Skip to main content Skip to search
08 Dec 2014
12 min 53 sec
Rating
0
No votes yet
Video Overview
Creators: 
Yeshi Wangchuk

ཁེངས་བུ་ལི་ལུ་ཡོད་པའི་གནས་རྡོ་ཚུ་གི་སྐོར་ལས་ བརྩོན་འགྲུས་རྒྱལ་མཚན་དང་ ལྷམོ་ཆོས་རྒྱལ་གཉིས་ཀྱིས་ ཕམ་རྒན་ཤོས་ཚུ་གིས་བཤད་ཡོད་པའི་ ངག་རྒྱུན་ལྟར་དུ་འབད་དེ་ གནས་རྡོ་ཚུ་གི་བཤད་པ་མདོར་བསྡུས་རེ་ རྐྱབ་བྱིན་པའི་ནང་གསལ་ དང་པ་ར་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་དང་ སེམས་ཅན་སྤྱི་རིགས་སྣ་ཚོགས་ཀྱི་རྐང་རྗེས་ཚུ་ཡང་ གསལ་སྟོན་འབདཝ་ཨིནམ་པ་གིས་མ་ཚད་ མཁའ་འགྲོ་གི་གསོལ་ཐབ་ཨིན་ཟེར་ བཟོ་རྣམ་ཐབ་བཟུམ་སྦེ་ཡོད་པའི་རྡོ་དང་ དེ་ལས་ ཉིམ་དང་ཟླཝ་འདྲ་བའི་རྡོ་ བ་མེན་གྱིས་ལྕེ་གིས་འདག་འདགཔ་ཨིན་ཟེར་བའི་ རྡོ་ཚུ་གི་བཤད་པ་ རྐྱབ་བྱིན་པ་གིས་མ་དོ་བར་ གནས་རྡོ་ཚུ་ཡོད་པའི་ལོ་རྒྱུས་ ས་གནས་ཀྱི་མི་ མང་ཤོས་ཅིག་གི་ར་ཤེས་དོ་ཡོད་པའི་ཁར་ ཧེ་མ་ ཕ་མའི་བསྒང་ལས་ད་ལྟོ་ཚུན་གྱི་བར་ བདག་འཛིན་ཡང་ ལེགས་ཤོམ་སྦེ་ར་འཐབ་སྟེ་འདུག།

 

Show More

  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    འོ་་་ད་ ཨ་ནཱི་རྡོ་འདི་ དང་ཕུ་ ཕ་མའི་བསྒང་ལུ་ གནས་རྡོ་འབད་དགོ་མི་འདི་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ ཨོ་རྒྱན་རིན་པོ་ཆེ་ གནམ་ཁར་ལས་མར་བྱོནམ་ད་ ནེམ་བུ་ལི་ལུ་བཅགས་ཏེ་ ནཱེ་སྦེ་བྱོན་ནུག
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    དེ་འབདཝ་ད་ མཁའ་འགྲོ་མ་གིས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་ ཁོ་གི་ ཞབས་རྗེས་ མ་ལུས་པས་ལགས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ ཞབས་རྗེས་ཅིག་ མིག་བལྟ་མི་ཟེར་ ང་བཅས་རའི་ ལུང་པའི་ནང་ འ་ནཱེ་སྦེ་ ལུས་ལུསཔ་མས་ཟེར་ ཞུ་ནི་ཨིན་ལགས།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    དེ་ལས་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ད་ལྟོ་ བུ་ལི་གཡུས་ཁར་ ག་ཅི་ཟེར་བ་ཅིན་ བུ་ལི་གཡུས་ཁར་ ཏེ་ རྟ་ནོར་སེམས་ཅན་འདི་ཚུ་ དགའ་སྐྱིད་ཕུམ་སུམ་ཚོགས་ནི་གི་ ལེགས་ནི་གི་རྟེན་འབྲེལ་
