Skip to main content Skip to search
28 Jun 2018
17 min 2 sec
Video Overview
Creators: 
Penchela, Sherig Dentshog

Naku and Sampa Chedrup discusses the ruined dzong of Martshala. These ruins are believed to be belong to Khaling Ja Drung, located at Martshala under the jurisdiction of Samdrupcholing Dungkhag administration in Samdrup Jongkhar district. The Drungpa known as Ja Drung collected taxes from India and submitted them to the Trongsa Penlop through the Trashigang Dzongpon. Another interesting set of dzong ruins is located on the right side of the Rechanglu stream; these are the ruins of Nangje Khoche palace. The two sites have an important relationship with the Ja Drung Dzong. Both the palace and the dzong became ruins at around the same time.

 

ན་ཀུ་དང་ བསམ་པ་ཆོས་གྲུབ་གཉིས་ མར་ཚ་ལ་ལུ་ཡོད་པའི་ རྫོང་གྱང་ཁོག་གི་སྐོར་ལས་ གྲོས་བསྡུར་འབདཝ་ཨིན་མས། རྫོང་འདི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བསམ་གྲུབ་ཆོས་གླིང་དྲུང་ཁག་ མར་ཚ་ལ་གཡུས་ཚན་ནང་ལུ་ཡོད་པའི་ ཁ་གླིང་ རྒྱ་དྲུང་གི་ ཨིནམ་སྦེ་ཡིད་ཆེས་བསྐྱེདཔ་ཨིན་མས། དྲུང་པ་ཟེར་ རྒྱ་དྲུང་ལུ་གོ་དོ་ཡོདཔ་དང་ ཁོ་གི་ལཱ་འགན་འདི་ རྒྱ་གར་མི་སྡེ་ཚུ་ལས་ ཁྲལ་བསྡུ་ཞིནམ་ལས་ བཀྲ་ཤིས་སྒང་རྫོང་དཔོན་ལས་བརྒྱུད་དེ་ ཀྲོང་གསར་དཔོན་སློབ་ལུ་ ཕུལ་ནི་འདི་ཨིན་མས། དེ་བཟུམ་སྦེ་རང་ གྱང་ཁོག་འབད་ལུས་ཏེ་ཡོད་མི་འདི་ རི་ཆངས་ལུ་གི་ གཡས་ཁ་ཐུགས་ལུ་ཡོད་པའི་ ནང་བྱེད་མཁོ་ཆེ་ཕོ་བྲང་འདི་ཨིན་མས། རྒྱ་དྲུང་རྫོང་དང་ ནང་བྱེད་མཁོ་ཆེ་ཕོ་བྲང་གཉིས་ཀྱི་བར་ན་ འབྲེལ་བ་ཡོདཔ་ཨིན་མས། མ་གཞི་ རྒྱ་དྲུང་རྫོང་དང་ ནང་བྱེད་མཁོ་ཆེ་ཕོ་བྲང་གཉིས་འདི་ དུས་ཚོད་ཅོག་གཅིགཔ་ནང་ གྱང་ཁོག་ལུ་འགྱུར་སོངམ་ཨིན་མས།

 

Transcript search
No results found for this search
0 of 0
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ང་བཅས་ཀྱི་ ནཱ་དམར་ཚྭ་ལ་རྒེད་འོག་གི་ དམར་ཚྭ་ལ་གཡུས་མཇུག་གི་ རྫོང་གྱང་ཁོག་ཅིག་འདུག་མེན་ན་ འ་ནཱི་ རྫོང་གྱང་ཁོག་འདི་ དང་ཕུ་དང་ཕུ་ཨིན་པ་ཅིན་ ཆགས་ཚུལ་ག་ཅི་ཨིན་ན་ དེའི་ཆགས་ཚུལ་གྱི་སྐོར་ལས་ དེ་ལས་རྫོང་གི་དཔོན་རེ་ག་ཨིན་ན་ དེའི་སྐོར་ལས་གཅིག་ གསུང་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར།
  • ནག་ཀུ་ Naku
