Skip to main content Skip to search
28 Aug 2018
6 min 39 sec
Video Overview
Creators: 
Sonam Tobgye

༉  ང་བཅས་ར་ གླུ་གཞས་ག་ཅི་ར་ཨིན་རུང་ གཞི་གཅིག་ལུ་བཞག་ཞིནམ་ད་བརྩམས་དོ་ཡོདཔ་ད་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ ཟིམ་སྤོངས་ལས་སེངྒེ་བཟང་མོ་གིས་འཐེན་མི་གླུ་གཞས་ ཙཱ་རི་གནས་ཟེར་མི་དེ་ཡང་ ཙཱ་རི་གནས་ལུ་སྐྱེས་ཏེ་ཡོད་པའི་སྨྱུག་མ་བཅད་དེ་ མདའ་བཟོ་བཟོཝ་གི་སྐོར་ལས་ཨིན་མས། འ་ནཱི་ཙཱ་རི་སྨྱུག་མ་འདི་རྩ་བ་ལས་བཅད་པའི་སྐབས་སྐྱོ་བ་མ་ཚད་ ཟུར་ཁ་ལས་བཀག་པའི་སྐབས་ ཕངས་ཡང་ཕངསམ་མས་ ཨིན་ཏེ་འབད་རུང་ མདའ་བཟོ་སྟེ་སྒྲོ་གཅིག་ལས་བཞི་ཚུན་ཚོད་བཀལ་བའི་སྐབས་ལུ་ ག་ཅི་བཟུམ་རང་འགྱོཝ་ཨིན་ནའི་སྐོར་ལས་བཤད་པ་རྐྱབ་སྟེ་འཐེནམ་ཨིན་མི་དེ་ཡང་ སྒྲོ་གཅིག་བཀལ་བའི་སྐབས་ལུ་ གངས་རི་དཀར་པོའི་སྟོད་ལུ་དར་ཅོག་འཕྱར་འཕྱརཝ་དང་འདྲ་བས་ཟེར་དང་ སྒྲོ་གཉིས་བཀལ་བའི་སྐབས་ལུ་ ཐང་དཀར་རྒོད་པོ་ནམ་མཁའ་ལས་འཕུར་འཕུརཝ་དང་འདྲ་བས་ དེ་ལས་ སྒྲོ་གསུམ་བཀལཝ་ད་ལུ་ སྔགས་པ་མཐུ་སྟོབས་ཅན་གྱི་ཕུརཔ་དང་འདྲ་བས་ཟེར་དང་ སྒྲོ་བཞི་བཀལ་བའི་སྐབས་ལུ་ རྫོང་ཆེན་ཁྲ་མོའི་ཟུར་བཞི་ཕྲང་ཕྲངམ་དང་འདྲ་བས་ཟེར་ མདའ་ལུ་བསྟོད་པའི་གླུ་གཞས་ཅིག་ཨིནམ་ད་ མ་གཞི་འཐེན་ནི་གི་གནས་སྟངས་འབད་བ་ཅིན་ མདའ་རྩེད་འགྲན་བསྡུར་རེ་འབད་བའི་སྐབས་ལུ་འཐེན་ནི་གི་གླུ་གཞས་ཅིག་ཨིན་མས།

This song revolves around the traditional arrow ('sacred grass') from Tsari in Tibet. The verses describe detailed parts of an arrow, from head to tail. It elevates the arrow to the status of sacred grass and lists its numerous uses. For instance, the sacred bamboo used to craft arrows is also used as a prayer flag on mountain tops. When men shoot at the archery range, the arrow flies in the air like a popular vulture. The song glorifies the Tibetan 'grass' and its many functions.