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    འ་ནཱེ་འབད་དེ་ མཁའ་འགྲོ་གི་ ཞབས་རྗེས་ཡོད་པ་ལུ་བརྟེན་ཏེ་ འ་ནཱི་ཨིན་ཟེར་ ཞུ་ནི་ཨིན། དེ་ལས་ བྱི་ལི་འདི་ཚུ་ག་ར་ གཞན་མིན་འདུག་ལགས། ག་ཏེ་ཡང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ ཨ་ནཱི་ཞབས་རྗེས་ ཏེ་ མཁའ་འགྲོ་གི་ཁྱབ་ནུག
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    ང་བཅས་ར་གི་ ག་ཁྱབ་ཟེར་བ་ཅིན་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ འ་ནཱི་རྡོ་གུ་ག་ར་ འ་ནཱི་བརྟེན་ཏེ་ ང་བཅས་བུ་ལི་གཡུས་ཁར་ ག་དེ་སྦེ་ཡོད་གོ་ཟེར་བ་ཅིན་ ད་ལྟོ་ ནོར་སེམས་ཅན་འདི་ཚུ་ འ་ནཱེམ་ཅིག་ཆགས་མི་ རོ་ཁྱི་ བྱི་ལི་
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    རོ་ཁྱི་དང་ བྱི་ལི་ལས་ འགོ་བཟུང་སྟེ་རང་ ཨ་ནཱི་ཞབས་རྗེས་འདི་ འ་ནཱ་ལུ་ཡོད་ཟེར་ ཞུ་ནི་ཨིན། དེ་ལས་ བུ་ལི་གཡུས་ཁར་ གནས་གནས་མེདཔ་མེན་པས། གནས་ཡོད་པ་ལས་བརྟེན་ཏེ་ ད་ལྟོ་འ་ནཱི་
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    འ་ནཱེ་འབད་དེ་ ཏེ་ མཁའ་འགྲོ་མནྡ་ར་བ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ ཏེ་ མར་བྱོན་བྱོནམ་གྱི་ཡང་ཡོད། ཡར་ གཟིགས་སྐོར་བྱོན་བྱོནམ་གྱི་ཡོད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ འ་ནཱི་འདི་ཁར་ ག་ཅི་བརྩམས་ཅི་ག་ཟེར་བ་ཅིན་ ཡ་ཟེར་ ནོར་སེམས་ཅན་འདི་ཚུ་ རྟགས་དང་ རྟེན་འབྲེལ་ལེགས་བཅུག་ཅིག་ཟེར་
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    རོ་ཁྱི་དང་ བྱི་ལི་འདི་ཚུ་ ལེགས་ཤོམ་སྦེ་ ལེགས་བཅུག་ཅིག་ཟེར་ མི་འཁྱམས་ས་མི་འཁྱམས་ ནོར་འཁྱམས་ས་ ནོར་གྱི་འཁྱམས་ དེ་ལས་ནཱེ་འབད་དེ་ འ་ནཱེ་སྦེ་འབད་འབདཝ་གི་ ག་ར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ དངོས་གྲུབ་ འ་ནཱེ་སྦེ་ གནང་བཞག་ནུག་ལགས། ང་བཅས་ བུ་ལི་གཡུས་ཁར་
