Skip to main content Skip to search
15 Dec 2011
4 min 32 sec
Rating
0
No votes yet
Video Overview
Creators: 
Unknown

This show is about a mother and daughter who are talking about the daughter's uncle who just lost his son in a car accident. Because of the mother's health situation, and the fact that the mother was so sad since she heard the bad news, she couldn't participate in the funeral to help. But she asks her daughter and her other relatives to go to her uncle and help him. Futhermore, she also wants her daughter to tell her uncle and his wife that they need to take care of themselves and that they should not to take it to their heart. 

Show More

  • ཨ་མ་ལགས།
    བུ་མོ་རང་ཨ་ཁུ་རང་རྩར་ཕྱིན་པས།
  • བུ་མོ།
    ཕྱིན་པ་ཡིན་ལ་ཨ་མ་ལགས།
  • ཨ་མ་ལགས།
    ཨ་ནི་ཁོང་ཚོའི་དེ་བུ་གཤགས་༼གཤེགས༽་མཁན་དེའི་སྐོར་དེ་གང་འདྲས་༼གང་འདྲ་༽བྱས་འདུག།
  • བུ་མོ།
    ད་འོང་རྩིས་བཤག༼བཤེར༽ཚར་གནང་བཞག།
  • ཨ་མ་ལགས།
    འོང་འོང་།
  • བུ་མོ།
    རྩིས་བཤག༼བཤེར༽་བྱས་སྐུ་ཕུང་གནངས་ཉིན་ཀར་རེད་གསུངས་རེད།
  • ཨ་མ་ལགས།
    གནངས་ཉིན་ཀར་ཨས།
  • བུ་མོ།
    རེད་ལ།་གནོངས།
  • ཨ་མ་ལགས།
    ད་བྱས་ན་མགྱོགས་པོ་རེད་ད།
  • བུ་མོ།
    རེད་པ་ལ།
  • ཨ་མ་ལགས།
    ད་གྲ་སྒྲིག་རེ་འདི་གང་འདྲས་༼གང་འདྲ་༽རེ་ཅིག་བྱས་བསྡད་ཡོད་ན་ཨ།
  • བུ་མོ།
    ད་གྲ་སྒྲིག་ད་སང་ཉིན་ང་ཚོ་གང་ག་༼ཚང་མ་༽རོགས་པར་འགྲོ་རྒྱུ་བྱས་པ་ཡིན་ལ།
  • ཨ་མ་ལགས།
    རེད་རེད།་ཡིན་གཅིག་མིན་གཅིག་འགྲོ་དགོས་རེད།
  • བུ་མོ།
    རེད་པ་ལ།
  • ཨ་མ་ལགས།
    དེ་རེད་ད།་རེད།་རེད་རེད།
  • བུ་མོ།
    ཨ་ནི་སང་དགོང་ང་ཕ་གར༼ཕ་གིར༽བསྡད་ཉན༼བསྡད་མཁན༽་ཡིན།
  • བུ་མོ།