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    སྭོ་དང་སྨྱུག་མ་རོང་ལས་བཅད་ཚེ་
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཨ་ཙི་བཞུགས་ལགས། ལོག་འཐེན་གནང་ད་ལགས། ཨོང་བཏུབ་ལགས། ལོག་འཐོན་པར་ཆོག བཏོག་བཀོ་གེ་ལགས།
  • སེངྒེ་བཟང་མོ་ Singye Zangmo
    གདངས་འདི་སོར་དགོཔ་འདྲས་ལགས། ཨ་ནཱི་འདི་ ཁ་ཙ་ཁ་ཉིནམ་གྱི་གདངས་བཟུམ་ཅིག་ཨིན་མས་མེན་ན་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཨེ་བཏུབ་ལགས། གདངས་སོ་སོ་ཡོད་པ་ཅིན་ སོ་སོ་སྦེ་འཐེན་གནང་།
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། སྨྱུག་མ་རོང་ལས་སྐྱེས་ཚེ་ཡ་ལ་ནི་དགའ་ཡང་དགའ། །ཙཱ་ལ་རི་གནས།
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། སྨྱུག་མ་ར་ལས་བཅད་ཚེ་ཡ་ལ་ནི་སྐྱོ་ཡང་སྐྱོ། །ཙཱ་ལ་རི་གནས།
    Feels happy when bulrush grows in the valley, Feels sorrow when bulrush chop out from root.
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། སྨྱུག་མ་ཟུར་ལས་བཀག་ཚེ་ཡ་ལ་ནི་ཕངས་ཡང་ཕངས། །ཙཱ་ལ་རི་གནས།
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། མདའ་མོ་ང་ལ་གྲོ་གཅིག་ཡ་ལ་ནི་བཀོད་ཙམ་ན(ཙ་ན)། །ཙཱ་ལ་རི་གནས།
    Feels pretty when bulrush cleave from side, When feather is attached to (me) bulrush.
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། གངས་དཀར་སྟོད་ལ་དར་ཅོག་ཡ་ལ་ནི་འཆར་བ་འདྲ། །ཙཱ་ལ་རི་གནས།
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། མདའ་མོ་ང་ལ་གྲོ་གཉིས་ཡ་ལ་ནི་བཀོད་ཙམ་ན(ཙ་ན)། །ཙཱ་ལ་རི་གནས།
    If bulrush flag in the peak, When two feather attached to (me) bulrush.
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། ཐང་དཀར་རྒྱལ་པོ་ནམ་ལ་ཡ་ལ་ནི་ལྡིང་པ་འདྲ། །ཙཱ་ལ་རི་གནས།
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། མདའ་མོ་ང་ལ་གྲོ་གསུམ་ཡ་ལ་ནི་བཀོད་ཙམ་ན(ཙ་ན)། །ཙཱ་ལ་རི་གནས།
    It looks like king Thangkar hover in sky, When third feather is attached to (me) bulrush.
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། སྔགས་པ་མཐུ་སྟོབས་ཅན་གྱི་ཡ་ལ་ནི་ཕུར་པ་འདྲ། །ཙཱ་ལ་རི་གནས།
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། མདའ་མོ་ང་ལ་གྲོ་བཞི་ཡ་ལ་ནི་བཀོད་ཙམ་ན(ཙ་ན)། །ཙཱ་ལ་རི་གནས།
    It looks like supper power holders hover in sky, When fourth feather is attached to (me) bulrush.
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། རྫོང་ཆེན་ཁྲ་མོའི་ཟུར་བཞི་ཡ་ལ་ནི་འཕྲང་པ་འདྲ། །ཙཱ་ལ་རི་གནས།
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། མདའ་ལ་ལྟོང་གཅིག་ཡ་ལ་ནི་བཏོན་ཙམ་ན(ཙ་ན)། །ཙཱ་ལ་རི་གནས།
    It looks like scale of perfect four corners, When made one tong to (me) bulrush.
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། རྫོང་ཆེན་ཁྲ་མོའི་གུར་ཁང་ཡ་ལ་ནི་[འཁྲིད་པ་?]འདྲ། །ཙཱ་ལ་རི་གནས།
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། མདའ་མོ་ང་ལ་ལྟོང་སྐུད་ཡ་ལ་ནི་དཀྱིས་ཙམ་ན(ཙ་ན)། །ཙཱ་ལ་རི་གནས།
    It looks like making straight of dzongs heads, When (i) bulrush cover with threat.
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། དམ་ཆོས་པུ་ཏི་སྐུ་བཅིང་ཡ་ལ་ནི་ཕུལ་བ་འདྲ། །ཙཱ་ལ་རི་གནས།
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། མདའ་མོ་ང་ལ་ལྕགས་གཅིག་ཡ་ལ་ནི་བཙུགས་ཙམ་ན(ཙ་ན)། །ཙཱ་ལ་རི་གནས།
    It looks like offering the dharma belt, When arrow is put with arrowhead.
  • སེངྒེ་བཟང་མོ་ Singye Zangmo
    ཙཱ་ལ་རི་གནས། ཁམས་པ་དབུ་ཚུ་ཆེ་བའིཡ་ལ་ནི་ཀྲིང་ཀ་འདྲ། །ཙཱ་ལ་རི་གནས། །
    Looks like expert holding great spare.
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།
    Thank you,