    ཞུ་ནི་ག་ཅི་ཤེས་པ་ང་གིས་འདི་ སྔ་མའི་ལས་ལས་བརྟེན་ཏེ་ ང་བཅས་ནཱ་འབད་བ་ཅིན་ དང་པ་དཀོན་མཆོག་གི་བཀའ་དྲིན་ལས་འབད་ ད་ལྟོ་ ཕ་གི་གསོ་ཞིང་ མ་གིས་སྐྱེས་འབད་སྦེ་ ང་ལུ་ཨ་པ་ཨའི་མེད་ ད་རྐྱངམ་ཅིག་ དྭཝ་བུཚ་བཟུམ་སྦེ་ [ཕ་དག་སྣང་ མ་ཡོན་ཚམ་?] མེདཔ་ལས་བརྟེན་ཏེ་ མ་སླབ་མི་ཤེས་ མ་རྐྱབ་མི་ཕོག་ཟེར་ ཨ་པ་ཨའི་གིས་མ་སླབ་པ་ཅིན་ ཨ་ལོ་ཚུ་གིས་ ཕ་གི་བསླབ་བྱ་མེད་ ཕ་ཡུལ་ཤེས་རྒྱུས་མེད་ཟེར་སླབ་མས།
  • ནག་ཀུ་ Naku
    དེ་འབདཝ་ལས་ ཨ་པ་ཨའི་འ་ནཱི་ཨིན་ཟེར་ ག་ཅི་ཡང་གསུང་ནི་མིན་འདུག རོགས་ཨ་རྒས་དང་ཨང་རྒས་ཚུ་གིས་ སྲུང་བཏང་དེས་ དང་ཕུ་ག་ཅི་སྨོ་ཟེར་བ་ཅིན་ དམར་ཚྭ་ལ་རྫོང་གི་སླབ་གེ་ཧེ་མ་ དམར་ཚྭ་ལ་རྫོང་གྱང་ཁོག་ཟེར་མི་ ག་ཅི་སྦེ་རྫོང་གྱང་ཁོག་ཡར་སོ་ཡི་ཟེར་བ་ཅིན་ ད་མཁའ་གླིང་རྒྱ་དྲུང་ཟེར་ མཁའ་གླིང་རྒྱ་དྲུང་གི་སྐབས་ལུ་ ག་ཏེ་ འ་ནཱི་འདི་ ག་གི་སྐབས་ལུ་ཨིན་ན་ཟེར་བ་ཅིན་ [གནས་པོ་ཟེར་?] སླབ་ནི་མིན་འདུག་ ཨ་རྒས་ཨང་རྒས་ཚུ་གིས་དང་ཕུ།
  • ནག་ཀུ་ Naku
    འ་ནཱི་ག་ཅི་ཨིན་ན་ཟེར་ ང་མནོ་བསམ་བཏང་བཏངཝ་ད་ལུ་ བཀྲ་ཤིས་སྒང་དཔོན་གྱི་སྐབས་ལུ་ཨིན་མས། བཀྲ་ཤིས་སྒང་དཔོན་གྱིས་ དེ་སྦེ་འབད་དགོ་ཟེར་ ནཱ་ལུ་འདི་ མཁའ་གླིང་རྒྱ་དྲུང་ཟེར་ ཡར་དམར་ཚྭ་ལ་ལས་མར་འོང་ནུག ཕར་ཁ་ཐུག་ལས་འདི་ གདུང་བསམ་རྒྱ་དྲུང་ཟེར་ སླབ་དེས། དེ་ལས་ནཱ་ལྷོད་ཞིནམ་ལས་འདི་ ཁོ་ནཱ་ཡར་མར་སྦེ་བཞུགས་ཏེ་ དགུན་ལུ་ནཱ་ལུ་བྱོན་ཏེ་ བྱཱར་ལུ་ཡར་མཁའ་གླིང་ལུ་བཞུགས་ཏེ་ བྱཱར་སུ་དགུན་སུ་ཟེར་ སྲུང་བཏང་དེས་ཟེར་ དེ་སྦེ་སླབ་དེས།
  • ནག་ཀུ་ Naku
    ཏེ་དེ་ལས་འདི་ལོག་ ཡར་ལས་མར་ལོག་འོང་སྟེ་ ད་ལྟོ་ དམར་ཚྭ་ལ་རི་ཆང་ལོ་ འ་ནཱ་ལུ་འདི་ རྫོང་བཞེངས་ཏེ་ འུར་ལཱཔ་ག་དེམ་ཅིག་ཡོད་ཨིན་ན་ རྡོ་རྒྱབ་ཁར་འབག་སྟེ་མེན་པར་ ལག་ཐོག་ཁར་སྐྱེལ་ཡི་ཟེར་སླབ་དེས་ ལག་བརྒྱུད་འབད་དེ་ རྫོང་བཞེངས་ཏེ་ ཕར་གྱི་འདི་ ངང་རྒྱས་མཁོ་ཆེ་ཟེར་ཨིན་མས། ངང་རྒྱས་ཟེར་མི་འདི་ ས་ཆ་ག་ཏེ་ཨིན་ན་ ཁོ་འདི་ངང་རྒྱས་མཁོ་ཟེར་ ཕར་བཀག་པ་དུང་མཇུག་ལུ་སྡོད་ཅི།
  • ནག་ཀུ་ Naku
    དེ་ལས་ཁོ་འདི་འ་ནཱ་སྡོད་དེ་ དེ་ལས་ ཁོང་གཉིས་གཅིག་གིས་གཅིག་ལུ་མིག་ཏོ་ཚ་ཚཝ་མས་བ། ཕར་གྱི་ངང་རྒྱས་མཁོ་ཆེ་གིས་ རྫོང་བསྒྲུབས་ཞིནམ་ལས་ཨིན་མས་ རྫོང་བསྒྲུབས་ཞིནམ་ལས་ ངང་རྒྱས་མཁོ་ཆེ་གིས་ ལཱ་འབད་མི་ཚུ་ལུ་ སྤག་ཤིང་གི་པགས་ཀོ་ལུ་ལྟོ་བླུགས་བྱིན་ཡི་ལོ་ དེ་ལས་ཁོ་མི་འ་ནེམ་ཅིག་གིས་ མཁའ་གླིང་རྒྱ་དྲུང་གིས་འདི་ སྡེརམ་ཉོ་སྟེ་ བྱིན་ཞིནམ་ལས་ བཀོ་ཡི་ཟེར་སླབ་ཨིན།
  • ནག་ཀུ་ Naku
    དེ་ལས་ ཚོང་པ་ཚུ་ཡར་མར་འགྱོཝ་ད་ འབག་འགྱོ་ཡི་ཟེར་ དེ་སྦེ་སྡོད་ནུག་ དེ་ལས་འ་ནཱ་ལས་ ཁོ་གི་རྟེན་བསྒྲུབ་ནི་གི་ལཱ་འདི་ག་ཅི་སྨོ་ཟེར་འབདཝ་ད་ལུ་ དང་པོ་ གླངམོ་ཆེའི་ཁ་གནོན་ཟེར་ མཆོད་རྟེན་ཟུར་བཅུ་གཉིས་འབད་མི་བཞེངས་ནུག་ མར་མཆོད་རྟེན་འུང་ལུ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    འ་ནཱི་ཡང་མཁའ་གླིང་རྒྱ་དྲུང་གིས་རང་ བཞེངས་བཞེངསམ་ཨིན་ན?
