Skip to main content Skip to search
15 Feb 2017
3 min 28 sec
Video Overview
Creators: 
Dawa Tshering, Thinley Dorji

Enclosed by pristine and mighty mountains, the Soe villages are situated northwest of Thimphu. This is a linear settlement with houses built along the banks of the Pachu River. Yak rearing is the main occupation of the local people who are experts in the making of different products from yak milk and meat. The processes employed by those highlanders are very distinct from the ones employed in the low altitudes. Among the local products are dried cheese (chugor), butter, whey (the liquid by-product after the cheese making), chim (the curd), oes (a by-product in liquid form that remains after the butter has been extracted) and so forth. A few of these products are slowly disappearing from the local cultural repertoire. Such is the case with zote, which is a matured cheese making, and gew, a leather bag. 

 

Transcript search
No results found for this search
0 of 0
  • ཚེ་རིང་ Tshering
    ཡར་ཇོ་མོ་ལྷ་རི་གི་གནས་འདི་ དང་པ་ཆགས་དགོ་མི་འདི་ ད་རེས་ རྒྱལ་བ་ལོ་རསཔ་ ཕར་ལས་བྱོན་ཏེ་སྦེ་ རྒྱལ་བ་ལོ་རས་པ་གི་གདན་ས་ཨིན་མས་ལགས། ཏེ་རྒྱལ་བ་ལོ་རསཔ་ཁོ་ར་ བོད་ར་ལུང་ལས་ཨིན་མས་ལགས། ར་ལུང་ལས་བྱོན་ ཕར་ལས་ཚུར་ ཏེ་ཁོ་གི་ཁུར་ཆ་འབག་མི་ཟེར་རུང་ ཆིབས་ཟེར་རུང་ མཛོ་གཅིག་ཡོདཔ་མས་ལགས།
  • ཚེ་རིང་ Tshering
    ཏེ་འ་ནཱི་མཛོ་དེ་གུ་ལུ་ ཕད་ཅུང་དེ་བཀལ་སྦེ་ ཧེ་མ་བཏང་བཏངམ་མས། ཏེ་ཁྱོད་ར་ཚུ་ཧེན་ལས་སོང་ ཁྱོད་ག་སྡོད་ས་དེ་ནང་ ང་གནས་དེ་ནང་ བཅའ་ནི་ཟེར་ བཀའ་གནང་སྟེ།
  • ཚེ་རིང་ Tshering
    ཏེ་ཕར་ལས་ཚུར་ ལ་བརྒལ་ཏེ་འོང་སྟེ་ ཨ་ཡར་ ལྷ་ཁང་གི་འོག་དེ་ནང་ལུ་ ཐང་ཅིག་ཡོད་བ་ལགས། ཏེ་ཐང་འདི་གི་མིང་ལུ་ མཛོ་ཐང་ཟེར་ སླབ་ཨིན། ཏེ་འ་ནཱི་ནང་ལུ་ ཏེ་བླམ་ཆོས་པའི་ཁ་ཐུག་ལུ་ མཛོ་དེ་ནང་འུ་སྡུག་སྦེ་ ཏེ་ཉལ་སྡོད་སྡོདཔ་མས་ལགས།
  • ཚེ་རིང་ Tshering
