Video Overview
A love song describing the difficulties that young people could expect to encounter as they become a traditional head of household in an arranged marriage.
- ཁོ་མཐོན་པོའི་སྒང་ལ་བུད་ནས།།
- ཁོ་དམའ་མོའི་ཤོད་ལ་བལྟས་དུས།།
- རི་སྨུག་ཆེན་ཐང་ལ་ལྷུང་ནོ།།
- གོང་སྣ་ཤུལ་སྨན་པ་སང་རེད།།
- ཁྱིམ་ཆེན་པོ་དམའ་མོའི་ཁྱིམ་ན།།
- ཁོའི་ཨ་རོགས་ཤར་གྱི་སྐར་རྒྱན།།
- དྲིན་ཕ་མས་གཡང་འབོད་འདོན་གི།
- ནས་འབྲུ་དྲུག་བཀྲ་ཤིས་གཏོར་གི།
- དུ་ཅི་རེད་གང་རེད་ཟེར་དུས།།
- ཁོའི་རོགས་ལོ་གནས་ལ་འགྲོ་ཟེར།།
- ཁྱོའི་རྟགས་རྫོངས་རྟ་ཕོའི་རིན་རེད།།
- ཁྱོའི་སྐུ་གདུང་མཛོ་བོའི་རིན་རེད།།
- ཕྲུག་ར་ཁྲའི་ར་གདན་སྟེང་ན།།
- གཡུ་བྱུ་རུ་དབྱར་ཁའི་མེ་ཏོག།
- དེ་འདྲ་བའི་གཡུ་བྱུར་སུར་མེད།།
- ཁྱོའི་ངོ་སྟོད་དམར་ལུང་མཚལ་རེད།།
- མཚལ་འཁྲུང་ས་དབུས་གཙང་སྟོད་རེད།།
- ལུས་ཡར་སྐྱེས་སྨྱུག་གི་དྲང་རེད།།
- སྨྱུག་འཁྲུང་ས་ཚ་བ་རོང་རེད།།
- སོ་སེན་མོ་དཀར་ནོ་དུང་རེད།།
- དུང་འཁྲུང་ས་བལ་བོའི་ཡུལ་རེད།།
- ཁོས་རིག་གི་མིག་གིས་གཅིག་བསྐྱལ།།
- ཁོས་མ་རིག་སེམས་ཀྱི་གཉིས་བསྐྱལ།།
- ཁོར་བསྐྱལ་རྒྱུའི་དབང་ཐང་མེད་ཀི།
- ཁོའི་སྲིང་ཆུང་སྲེག་ཁྱུ་གཤར་གཤར།།
- ཁྱོའི་མིང་ཆུང་སྟག་ཁྱུ་གཤར་གཤར།།
- ཁྱོའི་འཛིན་གི་ལྷོ་རྟ་སྔོ་ནག།
- ཁྱོའི་སྲབ་མདའ་མུ་ཏིག་སུམ་བརྒྱན།།
- ཕྱི་རོལ་གྱི་བུ་ལོ་རྣམས་ཀྱིས།།
- ཁ་བདེ་མོའི་འཚམས་པོ་གྱིས་ཟེར།།
- རྐང་མགྱོག་པོས་ལམ་པ་བྱེད་ཀི།
- རྫ་ཁྲ་ཁྲའི་ཁྲ་ཟོར་ཅན་པོ།།
- ག་བྲག་དཀར་ཁྲ་མོའི་རྫ་རེད།།
- ཁྱོའི་རྟ་ཁ་བྲེལ་མོས་འཐེན་ན།།
- ཁྱོའི་ཞྭ་མགོ་དལ་གྱིས་ཕུད་ད།།
- རྒྱུ་དོ་ནོམ་ཟེར་ནས་གཅིག་བོས།།
- རྒྱུད་བུ་ཕྲུག་ཟེར་ནས་གཉིས་བོས།།
- ཁྱོའི་རེ་བ་ཡོད་ནས་སྨོན་ལམ།།
- བུ་མདའ་འཛིན་གསུམ་གྱི་གསོལ་རིས་གནང་།།