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    ནཱེ་འབད་དེ་ འ་ནཱི་སྦེ་འབད་ནི་དེ་གིས་ འ་ནཱ་ལུ་ མེདཔ་ག་ནི་ཡང་མེད། ག་ར་ཚངམ་འབད་ཡོད། འ་ནཱི་འབད་ནི་དེ་གིས་ མི་འདི་ཚུ་ག་ར་ དགའ་སྐྱིད་ཕུན་སུམ་ཚོགས་ནི་དོན་ལུ་འབད་དེ་ཨིན། འདི་ནང་ སེམས་ཅན་ སྤྱི་རིགས་སྣ་ཚོགས་ཀྱི་ རྐང་རྗེས་ཡོད་ཟེར་ ཞུ་ནི་ཨིན་ལགས། འ་ནཱི་རྡོ་གུ་ལས་ཐོན་འོང་།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    དེ་འབད་ནི་དེ་གིས་ མཇུག་ལས་ མཇུག་སུ་འབད་རུང་ འ་ནཱ་ལུ་ ག་ར་གོངམ་དཔོན་གཡོག་འདི་ཚུ་ཡང་ མཇལ་བར་བྱོན་མི་ཡོད་ཟེར་ ཞུ་ནི་ཨིན། དེ་ལས་ ཨ་ནཱི་ རྡོ་འདི་ཚུ་ཡང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ ཚོགས་ཨིན་ཟེར་བའི་ལགས། འ་ནཱི་སྦེ་ འ་ནཱེ་སྦེ་ཡོད་མི་
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    འ་ནཱི་རྡོ་འདི་ཚུ་ ཨོ་རྒྱན་རིན་པོ་ཆེ་ལུ་ཨིན་ཟེར་ ཚོགས་འ་ནཱེ་སྦེ་ ཕུལ་ཕུལ་བའི་ དེ་འབདཝ་ད་རྡོ་ལུ་འགྱུར་ཏེ་ འ་ནཱེ་སྦེ་ བཞག་བཞགཔ་ཨིན་གནས་རྡོ་ཟེར་ དེ་ལས་ ཨ་ཕི་ག་ཅི་སྨོ་ཟེར་བ་ཅིན་ ཨ་ཕར་ཡང་ ད་ལྟོ་ ཁྱིམ་བཟོ་སྟེ་ཡོད། ཕར་ཧོངམ་འདི་ཡང་ བཙན་གྱི་ཕོ་བྲང་ཨིན་ཟེར་ ཞུ་ནི་ཨིན།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    བཙན་གྱི་ཕོ་བྲང་རྡོ་ དེ་ལས་ འ་ནཱེམ་ཅིག་ལུ་ ད་ གནས་བདག་ ཞི་བདག་འཁོར་ཐམས་ཅད་ག་ར་ ཨ་ཕར་འབའ་ཅོ་རྐྱབ་ས་ལུ་ ཡང་ ག་ར་ཡོད་ལགས། ད་འདི་ནང་ བཙན་དང་ ཡུམ་མཚོ་སྨན་རྒྱལ་མོ་ ཨ་ནཱི་མཛད་ནུག་ལགས། མཛདཔ་ད་་ཡུམ་མཚོ་སྨན་རྒྱལ་མོ་ འ་ནཱ་བཞུགས་ནུག བཙན་ཨ་མར་ རྡོ་ཡོད་སར་ཨིན་ལགས། བཙན་གྱི་གདོང་ཁར་ ཡ་ད་ ཁྱོད་བྱོན་ཤིག་ཟེར་བའི་ཚུལ་
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: དེ་ལས་ ད་རུང་ མཁའ་འགྲོ་མ་གི་གསོལ་ཐབ་ ཐབ་ལ་ ང་བཅས་ར་གི་
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    མཁའ་འགྲོ་མའི་ གསོལ་ཐབ་འ་ཕར་ ད་ མཁའ་འགྲོ་མའི་ གསོལ་ཐབ་མཇལ་བར་བྱོན་གེ་ འམ་འམ་
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ད༌ལྟོ༌ ཕར༌མ༌མཇལཝ༌ལས༌རང༌ འ་ནཱི་གི་སྐོར་ལས་ཡང་ མདོར་བསྡུས་ཅིག་ གསུང་གནང་ད་ལགས།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    མཁའ་འགྲོ་མ་གི་ གསོལ་ཐབ་ཕར་ཡོད། མཁའ་འགྲོ་མ་ ག་ཅི་སྦེ་ཟེར་བ་ཅིན་ དང་ཕུ་ཏེ་ ཨོ་རྒྱན་རིན་པོ་ཆེ་ལུ་ ཇ་བཟོ་སྟེ་ དྲངས་དྲངས་པས༌ལགས།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    ཇ་བཟོ་སྟེ་ དྲངསམ་ད་ལུ་ གསོལ་ཐབ་ཨ་ཕར་ལུ་ མོ༌གིས༌ གསོལ༌ཐབ༌འ༌ཕར༌ བཙུགས༌ནུག༌ལགས། འ་ཕར་བཟོ་ཞིནམ་ལས་ འ་ནཱི་གི་ཨིན་ལགས།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    བུ་ལི་གཡུས་ཁར་ ག་ཅི་འབད་རུང་ མཁའ་འགྲོ་མ་འདི་ཚུ་ གནམ་མེད་ས་མེད་ ནཱ་བྱོན་ཏེ་ བཞུགས་ནུག མཁའ་འགྲོ་མནྡ༌ར༌བ༌དང༌ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཟེར་ ཨ་ནཱི་ ཞབས་རྗེས་ཨ་ནཱ་ ནཱེ་འབད་དེ་ ཨ་ནཱི༌ཨིན་ལགས།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    ཨ་ནཱི་ ཞབས་རྗེས་ དེ་ལས་ མར་འོངམ་ད་ ཨ་ནཱ་ལས་ཐོན་ནུག་ལགས། ཨ་ནཱ་འ་ནཱི་སྦེ་ འམ་ཨ་ནཱི་ རྟིང་ཨ་ནཱ་བཀལ་ནུག ཨ་ནཱི་ རོ་ཁྱི་གི་ རྐང་རྗེས་ ཨ་ནཱེ་སྦེ་ བྱི་ལི་རྐང་རྗེས་ རོ་ཁྱི་གི་རྐང་རྗེས་ དེ་ལས་ འ་ནཱེ་སྦེ་འབདཝ་ད་ ག་ར་ཨ་ནཱ་ལས་ ནཱེ་འབདཝ་ད་ འ་ནཱེ་འབདཝ་ད་ རོ་ཁྱི་གི་རྗེས་ བྱི་ལི་གི་རྗེས་ འདི་ཚུ་ག་ར་ འདི་ནང་བཞག་ནུག ནོར་སེམས་ཅན་ འདི་ཚུ་གི་ རྐང་རྗེས་འདི་ཚུ་ཡང་།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    དེ་ལས་ མར་ལྟ་འོངམ་ད་ ཨ་ནཱ་ལས་ ཐོན་ནུག་ལགས། ཨ་ནཱ་ འ་ནཱི་འབད་དེ་ འོང་་་རྟིངམ་ ཨ་ནཱེ་སྦེ་བཞག་ནུག ཨ་ནཱི་ གླང་གི་རྗེས་ཨིན། ཨ་ནཱི་ ཨ་ནཱི་ གླངམོ་ཆེའི་རྐང་རྗེས་ཨིན། འ་ནཱིསྦེ་ཡོད་ལགས། དེ་འབད་རུང་ ད་ལྟོ་ ཡལ་ཏེ་ ཡར་སོང་ནུག་ ཨ་ནཱ་ ག་ཅི་ཡོད་གོ་ཟེར་བ་ཅིན་ ཨ་ནཱི་སྦེ་འབདཝ་ད་ འགྱོ་ནུག མོ་འ་ནཱི་འབདཝ་ད་ མཁའ་འགྲོ་མནྡ་ར་བདང་ མཁའ་འགྲོ་འདི་ཚུ་ གར་འཆམ་རྐྱབ་ཡོད་པའི་ བཏག་ཨིན་པས་པ།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    ག་ར་གར་འཆམ་རྐྱབ་ ཏེ་ དེ་ལས་ འགྲོ་བ་སེམས་ཅན་ཐམས་ཅད་ག་ར་ བྱོན་དགོཔ་ རྐང་རྗེས་ལུ་ བཞག་ནུག རྟགས་མཚན་ ཁོང་ར་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ འ་ནཱེ་སྦེ་ཏེ་ ཨ་ནཱ་ལུ་ གླང་གི་རྐང་རྗེས་ བ་མེན་གྱི་ ལྕེ་གིས་བལྡག་བལྡགཝ་ཡོད། ད་རུང་ཨ་མར་
  • ལྷམ་ཆོས་རྒྱལ་/Lham Chogay:
