞིག་ལེན་དགོ ༽
  • ༼ ཨོ་ཡེ་་་ ༽མ་བུ་མོའི་རྒྱབ་ན་༼ ཨོ་ཡེ་་་ ༽རི་མོ་རེད། །
  • ༼ ཨོ་ཡེ་་་ ༽གཡུ་བྱུ་རུས་བཏགས་ན་༼ ཨོ་ཡེ་་་ ༽རི་མོ་རེད། །
  • ༼ ཨོ་ཡེ་་་ ༽གླུ་ཤེས་ནི་མིན་ཡང་༼ ཨོ་ཡེ་་་ ༽དགའ་ནི་ཡིན། །