Video Overview
Meto Gyaltshen from Martsala narrates about the ruined dzong of Martshala. These ruins are believed to belong to the Khaling Ja Drung, located in Martshala village. He heard this story from his grandfather. He recounts that Drungpa was known as Ja Drung, who collected taxes from Indians of the Duar areas and submitted them to the Trongsa Penlop via the Trashigang Dzongpon. He says the dzong was already in ruins when his grandfather was still young.
- མེ་ཏོག་རྒྱལ་མཚན་ཧེ་མ་ ངེའི་ཨ་རྒས་ཀྱི་ ནོར་རྫིབ་སྦེ་འགྱོཝ་ད་ལུ་ མར་ ནོར་ལྟ་སྟེ་སྡོདཔ་ད་ རྫོང་གི་གྱང་ཁོག་གཅིག་ཕྱད་དེ་ ཏེ་ང་གི་ཨ་རྒས་ལུ་འདྲི་ཡི་ལགས་ འ་ནཱི་ ཁྱིམ་གྱི་གྱང་ཁོག་འདི་ ག་ཅི་སྨོ་མེ་མེ་ཟེར་འདྲིཝ་ད་ ཏེ་ཨ་རྒས་གིས་གསུངས་དེས་ ང་ལུ་ལྟ་སྟེ།
- མེ་ཏོག་རྒྱལ་མཚན་ཏེ་འ་ནཱི་འདི་དང་ཕུ་ མཁའ་གླིང་རྒྱ་དྲུང་ཟེར་སླབ་ཨིན་ ཏེ་འ་ནཱི་མཁའ་གླིང་རྒྱ་དྲུང་ཟེར་མི་འདི་ ཡར་མཁའ་གླིང་ལས་མར་ལྟག་སྦེ་ ནཱ་གི་འདི་ཡན་ལག་སྦེ་ ཏེ་རྫོང་རྙིངམ་གྱི་གྱང་ཁོག་ཟེར་སླབ་ཨིན།
- མེ་ཏོག་རྒྱལ་མཚན་ཏེ་འ་ནཱེ་འབདཝ་ལས་ ཏེ་ཁོ་གིས་ མར་རྒྱ་ཨ་སམ་ལུ་སོང་སྟེ་ མར་ལས་ཁྲལ་བསྡུ་འབག་འོང་སྟེ་ ཡར་ལྟག་ལོག་ འོང་སྟེ་ ལོ་ལྟར་བཞིན་དུ་ ཁྲལ་བསྡུཝ་ད་ ཁོ་ལུ་ཏེ་ ཁོ་གིས་ ཡར་གཞུང་ལུ་མ་ཕུལ་བར་ ཏེ་ཁོ་ལུ་ ཤུལ་ལས་ཟེརཝ་ད།
- མེ་ཏོག་རྒྱལ་མཚན་ཏེ་གཞུང་གིས་ ཁྲལ་ཡར་མ་ལྷོད་ཞིནམ་ལས་ དེ་ལས་ཏེ་ ཁོ་ཤུལ་ལས་ གཞུང་ལས་སྒརཔ་བཏངམ་ད་ ནཱ་རྫོང་ནང་འོངམ་བལྟཝ་ད་མེད་པར་ ཏེ་རྟིང་བདའ་མར་སོང་སྦེ་འདྲིཝ་ད་ ག་ཏེ་འགྱོ་ཡི་ཟེར་འདྲིཝ་ད།
- མེ་ཏོག་རྒྱལ་མཚན་ཕར་རྫོང་ནང་སྡོདཔ་མི་ཚུ་ལུ་འདྲིཝ་ད་ མར་ལྟ་ཁྲལ་བསྡུ་བར་ ཡར་སོང་ཡང་ཟེར་སླབ་སྟེ་ ཏེ་མར་འགྱོཝ་ད་ལུ་ཏེ་ མར་ང་བཅས་རའི་ འབྲུག་གི་ས་དང་ ཨ་སམ་གྱི་ས་ ས་མཚམས་ནང་ལྷོདཔ་ད།