  • ནག་ཀུ་ Naku
    འ་ནཱི་ཨིན་ དང་ཕུ། ཏེ་ཡར་གྱི་འདི་ རིམས་ནད་ཚད་ནད་ཀྱི་ཁ་གནོན་ཟེར་སླབ་ནུག འ་ནཱི་མཆོད་རྟེན་ཟུར་བཅུ་གཉིས་འདི་ ཉམས་ཆག་ཤོར་ཏེ་ ན་ཧི་བཞེངས་ཡི་མེན་ན་ ཡར་སྤོ་སྟེ་ དེ་ལས་ཨ་ནཱ་ལས་ དུར་ཁྲོད་བཞེངས་ནི་ཟེར་ བླ་མ་མདོན་སྔགས་རིན་ཆེན་གྱིས།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    བླ་མ་མདོ་སྔགས་རིན་ཆེན་གྱིས?
  • ནག་ཀུ་ Naku
    བླ་མ་མདོ་སྔགས་རིན་ཆེན་ ཁོ་གི་སྲུང་འཁོརཔ་ཨིན་མས། ཏེ་ག་ཅི་སྨོ་ཟེར་བ་ཅིན་ དེ་ལས་མི་ཚུ་ལུ་སླབ་སྦེ་ ཏེ་དུར་ཁྲོད་བཞེངས་ནི་ཟེར་ དུར་ཁྲོད་བསིལ་བ་ཚལ་ལས་ས་འབག་འོང་སྟེ་ ཕར་ལུ་འདི་ བྲེ་[འབྱུར་འབྱུར་ལོ།?] ཏེ་མཁའ་གླིང་གི་འདི་ [ཕག་པེ་ལོ།?] དེ་ལས་ནཱ་ལས་ དུར་ཁྲོད་བཞེངས་ནི་ཟེརཝ་ད་ ས་གཅདཔ་ད་ལུ་ བདུད་ཀྱིས་མ་བྱིན་པར་ ང་འདི་མ་ལྷོད་ རོགས་ཀྱི་སླབ་སར་གོཝ་ད་ འདུག་ལོ་ རྡོ་ཅིག་ གུ་སྦུལ་གྱི་ཤུལ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    འ་ནཱ་ལུ་རྡོ་ཡོད་ལོ།
  • ནག་ཀུ་ Naku
    ཐོན་ཏེ་ཡོད་ལོ་ འ་ནཱི་གུ། ཏེ་ཁ་གནོན་ འ་ནཱ་ལས་འདི་ ཁོ་གིས་དུར་ཁྲོད་བཞེངས་འབདཝ་ལས་ འ་ནཱི་དུར་ཁྲོད་བཞེངས་ཞིནམ་ལས་ ད་ལྟོ་ ཡར་བྲཱུག་པོ་ལ་གི་འདི་ གྲེཌ་མོའི་(དྲེད་པོའི་)ཁ་གནོན་ཟེར་སླབ་ཨིན་ལོ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    འ་ནཱི་ཡང་ མཁའ་གླིང་རྒྱ་དྲུང་གིས་རང་བཞེངས་བཞེངསམ་ཨིན་ན?
