Skip to main content Skip to search
14 Dec 2016
2 min 29 sec
Video Overview
Creators: 
Dönkho, Jamyang Gyatso

A love song describing the difficulties that young people could expect to encounter as they become a traditional head of household in an arranged marriage.

འདི་ནི་འདས་པའི་དུས་ཀྱི་ན་ཆུང་ཕོ་མོ་དག་ལ་འཕྲད་སྲིད་པའི་ཁྱིམ་ཐབ་འཛིན་ཐབས་ཀྱི་གནས་ཚུལ་བརྗོད་པ་ཞིག་རེད་ལ། 

གླུ་འདི་ནི་འདས་པའི་དུས་ཤིག་ལ་ཕ་ཡུལ་རྔ་བའི་ཕྱོགས་ཀྱི་སྣ་ཤུལ་སྡེ་བ་རུ་བྱུང་བའི་སྐྱོ་གར་གྱི་རང་བཞིན་ལྡན་པའི་ན་ཆུང་ཕོ་མོ་ཟུང་གི་བརྩེ་དུང་གི་གཏམ་རྒྱུད་ཅིག་རེད། གླུ་འདི་ལས་འདས་བའི་དུས་ཀྱི་བོད་སྤྱི་ཚོགས་སུ་གཉེན་འབྲེལ་གྱི་སྣང་ཚུལ་གཅིག་ཡོད་པ་གསལ་བོ་མཐོང་ཐུབ་སྟེ། དེ་ནི་ན་ཆུང་ཕོ་མོ་དག་གཉེན་སྒྲིག་སྐབས་སུ་བརྩེ་དུང་གི་རྨང་གཞི་ཡོད་མེད་ལ་མི་བལྟ་བར། གཉེན་སྒྲིག་གི་དོན་དག་ཚང་མ་ཕ་མ་དང་ཁྱིམ་ཚང་གིས་ཐག་གཅོད་པ་དེ་ཡིན་ལ། ད་དུང་ཁྱིམ་གྱི་འཁོས་ཀ་གཅིག་མཚུངས་བར་ལ་གཉེན་སྡེབ་པ་ལས་དབུལ་ཕྱུག་བར་ཁྱད་ཆེ་བའི་ཁྱིམ་ཚང་བར་ལ་གཉེན་སྡེབ་པའི་གནས་ཚུལ་མེད་པ་དེ་རེད། གླུ་འདི་ནི་སྣ་ཤུལ་གྱི་བུ་ཆུང་ཞིག་གིས་རང་གི་སྙིང་ནས་བརྩེ་བའི་དགའ་རོགས་དེ་ཡུལ་སྡེ་གཞན་ཞིག་ལ་གཉེན་སྡེབ་ཏུ་འགྲོ་ཁར་བླངས་པའི་གླུ་ཞིག་རེད།

这首民歌主要讲述了过去年轻人是如何面对家庭问题的。

这是一首情歌,讲述了来自纳须村的两个年轻人的悲惨爱情故事。这首歌阐释了过去西藏社会的婚姻现象。当时大部分的婚姻并非建立在两个年轻人之间的爱情,而是由父母决定。此外,人们还将与拥有相同家庭条件的作为联姻的条件,讲究门当户对。来自富裕家庭和贫穷家庭男女之间的婚姻是很难实现的。当女孩准备远嫁另一个村庄时,这个当须村的男孩将这首哀歌唱给了他的女朋友来表达思念不舍之情。

Transcript search
No results found for this search
0 of 0