- མེ་ཏོག་རྒྱལ་མཚན་ཏེ་མར་ལས་ཡར་ལྟ་ ལོག་ཕར་སྡོདཔ་ད་ ཏེ་ཕར་ལྷོདཔ་ད་ ཁོང་ཚུ་ཅི་འབད་ཡི་ག་ ཏེ་འ་ནཱ་ལས་ཏེ་ ཕར་གྱི་རྫོང་དཔོན་འདི་ དེ་བསྒང་ལས་མེདཔ་ཡར་ཡི་ཟེར་ ངེའི་ཨ་རྒས་ཀྱིས་ གཏམ་དེ་སྦེ་སླབ་དེས་ལགས།
- མེ་ཏོག་རྒྱལ་མཚན་དེ་ལས་འདི་ འ་ནཱ་ལས་ ད་ ནཱ་གི་རྫོང་དཔོན་འདི་ ཧྲམ་ཏེ་གི་ ཤུལ་ལས་ཏེ་ རྫོང་གི་གྱང་ཁོག་འདི་ འ་ནཱ་ལས་འགྱོ་འགྱོཝ་ཨིན་ཟེར་ ངེའི་ཨ་རྒས་ཀྱི་ དེ་སྦེ་གསུངས་དེས་ལགས།
- མེ་ཏོག་རྒྱལ་མཚན་ཏེ་དེ་ལས་འདི་ དེའི་ཤུལ་ལས་འདི་ ཏེ་ནཱ་ ད་ལྟོ་ཡར་ མར་ཚྭ་ལ་ཟེར་སར་ལུ་ དེ་ལས་ཏེ་ ག་ཅི་ལོ་རྫོང་ དྲུང་པ་ཟེར་ཆགས་ཏེ་ ཏེ་མི་ཚེ་གཅིག་ དྲུང་པ་ཆགས་སྟེ་ ཏེ་ནཱ་དྲུང་པ་གི་མི་སེར་ བྱིན་བདག་དག་པ་ཅིག་སྡོད་དེ་ ཏེ་ཤུལ་ལས་ཟེརཝ་ད་ སྟབསམ་བདེཝ་ཐོན་ཏེ།
- མེ་ཏོག་རྒྱལ་མཚན་དེ་ལས་འདི་ ཏེ་མི་སེར་དང་ དྲུང་པ་འདི་ཚུ་མ་སྒྲིག་པར་ དེ་ལས་ཏེ་ ཞབས་ཀྱི་སྐུ་མདུན་ལུ་ ཡར་བུམ་ཐང་ཟེར་ས་ལུ་སོང་སྟེ་ རྩིས་གཞི་ཕྱེ་སྟེ་ དེ་ལས་ཏེ་ རྩིས་གཞི་ཕྱེཝ་ད་ ཏེ་རོག་དྲུང་པ་རྒྱལ་ཏེ་ ནཱ་གི་མི་སེར་འདི་ཚུ་ཡང་ ཏེ་ནཱ་ལུ་ཡང་མེདཔ་སོང་ནུག
- མེ་ཏོག་རྒྱལ་མཚན་དེ་ལས་ཏེ་ ཤུལ་ལས་ ཏེ་ང་བཅས་རའི་ནཱ་ དྲུང་པ་གིས་སྦེ་ ཏེ་ཞབས་ལུ་ཞུ་སྟེ་ ཏེ་དེ་ལས་འདི་ ང་བཅས་ མར་ཚ་ལའི་མི་སེར་ཟེར་མི་འདི་ ཏེ་ས་ཕར་ཨོ་རོང་ཟེར་སར་ལས་ ཏེ་ཞབས་ཀྱིས་གནང་སྟེ།
- མེ་ཏོག་རྒྱལ་མཚན་ཏེ་ཨོ་རོང་ལས་ཚུར་ ཕེ་མེ་ལ་ཟེར་ས་ལས་ཚུར་གནང་སྟེ་ ཏེ་དེ་ལས་ ཕར་ལས་དགུང་གྲངས་བཅུ་ཐམ་ ང་བཅས་རའི་ནཱ་ མར་ཚྭ་ལ་གི་ དྲུང་པའི་མི་སེར་སྦེ་གནང་སྟེ།
- མེ་ཏོག་རྒྱལ་མཚན་དེ་ལས་ཏེ་ ད་ལྟོ་ནཱ་ མར་ཚྭ་ལ་གི་ གཡུས་ཆགས་མི་འདི་ ད་ལྟོ་ ང་བཅས་ར་ མར་ཚ་ལའི་མི་ངོ་མ་ ད་ལྟོ་ མར་ཚ་ལ་འཚོ་ཟེར་ཐོབ་མི་འདི་ ཏེ་ཐེངས་གསུམ་པ་ལུ་ལྷོད་ལྷོགཔ་་ཨིན་ཟེར་ཞུ་ནི་ལགས།
- མེ་ཏོག་རྒྱལ་མཚན་དེ་ལས་ཏེ་ ད་ལྟོ་ ང་བཅས་ནཱ་གི་མི་སེར་ཚུ་ ཏེ་དགུང་གྲངས་བཅུ་ཐམ་གནང་ས་ལས་ དེ་ལས་ཏེ་ ནཱ་དགུང་གྲངས་བཅུ་ཐམ་གྱིས་སྦེ་ དར་ཁྱབ་སོང་སྟེ་ དང་པ་ར་ འ་ནཱེ་སྦེ་མར་ཚྭ་ལ་ཟེར་ཆགས་སྟེ་ ཏེ་འ་ནཱ་ལས་ སྒོར་མཐོང་ཟེར་ དེ་ལས་ བཀག་པ་དུང་།
