Skip to main content Skip to search
02 Feb 2016
1 min 41 sec
Video Overview
Creators: 
Rinzin Dema, Sonam Choden

The Buddhist master Guru Rinpoché went on a longevity retreat at Pangpaisa for nine months. There, he discovered a longevity vase. Later, this vase was taken to Ugyenguru Temple, where it is still believed to be. Guru Rinpoche did a retreat in this temple for another nine months.

 

སྤ་རོ་ སྤང་པའི་ས་ཟེར་ས་ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ ཚེའི་སྒྲུབ་པ་གནང་སྟེ་ ཟླཝ་དགུ་དེ་ཅིག་བཞུགས་བཞུགསཔ་ཨིན་ཟེར་ ཚེ་རིང་གིས་བཤདཔ་ཨིན་པས། དེ་ནང་ལས་ གུ་རུ་རིན་པོ་ཁོ་ར་གིས་ར་ ཚེ་བུམ་ཅིག་ཡང་གཏེར་ལས་བཞེས་ཏེ་ དེ་ནང་ལས་གཏེར་བཞེས་མི་ཚེ་བུམ་དེ་ དགོན་པ་ཨོ་རྒྱན་གུ་རུ་ཟེར་སར་ ཡོདཔ་སྦེ་བཤད་ནི་འདུག ས་སྒོ་དེ་ནང་སྒྲུབ་པ་ ཟླཝ་དགུ་དེ་ཅིག་གནང་ཞིནམ་ལས་ ཨོ་རྒྱན་གུ་རུ་ཟེར་སར་ ཨ་ཙི་མ་ལྷོདཔ་ཅིག་ཁ་ལུ་ ད་རུང་ སྒྲུབ་པ་གནང་སྟེ་ཟླཝ་གཉིས་དེ་ཅིག་བཞུགས་ནུག ཟེར་ཨིན་པས།

 

Transcript search
No results found for this search
0 of 0
  • ཚེ་རིང་: Tshering.
    ང་བཅས་མར་ ཨོ་རྒྱན་གུ་རུ་གསེས་སླབ་དགོ་མི་འདི་ཏེ་ མ་གི་གུ་རུ་འདི་ ན་ཟླཝ་དགུ་གསེས་མི་འདི་ ན་ཚེའི་སྒྲུབ་པ་གནང་སྟེ་ སྡོད་སྡོདཔ་ཨིན་གསེས་ཨིན་མས་ལགས། ཏེ་ཨ་ནི་ཚེ་བུམ་གནས་འདི་ཡང་ཏེ་ ཁོ་ར་གིས་འབད་ ཏེ་རོགས་ཚེ་བུམ་འདི་གཏེར་བཞེས་ཏེ་སྦེ་ ཏེ་ད་རེས་མ་དགོན་པ་ཨོ་རྒྱན་གུ་རུ་གསེས་མི་ན་ཡོད་གསེས་ཞུ་ནི་ལགས།
  • ཚེ་རིང་: Tshering.
    ཏེ་ཕ་གི་ཨ་ནི་སྒྲུབ་ཕུག་ ན་གི་ཚེ་བུམ་གནས་འདི་ནང་ཟླཝ་དགུ་སྒྲུབ་པ་གནང་ ཏེ་ན་ལས་སྦེ་བྱོན་སྦེ་ ཏེ་མར་ཨོ་རྒྱན་གུ་རུ་གསེས་མི་ས་སྒོ་ནང་བྱོན་ ཏེ་མར་མ་ལྷོདཔ་ཅིག་ཁ་ལས་ཏེ་ ན་ཚུར་ དགོན་པའི་ཚུར་ཁ་ཐུག་ནེམ་ཚེ་བུམ་གྱི་ནེམ་ཅིག་ཡོད་བ་ ཚེ་བུམ་སྡོད་ས་ཅིག་ ཨ་ནི་ནང་ཟླཝ་གཉིས་བཞུགས་ནུག་གསེས་ཞུ་ནི་ལགས།
  • ཚེ་རིང་: Tshering.
    ན་གི་འདི་ འ་ནེམ་ཅིག་ཨིན་མས་ལགས།
  • ཚེ་རིང་: Tshering.
    ཏེ་མར་ ཨ་མི་ནང་ལུ་གསེར་ཉ་ཕོ་མོ་དང་ཨ་ནི་ཚུ་མཇལ་ནི་ཡོད་ལགས།
  • ཚེ་རིང་: Tshering.
    དཔག་བསམ་ལྗོན་ཤིང་འདི་ཚུ།
  • ཚེ་རིང་: Tshering.
    གཙོ་བོ་ར་ ཨ་ཡ་འདི་ཨིན་ལགས། ཚེ་བུམ་འདི་ལགས། ཚེ་བུམ་ངོ་མ་འདི་ར་ཨ་ཡ་གི་འདི་ཨིན་ལགས།
  • ཚེ་རིང་: Tshering.
    ན་འདི་འ་ནེམ་ཅིག་ཨིན་མས།