Skip to main content Skip to search
05 Jun 2018
10 min
Video Overview
Creators: 
Dawa Tshering

Dotey from Choongkha villagesings “The Sacred Site Dongkarla,” a boedra song. The words say: “From the great holy site of Dongkarla, both Paro and Wang [Thimphu] can be seen. The view of Paro and Wang bring compassion to an aching heart." These haunting lines are attributed to a grieving mother's sweeping view from Neychen Dongkarla, commonly known as Dongkarla. The grieving and disconsolate mother presents a sharp contrast between the expansive view of Pa (Paro) and Wang (Thimphu) and her sorrowful heart.

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྤང་མེ་ཁ་གཡུས་ཚན་ལས་རྡོ་བཏེག་གིས་ གནས་ཆེན་ས་གདོང་དཀར་ལ་ལས་ ཟེར་མི་བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་འཐེན་ཏེ་འདུག གླུ་གཞས་འདི་ནང་ གནས་ཆེན་ས་གདོང་དཀར་ལ་ལས་ སྤ་མཐོང་ས་ཝང་མཐོང་མཐོངམ་མས་ཟེར་ གདོང་དཀར་ལ་ཟེར་མི་ས་གནས་འདི་ མཐོ་དྲགས་ཅིག་ཡོད་ནི་དེ་གིས་ ས་གནས་དེ་ཁ་ལས་མར་སྤ་རོ་གི་ས་ཆ་མཐོངམ་མས་ས་ ཝང་གི་ས་ཆ་ཚུ་ཡང་མཐོངམ་མས་ཟེར་ ས་གནས་དེ་མཐོང་རྒྱ་ཆེ་ནི་དེ་གིས་ གདོང་དཀར་ལའི་ས་གནས་དེ་ལུ་བསྟོད་པ་རྐྱབ་ཨིན་མས། གཅིག་ལས་འབད་བ་ཅིན་ གདོང་དཀར་ལ་གི་གནས་འདི་ རྩ་ཅན་ཅིག་ཨིན་པའི་ཆ་ལས་ གནས་མཇལ་བར་ལྷོད་མ་ཚུགས་མི་ཚུ་ལུ་ གནས་མཇལ་བར་འོང་བཅུག་ནི་གི་བསྐུལ་མ་བཟུམ་ཅིག་ཡང་མཐོངམ་ཨིན་པས། རྡོ་བཏེག་གིས་འཐེན་མི་གླུ་གཞས་འདི་ནང་ གདོང་དཀར་ལ་གི་སྐོར་ལས་ མགུ་ཏོ་ཁ་ལས་རྐྱངམ་ཅིག་མ་གཏོགས་ སོ་སོ་ཡང་ལེ་ཤ་ཅིག་ར་འཐོན་ནི་འདུག

Transcript search
No results found for this search
0 of 0
  • ཨཔ་རྡོ་བཏེག་
    Ap Dotey: གནས་ཆེན་ལ་གདོང་དཀར་ལ་ལས། །གནས་ཆེན་ལ་གདོང་དཀར་ལ་ལས། །སྤ་མཐོང་ལ་ཝང་མཐོང་མཐོང་མས། །ཤོག་བུ་མོ་ཤོག །ཨ་མའི་བུམོ་ཆུང་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་བུ་མོ་ཤོག །
  • ཨཔ་རྡོ་བཏེག་
    Ap Dotey: བོད་ཀྱི་ལ་ཇོ་མོ་ལ་ལས། །བོད་ཀྱི་ལ་ཇོ་མོ་ལ་ལས། །རྒྱ་ཐང་ལ་བོད་ཐང་མཐོང་མས། །ཤོག་བུ་མོ་ཤོག །ཨ་མའི་བུམོ་ཆུང་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་བུ་མོ་ཤོག །
  • ཨཔ་རྡོ་བཏེག་
    Ap Dotey: ཇོ་མོ་ལ་རིན་ཆེན་བསྒང་ལས། །ཇོ་མོ་ལ་རིན་ཆེན་བསྒང་ལས། །རང་གི་མི་ཅིག་ཡོད་པ། །ཤོག་བུ་མོ་ཤོག །ཨ་མའི་བུམོ་ཆུང་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་བུ་མོ་ཤོག །
  • ཨཔ་རྡོ་བཏེག་
    Ap Dotey: ལ་དང་ལ་ལུང་གི་བརྒལ་ཚེ། །ལ་དང་ལ་ལུང་གི་བརྒལ་ཚེ། །གནངས་ཚེ་ལ་འཕྱད་རྒྱུ་མིན་འདུག །ཤོག་བུ་མོ་ཤོག །ཨ་མའི་བུམོ་ཆུང་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་བུ་མོ་ཤོག །
  • ཨཔ་རྡོ་བཏེག་
    Ap Dotey: ཤར་ཕྱོགས་ལ་རི་བོ་གི་རྩེ་ལས། །ཤར་ཕྱོགས་ལ་རི་བོ་གི་རྩེ་ལས། །བཅོ་ལྔའི་ལ་ཟླ་བ་ཤར་སོང་། །ཤོག་བུ་མོ་ཤོག །ཨ་མའི་བུམོ་ཆུང་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་བུ་མོ་ཤོག །
  • ཨཔ་རྡོ་བཏེག་
    Ap Dotey: བཅོ་ལྔའི་ལ་ཟླ་བ་མེན་པར། །བཅོ་ལྔའི་ལ་ཟླ་བ་མེན་པར། །བླ་མའི་ལ་ཞལ་དང་འདྲ་བས། །ཤོག་བུ་མོ་ཤོག །ཨ་མའི་བུམོ་ཆུང་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་བུ་མོ་ཤོག །
  • ཨཔ་རྡོ་བཏེག་
    Ap Dotey: གནས་ཆེན་ལ་གསེར་ཐོག་ལ་ལས། །གནས་ཆེན་ལ་གསེར་ཐོག་ལ་ལས། །གསེར་གྱི་ལ་རྒྱ་གླིང་འཕུ་སོང་། །ཤོག་བུ་མོ་ཤོག །ཨ་མའི་བུམོ་ཆུང་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་བུ་མོ་ཤོག །
  • ཨཔ་རྡོ་བཏེག་
    Ap Dotey: གསེར་གྱི་ལ་རྒྱ་གླིང་མེན་པར། །གསེར་གྱི་ལ་རྒྱ་གླིང་མེན་པར། །བླ་མའི་གསུང་སྐད་འདྲ་བས། །ཤོག་བུ་མོ་ཤོག །ཨ་མའི་བུམོ་ཆུང་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་བུ་མོ་ཤོག །
  • ཨཔ་རྡོ་བཏེག་
    Ap Dotey: ཆུ་མོ་ལ་སྤ་ཆུ་ཝང་ཆུ། །ཆུ་མོ་ལ་སྤ་ཆུ་ཝང་ཆུ། །སེམས་ཀྱི་ལ་འཁྲུལ་རོགས་ཨིན་པས། །ཤོག་བུ་མོ་ཤོག །ཨ་མའི་བུམོ་ཆུང་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་བུ་མོ་ཤོག །ལགས་སོ།། །།