    ཨ་ནི་གནངས་ཉིན་ཀར་ཞོགས་ཀས་༼ཞོགས་པ་༽སྔ་པོ་ནས་སྤོས་སྣ༼སྤོས་སྣེས༽་ལ་འགྲོ་དགོས་རེད་པ་ལ།
  • ཨ་མ་ལགས།
    རེད་རེད།
  • བུ་མོ།
    ཨ་ཁུ་ལགས་ཀྱིས་ཨ་མ་ལགས་ཁྱེད་རང་སྐུ་གཟུགས་ཡག་པོ་མེད་ཙང་ཨ་ནི་མ་ཕེབས་ནའི་འགྲིག་ག་གསུངས་ཀྱིས།
  • ཨ་མ་ལགས།
    ཨ་ནི་དེ་སྤོས་སྣ༼སྤོས་སྣེས༽་དང་ཅིག་གི་གྲ་སྒྲིག་གི་ལས་ཀ་འགའ་ཆེན་རང་ཡོད་རེད་ད་དེ།
  • ཨ་མ་ལགས།
    དེ་གས་ཚང་མ་གྲ་སྒྲིག་ཡག་པོ་བྱུང་ཡོད་པོ་ཡིན་ནོ༼ནམ༽་ཨ།
  • ཨ་མ་ལགས།
    སྤོས་སྣ༼སྤོས་སྣེས༽་ཐད་༼ཐེག་༽མཁན་དང་མི་རེ་དེ་ཀྱས་༼དེ་ཚོ་༽་གཏན་གཏན་ཏིག་ཏིག་རེ་ཅིག་༼ཤིག་༽་བཟོས་པ་ཡིན་ནོ༼ཡིན་ནམ༽།
  • བུ་མོ།
    ཡག་པོ་བྱུང་བཞག
  • ཨ་མ་ལགས།
    འཆར་གཞི་ག་རེ་ཡིན་ནོ།
  • ཨ་མ་ལགས།
    འོང་འོང་།
  • བུ་མོ།
    ཨ་ནི་དེ་ནས་ཨ་ཁུ་ལགས་ཁོ་རང་དེའི་གྲོང་པས་ཕྱག་རོགས་གནང་གི་འདུག་ག་ལ།
  • བུ་མོ།
    ཨ་ནི་དེའི་སྒང་དེར་གཤགས་༼གཤེགས་༽་མཁན་གྱི་ལས་ཁུངས་ཀྱི་མི་ཡའི་༼ཡང་༽ཞེ་དྲག་༼མང་པོ༽་ཕེབས་བཞག།
  • ཨ་མ་ལགས།
    འོང་འོང་།་ཡ་ཡོ།་ཡ་ཡོ།
  • བུ་མོ།
    ད་ཨ་ཁུ་ལགས་ད་སེམས་ཁྲལ་ཏིག་ཙ༼ཏོག་ཙམ༽་དྲག་གནང་ག།
  • བུ་མོ།
    ཡིན་ནའི་གཤགས༼གཤེགས༽་མཁན་གྱི་ཨ་མ་ལགས་སེམས་ཁྲལ་ཞེ་པོ་༼མང་པོ་༽ཅིག་གནང་གིས།
  • ཨ་མ་ལགས།
    རེད་ད་དཔེ་བསགས་པ་རེད།
  • ཨ་མ་ལགས།
    ང་རའི༼ང་རང་ཡང༽་དེ་ཞག་༼དེང་སང་༽ག་རེ་བྱས་ཀ་བུ་མོ་རང་ང་སྐད་ཆ་དེ་གོ་པ་ནསབྱས་བྱས་།
  • ཨ་མ་ལགས།
    སྙིང་མང་ང་༼མང་པོ་༽ཞིག་གཡུགས་ཀྱིས།
  • ཨ་མ་ལགས།
    སྟོད་ནི་སྟོད་བརྒྱངས།
  • ཨ་མ་ལགས།
    སྐབས་རེ་དབུགས་འགག་གྲབས་བྱེད་ཀྱིས།
  • ཨ་མ་ལགས།
    ག་རེ་བྱེད་ཀ་ཆག་སྒོ་དཔེ་རེད་ཨ།
  • བུ་མོ།
    རེད་པ་ལ།
  • ཨ་མ་ལགས།
    རེད་ད།་ལོ་ཆུང་ཆུང་ཕང་བ་ལ་ཨ།
  • བུ་མོ།
    ད་གནས་ཚུལ་སྡུག་ཅག་ཞེ་པོ་ཅིག་རེད།་རེད་པ་ལ།
  • ཨ་མ་ལགས།
    རེད།
  • བུ་མོ།