  • ནག་ཀུ་ Naku
    མཁའ་གླིང་རྒྱ་དྲུང་གིས་རང་བཞེངས་བཞེངསམ་ཨིན། དེ་ལས་འ་ནཱ་ལས་འདི་ བླ་མ་མདོ་སྔགས་རིན་ཆེན་གྱིས་ ཡར་ཁྲི་ཟོར་ལུ་ ཁོ་བཞུགས་པའི་ས་གོ་ ད་ལྟོ་མཆོད་རྟེན་བཞེངས་ཏེ་ཡོད་ འ་ནཱི་གི་ས་གོ་ལུ་འདི་ ང་གིས་མ་མཐོང་ [པང་གི་ཁྲི་?]དེམ་ཅིག་ཡོད་ཟེར་སླབ་དེས་ འ་ནཱི་ཁྲི་གི་ས་གོ་ལུ་འདི་ ཡར་ཕུ་གི་གནམ་སྒང་ཟེར་ མནའམ་ཕར་ཕོག་ནུག་དམར་ཚྭ་ལ་ལུ་ ཕོག་སྦེ་ ཏེ་ཨ་པ་དང་ཨའི་གི་བུམོ་གཅིག་རྐྱངམ་ཅིག་སྡོད་ནུག འ་ནཱི་གི་ཨ་པ་དང་ཨའི་འདི་ གནམ་སྒང་ཨ་པ་དང་ཨ་མ་ཟེར་སླབ་ཨིན།
  • ནག་ཀུ་ Naku
    གནམ་སྒང་ཨ་པ་དང་ཨའི་གིས་བཞེངས་བཞེངསམ་ཨིན་ལོ། འ་ནཱི་གི་ས་གོ་ལུ་ མཆོད་རྟེན་ཡོད་བཞེངས་ཏེ་ ཁྲི་ཟོར་ལུ། དེ་ལས་ཡར་གྱི་སྒྲུབ་ཁང་འདི་ ག་ཅི་སྨོ་ཟེར་བ་ཅིན་ འ་ནཱི་གི་ལྟག་ལུ་ མཚོ་ཡོད་ཟེར་ཨིན་མས། འ་ནཱི་མཚོ་བདའ་ནི་ཟེར་ སྒྲུབ་བཞེངས་ནུག བླ་མ་བླམ་མདོ་སྔགས་རིན་ཆེན་གྱིས། དེ་ལས་ཨ་ནཱ་ལས་འདིད་མཚོ་བདའ་ ཁྱོད་ཀྱིས་ སྒྲུབ་ཁང་ལུ་ལྷོད་ཅི་ག? འགྱོ་ཡི་བ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཨུམ་ འགྱོ་ཡི།
  • ནག་ཀུ་ Naku
    ཡར་ཁ་ཐུག་ལུ་འདི་ གཤོང་གཤོང་སྦེ་ཡོད་ འ་ནཱི་མཚོ་བདའ་སྟེ་ དེ་ལས་བྱོག་སོང་སྟེ་ མར་གེ་འུང་ཟེར་ས་ལུ་ ཆགས་སྟེ་སྡོད་ནུག འ་ནཱ་ལས་ཡང་བདའ་བཏང་ནུག་ ག་ཏེ་ཡོདཔ་ཨིན་ན་བདའ་སྟེ་ དེ་ལས་འ་ནཱ་ལས་ མཁའ་གླིང་རྒྱ་དྲུང་ འ་ནཱི་སྦེ་བཞུགས་ ཡར་མར་སྦེ་སྡོདཔ་ད་ལུ་ ད་ལྟོ་ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ མཁའ་གླིང་རྒྱ་དྲུང་གི་གཏམ་རང་སླབ་གེ་ལོག་སྟེ་ འ་ནཱི་བཞག་སྦེ་ ཏེ་མཁའ་གླིང་རྒྱ་དྲུང་ ཡར་མར་འབྱོནམ་ད་ལུ་ ད་ལྟོ་ ཇོ་མོ་སྡོད་སྡོདཔ་མས་ཡར།
  • ནག་ཀུ་ Naku
    ཇོ་མོ་གཅིག་ ཇོ་མོ་འདི་ བཀྲ་ཤིང་སྒང་དཔོན་གྱིས་ཁྲིམས་བཅད་ ཁྲིམས་བཅདཔ་ད་ལུ་ ཁྲིམས་ག་ཅི་སྦེ་བཅདཔ་སྨོ་ཟེར་བ་ཅིན་ ཏེ་རྫོང་ལུ་ཇོ་མོ་འབད་མི་བཅུག་ ག་ཅི་ཟེར་ དེ་ལས་འདི་ ཁྲིམས་བཀལ་ནི་ཟེར་ སླ་ང་ཚ་ཏོམ་བཟོ་སྟེ་ སླ་ང་མགུ་ཏོ་གུ་བཀལ་ཏེ་ དེ་སྦེ་འབད་རུང་ཉན་མ་བཏུབ་པར་ དེ་ལས་ [ཏ་གྲི་དོམ་གྲི་ཕབས་ག་?] ཟེརཝ་ད་ ཇོ་མོ་གིས་ཕབ་ད་ཟེར་ དེ་ལས་སྟག་དང་དོམ་ལེ་ཤ་རྫོང་མཐའ་འཁོར་ཐོན་ཏེ།
  • ནག་ཀུ་ Naku
    དེ་འབད་རུང་ ཉན་མ་བཏུབ་པར་ ཏེ་རྡོག་མ་དང་པ་ནི་ [ཕབ་ད་ག་?] ཟེརཝ་ད་ ཕབས་ད་ཟེར་ འ་ནཱི་ [གསོལ་བྱར་འགྱོ་ཞིནམ་ལས་ བ་ཉེར་འགྱོ་སྟེ་?] དེ་ལས་ གནམ་མེད་ས་མེད་དྲངས་ཏེ་ དེ་ལས་འདི་ ཁྱོད་ཀྱི་རྫོང་བཤིག་གཏང་ག་ཟེརཝ་ད་ བཤིག་གཏང་ཟེར་སླབ་སྟེ་ བཏུབ་ བཤིག་ད་རང་ཟེར་བ་ཅིན་ཏེ།
