Skip to main content Skip to search
29 Jan 2016
3 min 41 sec
Rating
0
No votes yet
Video Overview
Creators: 
Rinzin Dema, Tshering Bidha

Thinley Bidha recites a lozey ballada in this video. This particular ballad is actually an old proverb converted into a lozey.  This entire recitation is about a person called “Tongdeb Thedrel,” his life and trials.

 

Show More

  • ཨམ་ཕྲིན་ལེགས་བུ་དར:
    ས་བོད་ཀྱི་གཏོང་དེབ་མཐུད་མགྲོལ། །
  • ཨམ་འཕྲིན་ལེགས་བུད་དར:
    ཡུམ་ཨ་མའི་ཁོངས་ལས་དམ་ཆོས་དྲན། །
  • ཨམ་འཕྲིན་ལས་བུད་དར
    ལོ་དོ་གསུམ་ལུ་ཀ་ཀུ་ལྷབ། །
  • ཨམ་འཕྲིན་ལས་བུད་དར
    ལྔ་གསུམ་བཅོ་ལྔ་སྐུ་མཚམས་འཛུལ། །
  • ཨམ་འཕྲིན་ལས་བུད་དར
    དྲུག་གསུམ་ཟླ་གསུམ་སྐུ་མཚམཧ་ཐོན། །
  • ཨམ་འཕྲིན་ལས་བུད་དར
    ཕྱི་ལུས་ཀྱི་དཀའཝ་ཆོག་ནུག་པ། །
  • ཨམ་འཕྲིན་ལས་བུད་དར
    ནང་སེམས་ཀྱི་སྡིག་པ་མ་དག་པས། །
    But the sins of the inner mind were not purified,
  • ཨམ་འཕྲིན་ལས་བུད་དར
    འདི་མ་དག་ཙམ་ལུ་གནས་བསྐོར་བྱོན། །
  • ཨམ་འཕྲིན་ལས་བུད་དར
    གནས་ཆེ་བ་མཇལ་ཅིག་ཆུང་ཡང་མཇལ། །
  • ཨམ་འཕྲིན་ལས་བུད་དར
    ཆེ་བ་ལྷ་ས་བསམ་ཡས་མཇལ། །
  • ཨམ་འཕྲིན་ལས་བུད་དར
    ཆུང་བ་རྩ་རི་རྩེ་བསྐོར་མཇལ། །
  • ཨམ་འཕྲིན་ལས་བུད་དར
    ཕུག་ཡར་ལས་ལྷཱ་བདུད་ལྷ་ཁང་མཇལ། །
  • ཨམ་འཕྲིན་ལས་བུད་དར
    དོ་མ་ལས་རྫོང་བྲག་ལྷ་ཁང་མཇལ། །
  • ཨམ་འཕྲིན་ལས་བུད་དར
    སྟག་ཚང་སེང་གེ་པད་ཕུག་མཇལ། །
  • ཨམ་འཕྲིན་ལས་བུད་དར
    བཙུགས་པའི་ཨོ་རྒྱན་རྩེ་མོ་མཇལ། །
  • ཨམ་འཕྲིན་ལས་བུད་དར
    དོ་རྣམས་གསེར་གྱི་སྤ་པྲ་མཇལ། །
  • ཨམ་འཕྲིན་ལས་བུད་དར
    སྟག་རྫོང་དུང་གི་ཨ་ལོ་མཇལ། །
  • ཨམ་འཕྲིན་ལས་བུད་དར