    ད་ཁོ་རང་ལ་ཡིན་ནའི་ད་གནས་ཚུལ་དེ་བྱུང་ཚར་ན་ཐབས་ཤེས་ཡོད་མ་རེད་པཱ།
  • བུ་མོ།
    ད་ཨ་ཁུ་ལགས་ཀྱས༼ཀྱིས༽་ཨེ་འདྲས་གསུངས་ཀྱིས།
  • བུ་མོ།
    ད་སེམས་ཁྲལ་བྱས་ནའི་ད་ཕན་ཡག་ཡོད་མ་རེད་ཟེར།
  • བུ་མོ།
    ད་བྱས་ཙང་ཁོ་རང་སྡུག་རུས་རེ་ཞིག་གནང་བྱས།
  • བུ་མོ།
    ད་དུང་ཨ་ཁུ་ལགས་ཁོ་རང་ཨོའོ་ཙད༼ཨོའོ་ཙམ༽།
  • ཨ་མ་ལགས།
    ཨ་ལས་ད་འགྲིག་བཞག་།
  • བུ་མོ།
    ཡིན་ནའི་ད་གཤགས༼གཤེགས༽་མཁན་གྱི་ཨ་མ་ལགས་ད་དངོས་གནས་བུ་ལོ་ཆུང་ཆུང་ཨེ་འདྲས་དེ་གཤགས་༼གཤེགས༽ཙང་།
  • བུ་མོ།
    ཨ་ནི་སེམས་ཁྲལ་ཞེ་དྲག་གནང་གིས།
  • ཨ་མ་ལགས།
    རེད་ད་ང་རང་ཚོའི་ཕ་མ་སྤུན་ཀྱག་ཚོས་ཕར་སེམས་གསོ་མང་ཙམ་ཞུ་དགོས་རེད།
  • ཨ་མ་ལགས།
    ད་ཁོ་རང་ཐུགས་རྒྱ་ཆེ་ཙམ་གནང་རོགས་གནང་ཟེར།
  • ཨ་མ་ལགས།
    མ་གཞི་བྱས་ན་སུ་དང་སུ་ལས་ཁག་ཡོད་མ་རེད།་བུ་མོ་ཆག་སྒོ་དཔེ་མ་སྲིད།
  • བུ་མོ།
    རེད་པ་ལ།་རེད་ལ།
  • ཨ་མ་ལགས།
    ༼ཨོཾ་མ་ཎི་པདྨེ་ཧཱུྃ།༽
  • ཨ་མ་ལགས།
    ཆག་སྒོ་དཔེ་མ་སྲིད་པ་རེད་ལ།
  • བུ་མོ།
    ཨ་ལས་ཨ་མ་ལགས་གསོལ་ཇ་ཤིག་མཆོད་གནང་དང་།
  • ཨ་མ་ལགས།
    ཡག་བྱུང་ཡག་བྱུང།
  • བུ་མོ།
    ཁ་སེང༼ཁ་སང༽་ཁོང་ཚོ
  • ཨ་མ་ལགས།
    ཡག་ཅོ་ལ།
  • བུ་མོ།
    ལྷོ་ཁ་ནས་ཚུར་ཡོང་དུས་སྒང་ནས།
  • ཨ་མ་ལགས།
    ཡག་ཅོ་སྒྲོལ་དཀར།
  • ཨ་མ་ལགས།
    ཏད་ཙ༼ཏོག་ཙམ༽་ཞུ་གི་མིན།་ཏད་ཙ་མན༼ཏོག་ཙམ་མིན༽།་འོང་།
  • བུ་མོ།
    མོ་ཊའ།
  • ཨ་མ་ལགས།
    འོང་།
  • བུ་མོ།
    མོ་ཊ་སྐྱོན་ཤོར་པ་རེད་ཟེར་གྱི་འདུག་ག།
  • ཨ་མ་ལགས།
    ཨ་ཙི་ཆག་སྒོ།
  • བུ་མོ།
    ཨ་ནི་དེ་འདྲས་ཟེར་བྱས་བྱས་ཇུས་ཉེས་བྱུང་བཞག་ལ།
  • ཨ་མ་ལགས།
    ཆག་སྒོ།་ཆག་སྒོ་དཔེ་།
  • བུ་མོ།
    ཨ་ནི་སྨན་ཁང་ལ་ཡར་ཉི་མ་གཅིག་དེ་བྱེད་བྱས།
  • བུ་མོ།
    ཡིན་ནའི་༼ཡིན་ནའང་༽ལས་གཞུག་གུ་༼རྗེས་ལ་༽ལ་ཡ་མིའི་རེ་བ་མིན་འདུག་ཟེར་བྱས་བྱས།
  • བུ་མོ།