  • ནག་ཀུ་ Naku
    སྐུདཔ་སྣེ་ལྔ་གིས་བསྐོར་གསུམ་བསྐོར་ཟེར་ དེ་སྦེ་བསྐོར་བཅུག་ཞིནམ་ལས་ དེ་ལསན་ཏེ་ ག་ར་[རྫོང་ཡོང་བཟོ་སྦེ་?] རྫོང་ག་ར་སྤར་ཏེ་ དུར་དུར་དུར་བཏང་ དེ་ལས་རྐྱངམ་ཅིག་ རྫོང་བཤིག་ནི་མས་ཟེར་ ལགས་སོ་སྐུ་ཆེ་འབད་ ཕྱག་འཚལ་ དེ་སྦེ་འབད་ཞིནམ་ལས་ དེ་ལས་འདི་ འ་ནཱི་མཁའ་གླིང་རྒྱ་དྲུང་ ཡར་མར་འགྱོཝ་ད་ལུ་ མར་དགུན་ལུ་མར་སོང་སྡོདཔ་ད་ ཇོ་མོ་[དོགས་ས་?]ཟེར་ ཇོ་མོ་གསོལ་ས་ཡོད།
  • ནག་ཀུ་ Naku
    དེ་ལས་ ཁོ་རའི་སྲུང་འཁོརཔ་ཟེར་ ཇོ་མོ་འཁྱིད་འབག་སྟེ་ དེ་ལས་བྱཱར་ལུ་འདི་ ཡར་ཟླཝ་བརྒྱད་པ་ ཟླཝ་བརྒྱད་པ་ཨིན་ ཟླཝ་བཞི་པ་ཡར་སོང་ ཟླཝ་བརྒྱད་པ་འདི་ནཱ་འོང་སྟེ་སྡོད་ནུག འ་ནཱི་ཇོ་མོ་གསོལ་ནུག་ཡར། དེ་ལས་འདི་ འ་ནཱ་ལས་ གཞན་མི་ཅིག་རྒྱབ་ལེན་པའི་ཚེ་ རྒྱབ་ལེན་ནི་འབདཝ་ལས་ ག་ཅི་སྦེ་ རྒྱབ་ལེནམ་མ་ཤེསཔ་ཨིན་ན་ ཕྱད་མདའ་བཟེད་པར་སོང་སྟེ་ཡོད་ཏེ་ མར་རྒྱ་གར་གྱིས་ཕྱད་མདའ་འོང་སྟེ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    མར་ ཁོང་རྒྱ་གར་དང་གཅིག་ཁར་ཕྱད་མདའ་རྐྱབ་རྐྱབ་ཡ་ དམག་རྐྱབ་རྐྱབ་ཡ?
  • ནག་ཀུ་ Naku
    མར་ ག་དེ་སྦེ་ཞུ་བྱིན་བྱིནམ་ཨིན་ན་ དང་ཕུ་འདི་ ཨོ་ཁོ་ལ་ཟེར་ རྒྱ་གར་གྱིས་སླབ་སླབ་ཨིན་བ། དེ་ལས་ར་ཛཱ་ཀ་ཀྲ་ཡང་ རྒྱ་གར་གྱིས་རང་སླབ་སླབ་ཨིན། ཏེ་ཕྱད་མདའ་བཟེད་པར་ ས་མཚམས་ལུ་སོང་ནུག ཏེ་ཕར་ངང་རྒྱས་མཁོ་ཆེ་ཁོང་གཉིས་ མར་སོང་སྟེ་ དེ་ལས་ མར་རྒྱ་གར་གྱིས་བསད་ཞིནམ་ལས་འདི་ ར་ཛཱ་ཀ་ཀྲ་འདི་ དེ་ལས་སླབ་སླབ་ཨིན།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    འ་ནཱི་ མཁའ་གླིང་རྒྱ་དྲུང་ཟེར་མི་འདི་ མར་ ར་ཛཱ་ཀ་ཀྲ་ལུ་ བཀྲོངས་བཀྲོངསམ་ཨིན་ན?
  • ནག་ཀུ་ Naku
    མཁའ་གླིང་རྒྱ་དྲུང་བསད་ཞིནམ་ལས་ ར་ཛཱ་ཀ་ཀྲ་འདི་ འ་ནཱ་ལས་སླབ་སླབ་ཨིན།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཨིན་ཟེར་ཨིན།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    དེ་ལས་ དེ་འབདཝ་ལས་ འ་ནཱི་རྫོང་གི་རྒྱུད་ བཟུང་མི་མེད་པར་ འ་ནཱ་ལས་ ཧྲམ་ཧྲམ་ཡ?
  • ནག་ཀུ་ Naku
    ཡལ་སོ་ཡི། དེ་ལས་ ང་བཅས་གཉིས་འདི་ བློ་ཧེན་ཏེ་འགྱོཝ་མས། འ་ནཱི་གླང་གཅིག་སྡོད་ནུག ཨ་མ་འདི་ཡར།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཧེ་མ་ རྒྱ་གར་དང་གཅིག་ཁར་དམག་མ་རྐྱབ་པའི་སྐབས་ལུ?