    ལགས་སོ། ད་ ང་བཅས་ ནཱ་ བུ་ལི་གི་ གཡུས་སྒོ་ནང་ཨིན་པས། ཏེ་ ང་བཅས་ ཨ་ནཱེ་རྡོ་འདི་ ཏོག་ཁར་ལུ་ དང་པ་ ག་ཅི་ཞུ་ནི་སྨོ་ཟེར་བ་ཅིན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ ཞབས་རྗེས་གཅིག་ཡོད། དེ་ལས་ ང་བཅས་ ནཱ་ གཡུས་སྒོ་ནང་ ག་ཅི་གི་ནཱེམ་ རྐང་རྗེས་རང་ཡོད་གོ་ཟེར་བ་ཅིན། དང་པ་ སྟག་གི་རྐང་རྗེས་ཡོད། གཉིས་པ་ ང་བཅས་ སེམས་ཅན་ སྤྱི་རིགས་སྣ་ཚོགས་ཀྱི་ རྐང་རྗེས་འདི་ཚུ་ག་ར་ཡོད་ཟེར་ ཞུ་ནི་སྦེ་ཨིན།
  • ལྷམ་ཆོས་རྒྱལ་/Lham Chogay:
    ང་བཅས་ དེའི་ཐོག་ཁར་ལུ་ འ་ནཱེ་འདི་ཚུ་ཡོད་དགོ་མི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ ནཱ་ སེམས་ཅན་ སྤྱི་རིགས་སྣ་ཚོགས་ཀྱི་ རྐང་རྗེས་འདི་ ཡོད་མི་འདི་ ང་བཅས་ནཱ་ གཡུས་སྒོ་ནང་ལུ་ ཁྱབ་བསྒྲགས་དང་ ཡོངས་གྲགས་སྟོན་ནི་གི་དོན་ལུ་མེན། ང་བཅས་ ནཱ་ བུ་ལི་ མི་སེར་དམངས་ཀྱི་ ནང་སྐོར་རྒེད་འོག་གི་ ནཱ་ ག་ཅི་རང་འབད་རུང་ ང་བཅས་ རྟགས་དང་ ལོ་ཐོག་ལེགས་ ནཱེམ་འབད་ནི་གི་ཅིག་ཨིན་པས་ཟེར་ ཞུ་ནི་ལགས།
  • ལྷམ་ཆོས་རྒྱལ་/Lham Chogay:
    འ་་་ག་ཅི་རང་འབད་དེ་སྦེ་རུང་ ལོ་ཐོག་རྟག་ཏུ་ལེགས། ག་ཅི་རང་ ནཱེམ་ཅིག་ཡོད་ཟེར་ ཞུ་ནི་སྦེ་ཨིན། དེ་ལས་ ང་བཅས་ འདི་གི་ཐོག་ཁར་ལས་ ནཱ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ ཚོགས་ཕུལ་མི་གི་རྡོ་ཅིག་ཡོད། དེ་ལས་ མར་བཙན་བཞུགས་མི་གི་འདི་ཅིག་ཡང་ཡོད། དེ་ལས་ ང་བཅས་ ཧེ་མ་བ་མེན་གྱི་ རྡོ་ལྕེ་བལྡག་བལྡགཝ་བའི་ཟེར་ རྡོ་ཅིག་ཡང་ མར་ཕུལ་ནི་ཡོད། དེ་ལས་
  • ལྷམ་ཆོས་རྒྱལ་/Lham Chogay:
    ཨ་་་ཨ་་་་ཟླཝ་དང་ ཉི་མ་ཟེར་ རྡོ་ཅིག་མར་ཡོད་ཟེར་ ཞུ་ནི་སྦེ་ཨིན། ད་ལྟོ་འདི་ དེ་ནཱ་མེད། ད་མར་ ཨ་ཙི་ཅིག་མར་
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    མཇལ་བར་བྱོན་གེ་ཟེར་
  • ལྷམ་ཆོས་རྒྱལ་/Lham Chogay:
    ཡོད་པའི་ མཇལ་བར་བྱོན་གེ་ཟེར་ ཞུ་ནི་འབད་ཨིན་ལགས། ལགས་སོ་བཀའ་དྲིན་ཆེ་ལགས།
  • ལྷམ་ཆོས་རྒྱལ་/Lham Chogay:
    ལགས་སོ། ད་འདི་གི་ཐད་ཁ་ལྷོདཔ་ད་ ང་ མདོར་བསྡུས་ཅིག་སྦེ་ ཞུ་ནི་འབད་ཨིན། ང་་ཨ་་་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ ནཱ་ ཡར་གུ་རུ་རིན་པོ་ཆེ་ ཡར་ལས་ བོད་ལས་མར་བྱོནམ་ད་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ནཱ་ ནང་སྐོར་རྒེད་འོག་ ནཱ་ ཁེངས་བུ་ལི་ལུ་ བཞུགས་ནུག་ཟེར་ ཞུ་ནི་སྦེ་ཨིན།
  • ལྷམ་ཆོས་རྒྱལ་/Lham Chogay:
    ཏེ་ འ་ནཱི་ གསོལ་ཐབ་འདི་ ཨ་་་གུ་རུ་རིན་པོ་ཆེ་ ཡར་ལས་བྱོདམ་ད་ གསོལ་ཇ་གི་ གསོལ་ཐབ་ཨིན་ཟེར་ ཞུ་ནི་ཨིན། ཨ་ནཱི་འདི་ལགས། ཏེ་ ཨ་ནཱི་ མཐའ་འཁོར་ལུ་ ང་བཅས་ག་ནི་ཡང་ རག་ཀ་རོག་ཀ་ ཨ་ནཱི་འདི་ཚུ་ འབད་མ་བཏུབ་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • ལྷམ་ཆོས་རྒྱལ་/Lham Chogay:
    གཙང་ཏོག་ཏོ་སྦེ་ བཞག་དགོཔ་ཅིག་འབད་ཞིནམ་ན་ ང་བཅས་ ད་རེས་ནངས་པ་འབད་རུང་ གཙང་ཏོག་ཏོ་འབད་རང་བཞག་སྟེ་ཡོད། སྔོན་མར་ ཕམ་འདི་ཚུ་གིས་སྦེ་རུང་ ཧིང་སངས་ས་སྦེ་ བཞག་ནུག་ཟེར་ ཞུ་ནི་སྦེ་ཨིན་ལགས། ལགས་སོ། བཀའ་དྲིན་ཆེ་ལགས།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    ལགས་སོ། ད་ ང་བཅས་ ཨ་ནཱི་གི་སྐོར་ལས་ཞུ་བ་ཅིན སྔོན་མར་ ཨོ་རྒྱན་རིན་པོ་ཆེ་ བོད་ལས་བྱོདམ་ད་ལུ་ ཏེ་ བུ་ལི་ལུང་པ་ལུ་ གཡུས་སྒོ་གི་ དར་ཤིང་རྒྱས་ ཕུན་སུམ་ཚོགས་ནི་གི་དོན་ལུ་ ཤར་གྱི་ བ་མེན་གདོང་དཀར་ཟེར་མི་འདི་ ནཱ་ལྷོད་ནུག་ཟེར་ ཞུ་ནི་ཨིན།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    ཏེ་ ཤར་གྱི་བ་མེན་གདོང་དཀར་གྱི་ འ་ནཱེ་འབདཝ་ད་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་ འ་་་བ་མེན་གྱིས་ འ་ནཱི་ ནཱ་ལུ་ ལྕེ་གིས་ བལྡག་བལྡགཝ་བའི་ རྡོ་ཨིན་ཟེར་ ཞུ་ནི་སྦེ་ཨིན།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    འ་ནཱི་འབདཝ་ད་ལུ་ ཨོ་རྒྱན་རིན་པོ་ཆེ་དང་ ཤར་གྱི་ བ་མེན་གདོང་དཀར་ ང་བཅས་ བུ་ལི་ལུང་པ་ལུ་ ཕུན་སུམ་ཚོགས་ནི་གི་དོན་ལུ་ འ་ནཱི་ཨིན་ཟེར་ ཞུ་ནི་གནས་རྡོ་འདི། ཤར་གྱི་ བ་མེན་གདོང་དཀར་ཟེར་ གདོང་དཀརཔོ་སྦེ་མི་ བ་མེན་འ་ནཱི་གིས་ ཏེ་ ཨ་ནཱེ་སྦེ་ ལྕེ་གིས་ རྡོ་འདི་ག་ར་འབད་བའི་གི་ ཚུལ་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    ལོ་ཐོག་ རྟག་ཏུ་ལེགས་ནི་གི་དོན་ལུ་ ནོར་ལོངས་སྤྱོད་ག་ར་ རྒྱ་ཚ་རྒྱ་ཚམོ་ག་ར་འབད་རུང་ ལེགས་ནི་གི་དོན་ལུ་ཨིན་ཟེར་ ཞུ་ནི་སྦེ་ཨིན། འ་ནེམ་ཅིག