    སྤ་རོ་གནམ་ཐ་དཀར་ཅུ་མཇལ། །
  • ཨམ་འཕྲིན་ལས་བུད་དར
    གནས་ཆེ་ཆུང་མེད་པར་མཇལ་ཡི། །
  • ཨམ་འཕྲིན་ལས་བུད་དར
    གནས་ཆེ་ཆུང་མེད་པར་བསྐོར་ཡི་བ། །
  • ཨམ་འཕྲིན་ལས་བུད་དར
    ང་སེམས་ཀྱི་སྡིག་པ་མ་དག་པས། །
  • ཨམ་འཕྲིན་ལས་བུད་དར
    འདི་་མ་དག་ཙམ་ལུ་གནས་བསྐོར་བྱོན། །
  • ཨམ་འཕྲིན་ལས་བུད་དར
    ཨ་རྟག་མ་འཛེག་གསེར་གྱི་ལ། །
  • ཨམ་འཕྲིན་ལས་བུད་དར
    གསེར་གྱི་ལ་ལས་མར་བལྟ་ཚེ། །
  • ཨམ་འཕྲིན་ལས་བུད་དར
    ཨ་རྟག་མ་མཐོང་མཐོ་བའི་རི། །
  • ཨམ་འཕྲིན་ལས་བུད་དར
    མཐོ་བའི་རི་ལས་མར་བལྟ་ཚེ། །
  • ཨམ་འཕྲིན་ལས་བུད་དར
    མ་རྒྱའི་ཨཱརྱ་དེཝ། ། །
  • ཨམ་འཕྲིན་ལས་བུད་དར
    ཉན་མས་ཨཱརྱ་དེཝ། །
  • ཨམ་འཕྲིན་ལས་བུད་དར
    གསན་མས་ཨཱརྱ་དེཝ། །
  • ཨམ་འཕྲིན་ལས་བུད་དར
    ང་བོད་ཀྱི་གཏོང་དེབ་མཐུད་མགྲོལ། །
  • ཨམ་འཕྲིན་ལས་བུད་དར
    གནས་ཆེ་ཆུང་མེད་པར་མཇལ་ཆེ་ཡི། །
  • ཨམ་འཕྲིན་ལས་བུད་དར
    ནས་ཆེ་ཆུང་མེད་པར་བསྐོར་ཆེ་ཡི། །
  • ཨམ་འཕྲིན་ལས་བུད་དར
    རྒྱའི་གནམ་དག་དཀར་ཅུ་མ་མཇལ་བ། །
  • ཨམ་འཕྲིན་ལས་བུད་དར
    ངེ་སེམས་ཀྱི་སྡིག་པ་མི་དག་པས། །
  • ཨམ་འཕྲིན་ལས་བུད་དར
    ས་རྒྱའི་གནམ་དག་དཀར་ཅུ། །
  • ཨམ་འཕྲིན་ལས་བུད་དར
    ས་ག་གི་ཕྱོགས་ལུ་ཨིནམ། །
  • ཨམ་འཕྲིན་ལས་བུད་དར
    ཁྱོད་གདོང་སྒྲོ་མཇའ་རིལ་ཅཔ་མ་ནི། །
  • ཨམ་འཕྲིན་ལས་བུད་དར
    གདོང་སྒྲོ་ང་ལུ་བརྙ་གནང་མས། །
  • ཨམ་འཕྲིན་ལས་བུད་དར
    ཁྱོད་ཧམ་པུ་ཅན་ཅིག་ཧམ་པུ་ཅན།།
  • ཨམ་འཕྲིན་ལས་བུད་དར
    ས་བོད་ཀྱི་གཏོང་དེབ་ཧམ་པུ་ཅན། །
  • ཨམ་འཕྲིན་ལས་བུད་དར
    རྒྱའི་གནམ་དག་དཀར་ཅུ་འདི། །
  • ཨམ་འཕྲིན་ལས་བུད་དར
    རྩེ་གནམ་ལུ་མ་རེག་ཆུ་གང་ཨིན། །
  • ཨམ་འཕྲིན་ལས་བུད་དར
    ཁྲི་གདུགས་ཉིམ་གྱིས་མཇལན་མཇལ། །