  • ནག་ཀུ་ Naku
    ཨིན་ དམགས་མ་རྐྱབ་ཧེ་མ་ ཏེ་སྡོད་པའི་སྐབས་ལུ་ གླང་ ཡར་ཨ་མ་དེ་གིས་ ཟ་ནི་འཐུང་ནི་ག་ར་ དོས་གླང་གུ་བཀལ་བཏང་སྟེ་ བདའ་མི་མེད་ ཕྲངམ་ཕྲང་སར་ ནཱ་རྒྱ་དྲུང་འབད་སར་ལྷོད་དེ་ དེ་ལས་ རྒྱ་དྲུང་གིས་ ནཱ་ལས་ཕར་ རྒྱ་གར་ལས་ ག་ཅི་འབགཔ་ཅིག་ ག་ར་ གླང་གུ་བཀལ་ཏེ་ བཏངམ་ད་ནུག་ཏེ།
  • ནག་ཀུ་ Naku
    གླང་གལ་བཀལ་བཏང་སྟེ་ ད་ལྟོ་འབད་བ་ཅིན་ ཕར་སེ་ཙ་ལོ་ཟེར་སླབ་ཨིན་མེན་ན? འ་ནཱི་འདི་ ཝ་ག་ལབ་རྩ་ཟེར་ ཏེ་དོ་ཟམ་ཟེར་ཡོད་ འ་ནཱ་ལས་འགྱོ་སྟེ་ ཡར་ཁེ་ནོ་རུང་ལས་འཐོན་མི་ ཏེ་ནཱ་ དམར་ཚྭ་ལ་ལས་ཡར་འགྱོཝ་ད་འདི་ དེ་སྦེ་སླབ་ནུག་ སྦྱིན་བདག་ཚུ་གིས་ ཁོང་ཡང་འགྱོ་ནུག་ཡར་མར།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    འུམ།
  • ནག་ཀུ་ Naku
    ཆུ་མོ་ཉེ་ར་ཨ་མ་ཟེར་སླབ་འོང་ རི་ཆང་ལོ་འདི་ ཡོན་ཆབ་ཕུལ་གེ་ནཱ་ལས་ཨ་རོགས་ཟེར་ ཆ་རོགས་ལུ་ལྟ་སྟེ་ དེ་ལས་ ལ་མོ་ བྲཱུག་པོ་ལ་འདི་ ཚེས་གཅིག་སྦེ་བཞག་གེ་ཨ་རོགས་ཟེར་ དེ་ལས་ ཆུ་མོ་རི་ཙོང་ཆུ་མོ་འདི། །འཐེན་ཏེ་བཀོ་གེ་ཨ་རོགས་ཟེར་ དེ་ལས་ ལ་མོ་ཡར་ཕུ་ལ་འདི། །རྐང་པའི་འོག་ལུ་བཞག་གེ་ཨ་རོགས་ཟེར་ དེ་ལས་ ཡར་ཉེ་ར་ཨ་མ་འདི་ ཆུ་མོ་ཉེ་ར་ཨ་མ་འདི། །ཆད་དེ་བཏང་གེ་ཨ་རོགས་ཟེར་ ལ་མོ་ཁ་རུང་ལ་འདི། །བཤིག་སྟེ་བཀོ་གེ་ཨ་རོགས་ཟེར་ སླབ་ཅི་ལོ་ཁོང་ ཡར་མར་འགྱོཝ་ད་ལུ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    འ་ནཱི་གླང་འདི་ བདའ་མི་ཡང་མེད་པར་ ཁོ་ནཱ་ལས་བཀལ་བཏངམ་ད་ ཕྲང་ཕྲང་འབག་ནི།
  • ནག་ཀུ་ Naku
    ཡར་ལས་ཕྲང་ཕྲང་བཀལ་ཏེ་
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    དེ་སྦེ་སྐྱེལ་འོང་ལོ་སྨོ? ཧེ་མ།
  • ནག་ཀུ་ Naku
    ཏེ་ནཱ་ལས་ཡར་ཕྲང་ཕྲང་ དེ་སྦེ་བཀལ་ཏེ་ འགྱོ་འགྱོཝ་ཨིན་ལོ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    མཁའ་གླིང་ཨ་མ་ཝ་ཏོ་ཀ་ཟེར་མི་འདི?
  • ནག་ཀུ་ Naku
    ཨོང་
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཨུམ་
  • ནག་ཀུ་ Naku
    འ་ནཱ་ལས་འདི་ གླང་ཡང་ཤི་སོ་ཡི་ལོ་ གླང་མ་ཎི་ལུ་ཡང་ལྷོད་ཅི་ལོ། དེ་ལས་འདི་ ཁོ་གི་གླང་གི་དོན་ལས་ ཡར་འདྲེན་བཀལ་ནུག་ མཁའ་གླིང་ཨ་མ་གིས། ཧེ་མ་འདི་ ཚངས་ལྷ་ ཁོ་ཞིང་ཁམས་ལུ་བཀལ་ནུག་བ་་་་ མེན་ས་ ཧེ་མ་འདི་ མ་ཎི་བ་ གླང་ཟེར་ དེ་ལས་འདི་ {གཡུས་སྐད་ ཏོ་ཀ་ཏོ་ཀ་ཝ་ཏོ་ཀ །མཁའ་གླིང་ཨ་མའི་ཝ་ཏོ་ཀ །ཏཱན་པང་ཐུང་ཐུང་ཡར་འདྲེན་དུ། །གཟར་རུ་ཡ་རུ་ཡ། །ཀར་བའི་ཡར་ཤོག་ད། །} ཟེར་སླབ་ཅི་ལོ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    མ་ཎི་བ་གིས?
  • ནག་ཀུ་ Naku
    མ་ཎི་བ་གིས།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    དེ་ལས་ འདི་བཟུམ་སྦེ་རྒྱུད་བཟུང་མི་ རྫོང་ལས་འ་ནཱི་རྫོང་དཔོན་གྱི་ ཁོ་མཁའ་གླིང་རྒྱ་དྲུང་གི་རྒྱུད་བཟུང་མི་ག་ཅི་ཡང་མེད?