    ཨ་ནི་ཕར་ནང་ལ་ཡར་གདན་འདྲེན་ཞུས་གནང་བཞག།
  • ཨ་མ་ལགས།
    ཆག་སྒོ་དཔེ་མ་སྲིད་རེད་ཨ།
  • བུ་མོ།
    ད་ད་ལྟ་ཕྱག་ཆོས་འབུལ་དེ་ཀྱས་༼དེ་ཚོ་༽ཡག་པོ་ཞེ་པོ་ཅིག་གནང་བཞག
  • ཨ་མ་ལགས།
    ད་ཨ་མས་ད་མི་ནི་མཐོང་ཡག་ཡོད་མ་རེད་ད།
  • ཨ་མ་ལགས།
    ཚར་རའི་ལས་ཀ་རེད།
  • ཨ་མ་ལགས།
    ད་རྗེས་འཇུག་དེ་གལ་ཆེན་པོ་ཞེ་པོ་ཅིག་རེད་ད།
  • ཨ་མ་ལགས།
    ད་དེ་ཕར་མ་འཆུག་པ་ཅིག་ཕར་ཡག་པོ་ཅིག་བྱས།
  • བུ་མོ།
    རེད་པ་ལ།་གནོངས་སོ།
  • ཨ་མ་ལགས།
    སེམས་འཚབ་པའི་སྐབས་ལ་ལས་ཀ་ཁག་ཅིག་ཡིན་ན་བརྗེད་སྲིད་ཀྱི་རེད་པཱ།
  • ཨ་མ་ལགས།
    དེ་ཀྱས་༼དེ་ཚོ་༽མ་བརྗེད་པ་བྱས་བྱས།
  • ཨ་མ་ལགས།
    ཕྱག་ཆོས་འབུལ་ཕར་ཡག་པོ་ཤིག་ཕར་དེ་བྱེད་པོ་ཤིག་ཞུས་བྱས།
  • ཨ་མ་ལགས།
    གསོལ་བ་སྨོན་ལམ་དེ་གས་ཡག་པོ་ཅིག་འདབས༼འདེབས༽་རེད་ད་ཡ།
  • བུ་མོ།
    ལ་རེད་པ་ལ།
  • ཨ་མ་ལགས།
    ད་དེ་ཕར་རྗེས་འཇུག་དེ་གལ་ཆེན་པོ་ཞེ་པོ་༼ཧ་ཅང་༽ཅིག་རེད།
  • བུ་མོ།
    བྱས་ཙང་ཨ་ཁུ་ལགས་ཀྱས་༼ཀྱིས་༽ཡང་ཨེ་འདྲས་༼དེ་འདྲ་༽གསུངས་ཀྱིས།
  • བུ་མོ།
    ད་མི་གྲོངས་ཚར་པ་རེད།་ཐབས་ཤེས་ཡོད་མ་རེད།
  • བུ་མོ།
    ད་རྗེས་འཇུག་གིའི་ལས་ཀ་དེ་ཀྱས་༼དེ་ཚོ་༽ང་ཚོས་ཡག་པོ་ཤིག་བྱས་བྱས་བྱེད་དགོས་རེད་གསུངས་ཀྱི་འདུག་ག།
  • བུ་མོ།
    བྱས་ཙང་ད་ད་ལྟ་ཁོང་རྣམ་ཚོའི་གྲོང་པ་དང་ཅི་དག་གང་གས་༼ཚང་མས་༽་ཕྱག་རོགས་གནང་བྱས།
  • བུ་མོ།
    དེ་བར་ལ་སེ་ར་དང་འབྲས་སྤུངས་དགའ་ལྡན་གང་ག་༼ཚང་མར་༽ལ་མཆོད་ཐིགས་སྐྱོན་གག་༼སྐྱོན་གར༽་ཐད༼ཐེག༽།
  • བུ་མོ།
    ད་སྐུ་ཕུང་དེ་ཚར་སོང་ན་སྐུ་ཚེས་དང་པོར་ཡར་ལྷོ་གནས་ལ་ཡར་ཆོས་མཇལ་ཞུ་གག་ཐད༼ཐེག༽་ཀྱི་ཡིན་གསུངས་ཀྱིས།
  • ཨ་མ་ལགས།
    རེད་རེད།
  • ཨ་མ་ལགས།
    ད་དེ་ཀྱས་༼དེ་ཚོ༽ཕར་ཡག་པོ་ཞིག་རྗེས་འཇུག་དེ་གང་མ་ཚད་ཡག་པོ་རེད།
  • ཨ་མ་ལགས།
    ཨ་ནི་ལྷ་སའི་གསིང་ལ་ཡའི་༼ཡང་༽དེ་བར་ལ་ཕྱོགས་བཞི་དང་དེ་ཀྱས་༼དེ་ཚོ༽ལའི༼དེ་གྱད་ལ་ཡང་༽།