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    ལགས་སོ། ད་ང་བཅས་ བུ་ལི་ལུང་པ་ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ ཡར་བོད་ལས་བྱོནམ་ད་ལུ་ གནམ་ཁར་ལས་ ཟླ་བ་ཤར་ཟེར་མི་འདི་ ཟླ་བ་ཟེར་མི་འདི་ ཨ་ནཱི་རྡོ་འདི་ལུ་ བརྩི་བའི་ཟེར་ ཞུ་ནི་ཨིན་ལགས།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    འ་ནཱི་ ཉི་མ་འདི་མར་ཡོད། ཟླ་བ་འདི་ འ་ནཱི་ཨིན། ང་བཅས་ཀྱི་ ཉིམ་དང་ ཟླ་བ་བརྩི་མི་འདི་ ཏེ་ ཟླ་བ་ཟེར་མི་འདི་ འ་ནཱི་ རྡོ་འདི་ལུ་བརྩི་བའི། ལོ་ཕྱུགས་རྟག་ཏུ་ ལེགས་ནིའི་དོན་ལུ་ ག་ར་མི་སེར་ཡོངས་ ག་ར་ཕུན་སུམ་ཚོགས་ནི་གི་དོན་ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ཉི་མ་དང་ ཟླ་བ་བཀོད་བཞག་ནུག་ཟེར་ ཞུ་ནི་ཨིན་ལགས།
  • བརྩོན་འགྲུས་རྒྱལ་མཚན་/Tsondru Gyaltshen:
    ལགས་སོ། ད་ ང་བཅས་ བུ་ལི་ལུ་ ད་ལྟོ་ ཉི་མ་འདི་འབདཝ་ད་ལུ་ ཉིམ་ཟེར་མི་འདི་ འ་ནཱི་བརྩི་བའི། ཏེ་ཟླ་བ་ཟེར་མི་འདི་ ཨ་ནཱ་ ད་ལྟོ་ ང་གིས་ཞུ་ཡི། ཉི་མ་འདི་ འ་ནཱི་ཨིན། ཨོ་རྒྱན་གུ་རུ་རིན་པོ་ཆེ་ བོད་ལས་བྱོནམ་ད་ལུ། ཏེ་ཉི་མ་ཟེར་ ཨ་ནཱ་ ཨོ་རྒྱན་རིན་པོ་ཆེ་གིས་ ཉིམ་གི་ རྟགས་མཚན་འདི་ ནཱ་བཀོད་བཞག་ནུག ཟླ་བ་འདི་ ནཱ་བཀོད་བཞག་ནུག འ་ནཱི་ གནས་རྡོ་འདི་ ཉིམ་གི་ རྡོ་འདི་ཨ་ནཱི་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ལྷམ་ཆོས་རྒྱལ་/Lham Chogay:
    ང་བཅས་ ནཱ་ས་ཆ་ ཁེངས་བུ་ལི་ལུང་པ་ལུ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ནཱ་བཞུགས་ནཱེམ་སྦེ་འབདཝ་ད་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ ཡར་བོད་ལས་ མར་བྱོན་ནཱེམ་འབདཝ་ད་ ཁོང་བཞུགས་ས་གི་ ཨ་་་གདན་ཁྲི་ (Speaker clears throat) གཉིས་ཡོད་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ལྷམ་ཆོས་རྒྱལ་/Lham Chogay:
    ནཱི་མར་གཡོན་ཁ་ཐུག་གི་ན་ ཡེ་ཤེས་མཚོ་རྒྱལ་བཞུགས་ གཡས་ཁ་ཐུག་གི་ན་ ཨོ་རྒྱན་གུ་རུ་རིན་པོ་ཆེ་བཞུགས་ནུག་ཟེར་ ཞུ་ནི་སྦེ་ཨིན་ལགས།
    ལགས་སོ་ལགས། བཀའ་དྲིན་ཆེ།