  • ནག་ཀུ་ Naku
    མེད་ཞིནམ་ལས་ ཡལ་སོ་ནུག་བ་ཏེ། ཡལ་ཞིནམ་ལས་འདི་ ད་ལྟོ་ནཱ་ དམར་ཚྭ་ལ་གཡུས་ཁར་ཡང་མི་སྡོད་ཡོད། མར་ཕྱད་མདའ་ལུ་ དཔོན་ཕྱད་མདའ་འགྱོ་ཞིནམ་ལས་ མར་ལས་ཡར་ ཕྱད་མདའ་འོང་ནི་ཟེརཝ་ད་ ག་ར་བྱོག་འགྱོ་ཚར་ཡི་ཏེ་ ཅ་ལ་ཚུ་ག་ར་བཙུགས་ཏེ་ སྒྲོམ་ཡོད་ད་ལྟོ་ནོར་རྒྱས་ཀྱི་ཁྱིམ་འོག་ལུ་གཅིག་ཡོད། འུང་གི་ཁྱིམ་གྱི་འོག་ལུ་ཡང་ འ་ནཱ་ལུ་ག་ཅི་ཡང་མིན་འདུག་ བརྐོ་བལྟཝ་ད་ལུ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    སའི་དོང་ནང་ཡ?
  • ནག་ཀུ་ Naku
    སའི་དོང་བརྐོ་བལྟཝ་ད་ སོལ་མོ་རྐྱངམ་ཅིག་འདུག དེ་ལས་ ནཱ་ལྷོད་ཞིནམ་ལས་འདི་ ཨ་ཕར་དར་རྒྱས་ཟོར་ཕར་ཁ་ཡོད་དོང་གཅིག་ དོ་རུང་ཨ་རིང་ལེབ་བཟུམ་སྦེ་ འ་ནཱི་བརྐོ་བལྟཝ་ད་ ཁྱོད་རའི་ཨ་རྒས་ཀྱིས་གཙོ་བཏོན་ བརྐོ་བལྟཝ་ད་ལུ་ ནེ་པ་ལི་ལྟོ་གཟར་འོང་མས་མེན་ན་ འ་ནཱི་གཅིག་དང་ གྱི་རིང་གཅིག་འདུག
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཁོ་གི་སྦྱིན་བདག་ཚུ་སྡོད་སྡོདཔ་མས་བ་ཏེ་ མི་སེར་ཚུ་སྨོ་ཤིག?
  • ནག་ཀུ་ Naku
    དེ་བསྒང་ ཡར་མཚོ་གླིང་མཁར་ལས་མར་རང་སྡོད་སྡོདཔ་མས་སྦྱིན་བདག
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    དེ་ལས་
  • ནག་ཀུ་ Naku
    དེ་ལས་ ཨ་ནཱི་མདོ་སྔགས་རིན་ཆེན་གྱི་གཏམ་མ་ཚར། དེ་ལས་ཁོའི་ཨའི་སྡོད་སྡོདཔ་མས་ ཨའི་སྡོདཔ་ད་ ཨའི་ང་གནས་བསྐོར་ལུ་འགྱོ་ནི་ ཆུམ་ཕུད་ཏ་བདུན་བླུགས་ཏེ་བཟོ་སྨེ་ལྟོ་ ཟེར་སླབ་ནུག ཏེ་ཨའི་དེ་གིས་ ག་དེམ་ཅིག་གི་ལྟོ་རང་ཟ་ནི་ཨིན་ན་ འ་ནཱི་མནོ་སྔགས་རིན་ཆེན་ ཟེར་སླབ་སྦེ་ ཆུམ་ཕུད་ཏ་དྲུག་རྐྱངམ་ཅིག་བླུགས་བཟོ་ཡི་ལོ། འ་ནཱི་ཟ་སྦེ་ ཞག་བདུན་ གནས་བསྐོར་རྐྱབ་སྦེ་འོང་སྟེ་ ཏོ་ཀ་རི་ལུ་ལྷོདཔ་ད་ལུ།
  • ནག་ཀུ་ Naku
    ཏོ་ཀ་རི་གི་ཕར་ལས་ཡོད་བ་ འ་ནཱི་འདི་སྐྱེངས་མཁར་འུང་ཟེར་སླབ་འོང་། འ་ནཱི་སྐྱེངས་མཁར་འུང་འདི་ ག་ཅི་སྨོ་ཟེར་བ་ཅིན་ སྦྱིན་བདག་སྐྱེངས་མཁར་པ་འོང་སྟེ་སྡོད་ནི་དེ་གིས་ སྐྱེངས་མཁར་ཟེར་སླབ་སླབ་ཨིན་ལོ། འ་ནཱ་ལས་བལྟཝ་ད་འདི་ སྒོར་མཐོང་མ་འདི་ ད་ལྟོ་ གཞན་ཚུ་འོང་སྟེ་གུར་སྤུབས་སྡོད་སྡོདཔ་ མེ་མཐོང་སྟེ་ སྒོར་མཐོང་མ་མེ་མཐོངམ་མས་ཟེར་ སྒོར་མཐོང་མ་ཟེར་སླབ་སླབ་ཨིན་ཟེར་སླབ་དེས།
  • ནག་ཀུ་དང་སེམས་དཔའ་ཆོས་སྒྲུབ་/ Naku & Sempa Chedrup:
    སྒོར་མཐོང་མ་འདི་ ག་འདི་ཨིན་ན་མ་ཤེས་ སྒོར་མཐོང་མ་ཟེར་སླབ་མི་མིང་?