- མེ་ཏོག་རྒྱལ་མཚན་དེ་ལས་རི་ཆང་ལོ་ དེ་ལས་ དགའ་གླིང་མཁར་ དབང་ཕུ་ཟེར་ གུང་གྲངས་བཅུ་ཐམ་གྱིས་ཏེ་ དགུང་ གཡུས་ཚན་ འ་ནཱེམ་ཅིག་སོང་ཡི་ཟེར་ ངེའི་ཨ་རྒས་ཀྱིས་ ལོ་རྒྱུས་འ་ནཱེ་སླབ་དེས་ཟེར་ཞུ་ནི་ལགས།
- མེ་ཏོག་རྒྱལ་མཚན་ཏེ་འ་ནཱིའི་ཧེ་མ་འདི་ ང་བཅས་རའི་ནཱ་གི་ མར་ཚ་ལ་གི་ མི་འདི་མེད་ཟེར་ ཏེ་དེ་ལས་ འ་ནཱི་མི་རབས་གསུམ་ཐལ་ཞིནམ་ལས་ ཁོང་ དང་པ་འདི་ མར་རྫོང་གི་སྦེ་ མི་རབས་གཅིག་ཚར་ཡི་ཟེར་ ཏེ་དེ་ལས་ཤུལ་ལས་འདི་ ནཱ་གི་དྲུང་པ་གིས་སྦེ་ ཏེ་ཁོང་ མི་སེར་དང་དྲུང་པ་མ་འཆམ་ལས་བརྟེན་ཏེ།
- མེ་ཏོག་རྒྱལ་མཚན་མི་རབས་གཉིས་ དེ་སྦེ་རྫོགས་སོང་ཡི་ཟེར་ དེ་ལས་ཏེ་ དྲུང་པ་གིས་ལོག་སྟེ་ དོ་རུང་ ཞབས་ལུ་ཞུ་སྟེ་ དེ་ལས་ཏེ་མི་སེར་ ཨོ་རོང་ལས་ཚུར་བཏོན་ཏེ་ དེ་ལས་ཏེ་ ང་བཅས་རའི་ ནཱ་གི་མི་རབས་གསུམ་འགྱོ་འགྱོཝ་ཨིན་ཟེར་ ངེའི་ཨ་རྒས་ཀྱི་ ལོ་རྒྱུས་དེ་སྦེ་སླབ་དེས་ཟེར་ ཞུ་ནི་ཨིན་ལགས།
- མེ་ཏོག་རྒྱལ་མཚན་ཧེ་མ་ངེའི་ཨ་རྒས་ཀྱིས་ དེ་བཟུམ་སྦེ་ ལོ་རྒྱུས་ཅིག་སླབ་མི་འདི་ ཤུལ་ལས་ཏེ་ ཏེ་ག་ར་གིས་ ལོ་རྒྱུས་ཨ་ཙི་རེ་གོ་སྟེ་ ཏེ་དེ་མ་ཚད་ ད་རེས་ ང་བཅས་རའི་ དྲག་ཤོས་དྲུང་པ་དང་ གྲྭ་ཚང་ལྷན་ཚོགས་ཀྱིས་ཡང་བཀའ་གནང་སྟེ་ ད་རེས་ནངས་པ་ བདག་འཛིན་འབད་དགོ་པས།
- མེ་ཏོག་རྒྱལ་མཚན་ག་བཟུམ་སྦེ་ཡོདཔ་ཨིན་ན་ཟེར་གསུངས་ཏེ་ ཏེ་ང་བཅས་ ནཱ་ལས་གོ་ཤེས་ཉན་ཤེས་ཚུ་སོང་སྟེ་ རྒཔོ་ ཚོགས་པ་ ང་བཅས་ཚུ་ག་ར་སོང་སྟེ་ མར་བསྐོར་ར་རྐྱབ་སྟེ་ ཏེ་དྲུང་པ་གིས་ཡང་ བཀའ་རྒྱ་གནང་སྟེ་ ཏེ་སེལ་ཏེ་ ཧིང་སངས་ས་སྦེ་ བཟོ་སྟེ་དེ་སྦེ་བཞག་ཡི་ཟེར་ཞུ་ནི་ལགས།
- མེ་ཏོག་རྒྱལ་མཚན་ད་ ཡར་ལས་མར་འབབ་སྟེ་ བར་ན་ཚད་གུ་ཀྲིག་ཀྲི་ལྷོད་དེ་ཡོད་ལགས་ འ་ནཱི་ནང་ན་ ཏེ་ང་གིས་ཧེ་མ་ ཨ་རྒས་ལུ་འདྲི་བལྟཝ་ད་ཡང་ ཨ་རྒས་ཀྱིས་ཡང་ ཁོ་གིས་དྲན་པའི་སྐབས་ འ་ནཱེམ་ཅིག་སྦེ་ར་འདུག་ཟེར་ གསུངས་དེས་ཟེར་ འ་ནཱེམ་ཅིག་ཞུ་ནི་ལགས།