    ཏེ་འ་ད་བཏུབ་པས་དེན་་ ད་ང་གནས་ནཱ་བཅའ་ནི་ཟེར་གསུངས་ ད་རེས་ཐང་འདི་གི་མིང་ལུ་ མཛོ་ཐང་ཟེར་སླབ་ཨིན་ལགས། ཏེ་དེ་ལས་ ཨ་ཙི་ཡར་ ཆུ་ཚོད་ཕྱེད་དཔག་མེདཔ་ཅིག་ ལྷ་ཁང་ཁ་ཡར་ལྟ་འགྱོ་དགོ་ལགས།
  • ཚེ་རིང་ Tshering
    ཏེ་ཡར་བཞུགས་ ཡར་ལོ་གསུམ་བཞུགས་ནུག་ལགས། ལོ་གསུམ་བཞུགས། ཏེ་དེ་ལས་ཡར་སྒྲུབ་ ཏེ་ཡར་སྒྲུབ་ཁང་གཉིས་ཡོད་ལགས། བྱག་ཕུག་གཉིས། ཏེ་གཅིག་ ཡར་གསེར་མཚོ་ཟེར་ ནཱ་ཨིན་ལགས། གསེར་སྐོར་སླབ་ཨིན་གསེར་སྐོར། ཏེ་འ་ནཱ་ལུ་ འབྲུགཔ་ཀུན་ལེགས་ཀྱི་བྱག ཧེ་མ་བྱག་སྦེ་ཨིན་དོ་ཡོདཔ་མས།
  • ཚེ་རིང་ Tshering
    ཏེ་ཁོ་ར་ ཐུགས་ཀྱི་རྫུ་འཕྲུལ་གྱིས་འབད་ ཏེ་ཕྱག་གིས་ཡར་ བྱག་ཡར་སེང་སྟེ་ འ་ནཱི་ཁྱིམ་ཅོག་འཐདཔ་སྦེ་ཡོད་བ་ལགས། ཏེ་བྱག་འདིའི་ནང་ན་ལྷོདཔ་ད་ གཡས་དང་གཡོན་ལས་ཕུརཔ་བརྡབས་བརྡབས་པའི་གི་ དོང་བཞི་ཡོད་ལགས། ཟུར་བཞི་ལས་བཞི།
  • ཚེ་རིང་ Tshering
    འ་ནཱི་གསེར་སྐོར་ ཟེར་སླབ་ཨིན་ལགས། ཏེ་དེ་ལས་ ཨ་ཙི་མར་འོངམ་ད་ མཐོང་སྒོར་ཟེར་ཅིག་ཡོད་ལགས། ཏེ་འ་ནཱི་ ད་རེས་ ལྷ་གཅིག་སྒྲོལ་མ་གི་སྒྲུབ་ཁང་གཅིག་ཡོད་བ་ལགས། ཏེ་མོ་མ་པ་འཁྲུངས་ཡུལ་ཕར་ ཀོང་པོ་ལས་ཨིན་པས་ལགས། བོད་ཀོང་བུ་ཟེར་མི་དེ་ནང་ལས། ཀོང་ཡུལ་ལྷ་མཆོད་སྒྲོལ་མ་ཟེར།
  • ཚེ་རིང་ Tshering
    ཏེ་མོ་ བླ་མའི་གི་ཤུལ་བདའ་སྟེ་འོང་། བླ་མ་གིས་ ཧེ་མ་ ཏེ་འདྲན་འདྲ་སྡོད་གེ་ཟེར་བཀའ་གནང་སྟེ་ ཏེ་མོ་ར་ངོ་ཚ་སྟེ་སྦེ་ ཏེ་སེམས་ལས་ཏེ་ བླ་མ་ཡོད། ཏེ་ངོ་ཚ་སྡོད་ ཏེ་ཁ་མ་བཟེདཔ་མས་ལགས། ཏེ་ལོག་ཤུལ་མ་ ཏེ་མོ་བླམ་ག་ལྷོད་ག་བྱོན་ མོ་འགྱོ་ནི་ཟེར་ བཏུབ་འདེན་འགྱོ་ཤིག་ཟེར་ ང་ག་སླབ་མི་ ཁྱོད་ཉན་དགོ་ ཟེར་གསུངས།
  • ཚེ་རིང་ Tshering
    ཏེ་ལགས་སོ་ཟེར་ ཏེ་ཕར་ལས་འཁྱིད་དེ་བྱོན་ཏེ་ ཡི་ནང་ལུ་ལྷོདཔ་ད་ ཏེ་ད་ཁྱོད་ར་ ཨ་ཡར་མཚམས་ནང་སྡོད་མ་རེད། ལོ་ཞག་གསུམ། ད་ལོ་གསུམ་སྡོད་ ཟེར་བཀའ་གནང་གནངམ་མས། ཏེ་དེ་ལས་ ཡར་བྱག་གི་སྐེད་པ་ལུ་ ད་རེས་ མི་འཇམ་ཏོག་ཏོ་མི་ཐལ་བ་ལགས། ཏེ་འ་ནཱ་ ད་རེས་ལྷ་གཅིག་སྒྲོལ་མ་གི་སྒྲུབ་ཁང་ཨིན་ཟེར་ རྩིག་སྒོ་ཅིག་འདུག་ལགས། ཁྱིམ་ཤུལ་ཅིག ཏེ་འ་ནཱ་ལུ་ ཁྱོད་ར་ཞག་གསུམ་་་་ནཱ་ལོ་གསུམ་སྡོད་སྨ་རེད། ཏེ་དེ་ལས་ང་ཁྱོད་འཕྱད་པར་འཐོན་འོང་ཟེར་ ཏེ་བླམ་བྱོན་སོ་འདུག། །།