Video Overview
Lobzang Wangmo sings “Chang Lu” in Bhramikha, the local dialect. This song has never been recorded or written down before. It is traditionally sung while serving ara (locally made alcohol) to a guest. Lobzang Wangmo mentioned that the song is also sung while the guest refuses to drink the ara. Through singing the song, the locals force the person to drink. This song can be sung by women in groups, or individually. The song “Chang Lu” also contains spiritual meaning and connotations.
༉ བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་གླེམ་ལས་ཨིན་མི་ སློབ་བཟང་དབང་མོ་གིས་ གཡུས་དེ་ནང་གི་རྒས་ཤོས་ཚུ་ལས་ངག་རྒྱུན་འབད་དེ་ལྷབ་འོང་མི་གླུ་གཞས་ གནས་འདི་ཡར་ཡར་ཟངས་མདོག་དཔལ་རི་འདི་འཐེན་ཏེ་འདུག གླུ་གཞས་འདི་ རྒས་ཤོས་ཚུ་གི་ངག་ཐོག་ལས་བརྒྱུད་དེ་འོངམ་ལས་ ཡིག་ཐོག་ནང་མེདཔ་ཨིན་མས། ཧེ་མ་འབད་བ་ཅིན་ གཡུས་དེ་ནང་ བླམ་དང་གོ་གནས་ཅན་གི་མི་ཚུ་འབྱོན་པའི་སྐབས་འཐེནམ་ཨིནམ་མ་ཚད་ ད་ལྟོའི་བར་ན་ཡང་འཐེན་སྲོལ་ཡོདཔ་ཨིན་མས། གླུ་གཞས་འདི་འཐེན་པའི་སྐབས་ལུ་ མི་རྐྱང་འབད་དང་ ཡང་ན་སྡེ་ཚན་འབད་ཡང་འཐེན་སྲོལ་ཡོདཔ་ད་ གླུ་གཞས་འདི་ ཡོངས་གྲགས་མེདཔ་ལས་ ཚིག་ཚུ་ཡང་མི་ཤེས་དོ་ཡོདཔ་མས། གཡུས་དེ་ནང་ ཨ་ནཱི་གནས་འདི་ཡར་ཡར་ཟངས་མདོག་དཔལ་རི་ན་ ཟེར་མི་གླུ་གཞས་འཐེན་ཤེས་མི་འདི་ སློབ་བཟང་དབང་མོ་རྐྱངམ་ཅིག་མ་གཏོགས་ གཞན་མེདཔ་ཨིན་མས།
- Trashigang
- Phongme
- བློ་བཟང་དབང་མོ་Lobzang Wangmo: ཧེ་མ་ ང་བཅས་ཀྱི་སྐབས་ལུ་ བུམོ་གཞོན་པའི་བསྒང་ལུ་ འ་ནཱི་སྦེ་འཐེན་འཐེན་མས་ད། བླ་མ་འབྱོནམ་ད་ལུ་ མཆོད་པ་འ་ནཱི་སྦེ་ཕུལ་ཕུལཝ་ཨིན་མས་ད་ ག་ཅི་ཡང་མ་ཤེས་རུང་ འ་ནཱི་ཅིག་འཐེན་འཐེནམ་ཨིན་ལགས།
- བློ་བཟང་དབང་མོ་Lobzang Wangmo: གནས་འདི་ཡར་ཡར་ཟངས་མདོག་དཔལ་རི་ལ། །བླ་མ་ཨོ་རྒྱན་གུ་རུས་ཆོས་གནང་དོ། །
- བློ་བཟང་དབང་མོ་Lobzang Wangmo: ཆོས་འདི་ཞུ་རི་བསམ་ན་ཡར་བསམ་ན། །ལམ་འདི་ཁ་བ་ཆེན་པོས་ལམ་བཅད་ནས། །
- བློ་བཟང་དབང་མོ་Lobzang Wangmo: ཚེ་འདི་ད་ལྟ་ལུས་ལ་མ་ཐར་ན། །ཚེ་འདི་ཕྱི་མ་ལུས་ལ་སྐྱེ་བར་ཤོག །ཚེ་འདི་ཕྱི་མ་ལུས་ལ་སྐྱེ་བར་ཤོག །
- བློ་བཟང་དབང་མོ་Lobzang Wangmo: ལགས་སོ།། །།