Skip to main content Skip to search
20 Oct 2017
5 min 38 sec
Video Overview
Creators: 
Yeshi Wangchuk

The song Tsari Ney, sung here by Angay Nazom and Angay Kuenzang Dolma, is a popular bodra song known throughout the country. The title depicts a type of bamboo grass grown in Tibet that is very sacred, and used to make arrows. The lyrics describe the uses of the famous sacred grass. It is considered sacred because Thang Gyalpo, the great spiritual master who is famous for discovering iron, had used the grass as his walking stick (that stick is a sacred relic seen today in Tamchok Lhakhang in Paro). The arrows made from the sacred grass are considered to be the best arrows.

ཨང་རྒས་སྣ་འཛོམས་དང་ ཀུན་བཟང་སྒྲོལ་མ་གིས་འཐེན་མི་ གླུ་གཞས་ཙ་རི་གནས་ཟེར་མི་འདི་ རྒྱལ་ཁབ་ནང་འཁོད་ལུ་ ཡོངས་གྲགས་སྦེ་འཐེན་སྲོལ་ཡོད་པའི་ བོད་སྒྲའི་གླུ་གཞས་ཅིག་ཨིན། འདི་ཡང་བོད་ལུ་ སྦ་གི་རིག་ཅིག་ཨིན་མི་ རྩ་རི་སྨྱུང་མ་འདི་གནམ་མེད་ས་མེད་ རྩ་ཆེ་ཏོག་ཏོ་ཅིག་ཨིནམ་མ་ཚད་ སྦ་འདི་གི་ འབྲུག་གི་རང་ལུགས་ཀྱི་རྩེདམོ་ མདའ་བཟོ་ནི་ནང་ཡང་ཡོངས་གྲགས་ཡོདཔ་ཨིན། གླུ་གཞས་འདི་ནང་ སྤྱིར་བཏང་བྱིན་ཅན་དང་ ཡོངས་གྲགས་ཅན་གྱི་ སྦ་འདི་ ག་དེ་སྦེ་ལག་ལན་འཐབ་དོ་ཡོདཔ་ཨིན་ནའི་སྐོར་ལས་ འགྲེལ་བཤད་རྐྱབ་ཨིནམ་ད་ འདི་བྱིན་ཅན་སྦེ་ བརྩི་དགོ་མི་འདི་ ལྕགས་བཟོའི་མཁས་མཆོག་ཅིག་ཨིན་མི་ ནང་པའི་བླ་ཆེན་སྒྲུབ་ཆེན་ཐང་མཐོང་རྒྱལ་པོ་མཆོག་གིས་ ད་ལྟོ་སྤ་རོ་རྫོང་ཁག་ རྟ་མཆོག་ལྷ་ཁང་ནང་ ནང་རྟེན་སྦེ་ཡོད་མི་ཕྱག་འཁརཝ་སྦེ་ ལག་ལན་འཐབ་གནང་ཡོདཔ་ཨིན་པས། ཏེ་ཙཱ་རི་སྨུང་མ་གི་སྦེ་ བཟོ་མི་མདའ་འདི་ མདའ་དྲགས་ཤོས་སྦེ་ བརྩི་དོ་ཡོདཔ་བཞིན་དུ་ ཙཱ་རི་ལས་ཐོན་མི་སྦ་འདི་ བྱིན་ཅན་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་ནང་་ལཱ་འགན་ཡང་ལེ་ཤ་ཅིག་ཡོདཔ་ཨིན། 

Transcript search
No results found for this search
0 of 0
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ཙཱ་རི་གནས་ཙཱ་རི་གནས་ལ་སྐྱེས་པའི་སྨྱུག་མ་ང་ཙཱ་ལ་རི་གནས། །ཙཱ་རི་གནས་སྨྱུག་མ་འདི་བྲག་ལས་བཅད་ན་དགའ་ཡང་དགའ་ཙཱ་ལ་རི་གནས། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ཙཱ་རི་གནས་ཤར་ཕྱོགས་ཡས་ལ་དར་ཕྱོགས་འཕྱར་བ་འདྲ་ཙཱ་ལ་རི་གནས། །ཙཱ་རི་གནས་མདའ་མོ་ང་ལ་སྒྲོ་གཉིས་བཀལ་ཙམ་(ཙ་)ན་ཙཱ་ལ་རི་གནས། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ཙཱ་རི་གནས་ཐང་དཀར་རྒོད་པོ་གནམ་ལ་འཕུར་པ་(བ་)འདྲ་ཙཱ་ལ་རི་གནས། །ཙཱ་རི་གནས་མདའ་མོ་ང་ལ་སྒྲོ་གསུམ་བཀལ་ཙན་(ཙ་)ན་ཙཱ་ལ་རི་གནས། །ཙཱ་རི་གནས་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་་་་སྐྱོག་པོ་འདྲ་ཙཱ་ལ་རི་གནས། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ཙཱ་རི་གནས་མདའ་མོ་ང་ལ་སྒྲོ་བཞི་བཀལ་ཙམ་(ཙ་)ན་ཙཱ་ལ་རི་གནས། །ཙཱ་རི་གནས་དབང་ཆེན་དཔོན་པོའི་རྫོང་ཆེན་བཞེངས་པ་འདྲ་ཙཱ་ལ་རི་གནས། །ཙཱ་རི་གནས་མདའ་མོ་ང་ལ་སྤང་གཅིག་བཀལ་ཙམ་(ཙ་)ན་ཙཱ་ལ་རི་གནས། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ཙཱ་རི་གནས་མཚན་ལྡན་བླ་མའི་གཟིམ་ཅུང་བཞེངས་པ་འདྲ་ཙཱ་ལ་རི་གནས། །ཙཱ་རི་གནས་མདའ་མོ་ང་ལ་ལྕགས་གཅིག་བཀལ་ཙ་ན་ཙཱ་ལ་རི་གནས། །ཙཱ་རི་གནས་ཁམས་པ་དབུ་ཚུགས་ཅན་གྱི་ཀྲིང་ཀ་འདྲ་ཙ་ལ་རི་གནས།། །།
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ཙཱ་རི་གནས་སྨྱུག་མ་འདི་བྲག་ལས་བཅད་ན་སྐྱིད་ཡང་(ཀྱང་)སྐྱིད་ཙཱ་ལ་རི་གནས། །ཙཱ་རི་གནས་མདའ་མོ་ང་ལ་སྒྲོ་གཅིག་བཀལ་ཙམ་(ཙ་)ན་ཙཱ་ལ་རི་གནས། །