  • ཨམ་འཕྲིན་ལས་བུད་དར
    དཀར་གསལ་དམངས་ཀྱིས་བསྐོརན་བསྐོར། །
  • ཨམ་འཕྲིན་ལས་བུད་དར
    མི་ཚུ་གཞན་གྱིས་ནཱི་མི་མཇལ། །
  • ཨམ་འཕྲིན་ལས་བུད་དར
    གཏོང་དེབ་ཁྱོད་ཀྱིས་གན་མཇལཝ། །
  • ཨམ་འཕྲིན་ལས་བུད་དར
    རྩཝ་ས་ལུ་མ་རེག་ཆུ་གང་ཨིན། །
  • ཨམ་འཕྲིན་ལས་བུད་དར
    བྲག་རྩེ་རྒྱལ་མོའི་མཇལན་མཇལ། །
  • ཨམ་འཕྲིན་ལས་བུད་དར
    གཟིར་གཟིར་སྦྲང་མ[མཚོ་སྨནརྒྱལ་མོ]སྐོརན་སྐོར། །
  • ཨམ་འཕྲིན་ལས་བུད་དར
    མི་ཚུ་གཞན་གྱིས་ནཱི་མ་མཇལ། །
  • ཨམ་འཕྲིན་ལས་བུད་དར
    གཏོང་དེབ་ཁྱོད་ཀྱིས་གན་མཇལ་བ། །
  • ཨམ་འཕྲིན་ལས་བུད་དར
    སྐེདཔ་བྲག་ལུ་མ་རེག་ཆུ་གང་ཨིན། །
  • ཨམ་འཕྲིན་ལས་བུད་དར
    བྲག་གིས་རྩེ་རྒྱལ་མོའི་མཇལན་མཇལ། །
  • ཨམ་འཕྲིན་ལས་བུད་དར
    སེམས་གཟིར་གཟིར་སྦྲངམོ་བསྐོརན་བསྐོར།།
  • ཨམ་འཕྲིན་ལས་བུད་དར
    མི་ཚུ་གཞན་གྱིས་འདི་མི་མཇལ། །
  • ཨམ་འཕྲིན་ལས་བུད་དར
    གཏོང་དེབ་ཁྱོད་ཀྱིས་གན་མཇལ་བ། །
  • ཨམ་འཕྲིན་ལས་བུད་དར
    ངེ་མཐུད་མགྲོལ་བྱི་ལི་སྒོང་མོ་འདི། །
  • ཨམ་འཕྲིན་ལས་བུད་དར
    ཡར་འཁོད་སྟོད་གསེར་ལུ་གསེར་ལྒ་ཨིན། །
  • ཨམ་འཕྲིན་ལས་བུད་དར
    དགུང་ཁྲི་གདུགས་ཉི་མའི་གཞོན་རྟ་ཨིན། །
  • ཨམ་འཕྲིན་ལས་བུད་དར
    མར་མཁོད་སྨད་དངུལ་ལུ་དངུལ་ལྒ་ཨིན། །
  • ཨམ་འཕྲིན་ལས་བུད་དར
    ཆུ་ཤལ་ཟླ་བའི་གཞོན་རྟ་ཨིན། །
  • ཨམ་འཕྲིན་ལས་བུད་དར
    སྐེདཔདར་ལུ་དུང་ལྒ་ཨིན། །
  • ཨམ་འཕྲིན་ལས་བུད་དར
    ངེ་ཡབ་ཆེན་རྒྱལ་པོའི་གཞོན་རྟ་ཨིན། །
  • ཨམ་འཕྲིན་ལས་བུད་དར
    ནཱི་གཏོང་དེབ་ཁྱོད་ལས་ག་བརྙ་དགོ་ཟེར། །
  • ཨམ་འཕྲིན་ལས་བུད་དར
    རྒྱའི་གནམ་དག་དཀར་ཅུ་འདི། །
  • ཨམ་འཕྲིན་ལས་བུད་དར
    རྩེ་གནམ་ལུ་མ་རེག་ཆུ་གང་ཡོད། །
  • ཨམ་འཕྲིན་ལས་བུད་དར
    ཁྲི་གདུགས་ཉིམ་ཝ་རྟ་བཙུགས། །