  • ཨ་མ་ལགས།
    ཡིན་གཅིག་མིན་གཅིག་སླེབས་པ་གཅིག་དགོས་རེད་ད་དེ་བར་ལ།
  • བུ་མོ།
    དེ་གས་ལ་ཕེབས་སྒྲུབ་བཞག
  • ཨ་མ་ལགས།
    རེད
  • བུ་མོ།
    ཐད༼ཐེག༽་བཞག
  • ཨ་མ་ལགས།
    དེ་བར་གསིང་གསིང་དེ་བར་ལ།
  • ཨ་མ་ལགས།
    ལྷ་སའི་གསིང་ལ་ཆ་བཞག་པ་ཡིན་ནའི་དགོན་ལྷག་མང་པོ་ཅིག༼ཤིག༽་ཡོའོ་༼ཡོད་༽རེད།
  • ཨ་མ་ལགས།
    ད་དེ་ཀྱས་༼དེ་ཚོ་༽ལ་ཕར།
  • བུ་མོ།
    རེད་པ་ལ།
  • ཨ་མ་ལགས།
    ཡིན་གཅིག་མིན་གཅིག་དུས་ཐོག་དུས་ཐོག་བྱས།
  • ཨ་མ་ལགས།
    ཨ་ནི་མ་ཟད་པའི་བཤགས་ཚེས་དེ་ཚོ་རྦད་དེ་ཉིན་ལྟར་ཡག་པོ་ཟིན་དགོས་རེད།
  • བུ་མོ།
    རེད་པ་ལ།
  • ཨ་མ་ལགས།
    ད་དེ་གལ་ཆེན་པོ་ཞེ་པོ་ཅིག་རེད་ད་ཨ་མས།
  • བུ་མོ།
    གནོངས་སོ།
  • བུ་མོ།
    ཨ་ནི་ཨ་ཁུ་ལགས་ལ་ཡར་སང་ཉིན་ང་ཡང་བསྐྱར་ཅིག་ཞུ་གི་ཡིན།་རེད་པཱ།
  • ཨ་མ་ལགས།
    རེད་རེད།
  • ཨ་མ་ལགས།
    ད་ད་ང་ནི་ཨ་ལས་འདི་སྙིང་འདི་ཡའི་སྐྱིད་པོ་མི་འདུག་ག
  • ཨ་མ་ལགས།
    ལོའི་ཡར་ཙམ་བསླེབས།
  • ཨ་མ་ལགས།
    སེམས་ཡའི་སྐྱིད་པོ་ཅིག་ཡའི༼ཡང༽་མི་འདུག
  • ཨ་མ་ལགས།
    གནས་ཚུལ་གོ་པ་ནས་བྱས།
  • ཨ་མ་ལགས།
    ད་བུ་མོ་རང་བྱས་དེ་བར་ལ་གཡས་གཡོན་གྱི་ཕ་མ་སྤུན་ཀྱག་ཚོར་ཏད་ཙམ་༼ཏོག་ཙམ༽་ཞལ་སྐུ་མང་ཙམ་ཞུས་བྱས།
  • ཨ་མ་ལགས།
    དེའི་བུ་ཁོང་ཚོར་ཏད་ཙ༼ཏོག་ཙམ་༽་་སེམས་གསོ་ཡག་པོ་ཤིག་བཏང་རོགས་བྱེད་ཟེར་ལབ་ཨ་ཨ་མས།
  • བུ་མོ།
    ལེ་སེ་ལེ་སེ་ཨ་མ་ལགས།
  • ཨ་མ་ལགས།
    དེ་ཀྱས་༼དེ་ཚོ་༽་ཕར་འོང་ཡའོ་ཡའོ།
  • བུ་མོ།
    ཨ་ལགས་ཁྱེད་རང་ཐུགས་ཁྲལ་མ་གནང་ཤིག
  • ཨ་མ་ལགས།
    འོང་ཡ་ཡ་ཡ་ཨ་མས།
  • བུ་མོ།
    ངས་བྱས་ཐུབ་པའི་ལས་ཀ་དེ་ང་རས༼ང་རང་གིས༽་ཧུར་ཐག་ཞུས་ཆོག
  • ཨ་མ་ལགས།
    འོང་ཡག་ཅོ་ཨ་མས་ཡག་ཅོ་ཡག་ཅོ།
  • བུ་མོ།
    ཨ་ལས་གསོལ་ཇ་ཞིག་གནང་ད།
  • ཨ་མ་ལགས།
    ཡག་བྱུང།