  • ཨམ་འཕྲིན་ལས་བུད་དར
    དཀར་གསལ་དམངས་ཀྱིས་ལྒ་སྲབ་མགྲོན། །
  • ཨམ་འཕྲིན་ལས་བུད་དར
    མི་ཚུ་གཞན་གྱིས་འདི་མ་མཇལ། །
  • ཨམ་འཕྲིན་ལས་བུད་དར
    ནཱི་གཏོང་དེབ་ང་གིས་མཇལ་ཆེ་ཡི། །
  • ཨམ་འཕྲིན་ལས་བུད་དར
    རྩཝ་ས་ལུ་མ་རེག་ཆུ་གང་འདི། །
  • ཨམ་འཕྲིན་ལས་བུད་དར
    མཚོ་སྨན་རྒྱལམོ་ཝ་རྟ་བཙུགས། །
  • ཨམ་འཕྲིན་ལས་བུད་དར
    གསེར་མའི་ཉ་མོ་ལྒ་སྲབ་མགྲོན། །
  • ཨམ་འཕྲིན་ལས་བུད་དར
    མི་ཚུ་གཞན་གྱིས་ནཱི་མ་མཇལ། །
  • ཨམ་འཕྲིན་ལས་བུད་དར
    ནི་གཏོང་དེབ་ང་གིས་མཇལ་ཆེའ་ཡི། །
  • ཨམ་འཕྲིན་ལས་བུད་དར
    སྐེདཔ་བྲག་ལུ་མ་རེག་ཆུ་གང་འདི། །
  • ཨམ་འཕྲིན་ལས་བུད་དར
    ང་བྲག་རྩེ་རྒྱལ་མོའི་ཝ་རྟ་བཙུགས། །
  • ཨམ་འཕྲིན་ལས་བུད་དར
    གཟིར་གཟིར་སྦྲང་མོ་ལྒ་་སྲབ་མགྲོན། །
  • ཨམ་འཕྲིན་ལས་བུད་དར
    མི་ཚུ་གཞན་གྱིས་ནཱི་མ་མཇལ་བ། །
  • ཨམ་འཕྲིན་ལས་བུད་དར
    ནི་གཏོང་དེབ་ང་གིས་མཇལ་ཆེ་ཡི། །
  • ཨམ་འཕྲིན་ལས་བུད་དར
    ད་བཤགས་པ་བཞེས་ཅིག་གཤགས་པ་བཞེས། །
  • ཨམ་འཕྲིན་ལས་བུད་དར
    ས་བོད་ཀྱི་གཏོང་དེབ་གཤགས་པ་བཞེས། །
  • ཨམ་འཕྲིན་ལས་བུད་དར
    སངས་རྒྱས་ཧང་ཁར་བྱོན་རུང་ང་མ་འཚོར། །
  • ཨམ་འཕྲིན་ལས་བུད་དར
    བྱིན་རླབས་ལྷ་གིས་གནང་རུང་ང་མ་ཤེས། །
  • ཨམ་འཕྲིན་ལས་བུད་དར
    ངེ་གདོང་སྒྲོ་བྱི་ལི་སྒོང་མོ་འདི། །
  • ཨམ་འཕྲིན་ལས་བུད་དར
    འཁོད་སྟོད་གསེར་ལུ་གསེར་ལྒ་་ཡོད། །
  • ཨམ་འཕྲིན་ལས་བུད་དར
    དེ་གཏོང་དེབ་ཁྱོད་ཀྱིས་བཞེས་གནང་མས། ཐ།
  • ཨམ་འཕྲིན་ལས་བུད་དར
    འཁོད་སྨད་དངུལ་ལུ་དངུལ་ལྒ་ཡོད། །
  • ཨམ་འཕྲིན་ལས་བུད་དར
    འདི་གཏོང་དེབ་ཁྱོད་ཀྱིས་བཞེས་གནང་མས། །
  • ཨམ་འཕྲིན་ལས་བུད་དར
    སྐེད་དར་ལུ་དུང་ལྒ་ཡོད། །
  • ཨམ་འཕྲིན་ལས་བུད་དར
    ནཱི་གཏོང་དེབ་ཁྱོད་ལུ་བཞེས་གནང་མས་ཟེར། །