  • ནག་ཀུ་ Naku
    དེ་ལས་ འ་ནཱ་ལས་ཡར་འགྱོ་སྦེ་ དེ་ལས་འདི་ཁ་སྐོམ་སྟེ་ ཡར་ཁྲི་ལུ་མ་ལྷོད་ལོ་ མ་ལྷོདཔ་ལས་ ཕྱག་འཁར་བཙུགས་སྦེ་ ཁ་སྐོམ་སྟེ་ འ་ནཱ་ལས་ཆུ་ཅིག་འཐོན་རུང་བཏུབ་པས་ང་ཟེར་ ཕྱག་འཁར་བཏོན་ཏེ་གསོབ་ནུག ཆུ་འ་ནཱ་ལས་འཐོན་འབག་ དེ་ལས་ འཐུང་སྟེ་ དེ་ལས་འདི་ ཡར་ཁོ་རའི་[ཁྲི་ཆུ་་་་?] དགོན་པ་ལྷོད་ཅིག་ཟེར།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    དོ་རུང་ར་ལོག་སྟེ་ མར་རྫོང་གྱང་ཁོག་གི་སྦོ་ལོགས་ཁའི་དུར་ཁྲོད་ཀྱི་ལོ་རྒྱུས་ཅིག་ དེ་སྦེ་ཞུ་བ་ཅིན་ཏེ།
  • ནག་ཀུ་ Naku
    ཧེ་མ་འདི་ མདོ་སྔགས་རིན་ཆེན་གྱི་གཏམ་རྫོགས་གེ་སྨེ་ དེ་ལས་ཨ་ནཱ་ལས་འདི་ སྒོར་མཐོང་མའི་སྦྱིན་བདག་ཚུ་གིས་ བླམ་གི་ བསོད་སྙོམས་འདི་ ཀ་ཀུ་རུ་བྱིན་ལོ། ཀ་ཀུ་རུ་བྱིན་སྦེ་ ག་དེ་སྦེ་འབག་ནི་ཟེར་ དེ་ལས་འདི་ སྦྱིན་བདག་ཚུ་གིས་ དགོད་བྲོ་འབད་དེ་ ག་དེ་སྦེ་འབགཔ་མས་ག་བལྟ་གེ་ཁོ་ཟེར་ དེ་ལས་ཁོ་གིས་ ཁོ་རའི་ཕྱག་འཁར་གྱིས་དཀྲོགས་ཏེ་ ཁྱོད་སོང་སྨ་རེད་ ཁྱོད་སོང་སྨ་རེད་ ཁྱོད་སོང་སྨ་རེད་ཟེར་ ཡར་ལམ་ལྟ་སྟེ་རོ་ལོ་ལོ་ལོ་སོང་དེས་ཟེརཝ་མས་ལོ་ ལམ་འགྱོ་སྟེ་ཁོང་ར་གིས།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཀ་ཀུ་རུ་ཚུ་ཡ?
  • ནག་ཀུ་ Naku
    ཀ་ཀུ་རུ་ཁོང་ར་གིས་ར་ལམ་འགྱོ་སྟེ་ ཡར་ཁེ་ནོ་རོང་ལས་ཐོན་ཏེ་ ཅི་དུང་མཁར་མ་ལྷོདཔ་ཅིག་ཁར་ ཡོད་ལོ་དོ་རུང་ ང་གིས་འདི་མ་ལྷོད་ གཤོང་གཅིག་ འ་ནཱི་གཤོང་ནང་སྤུངས་སྡོད་ནུག་ལོ། དེ་ལས་བླམ་མདོ་སྔགས་རིན་ཆེན་ཕར་བྱོན་སྦེ་ ཁྱེད་སོང་སྨེ་ནཱ་ལས་ཟེར་ དེ་ནང་ལས་ཡང་བདའ་བཏང་སྟེ་ མཁའ་གླིང་ལུ་ལྷོད་ཅི་ལོ་ དེ་ལས་ཡར།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཏེ་དེ་འབདཝ་ལས་ ཀ་ཀུ་རུ་ ཕར་བསོད་སྙོམས་ཕུལ་ཏེ་ བླམ་གིས་ཐུགས་སྨོན་གནང་གནངམ་ཟེར་ སྒོར་མཐོང་མ་ལུ་འདི།
  • ནག་ཀུ་ Naku
    ཀ་ཀུ་རུ་ལེགས་མི་འདི་ འ་ནཱི་ཏེ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཀ་ཀུ་རུ་བདག་འཛིན་མ་འབད་རུང་ དེ་སྦེ་རང་བཞིན་གྱིས་ལེགས་ཤོམ་སྐྱེཝ་ཨིན་ལོ་སྨོ་ སྒོར་མཐོང་མ་ལུ་དེ་ དེ་སྦེ།
  • ནག་ཀུ་ Naku
    མདོ་སྔགས་རིན་ཆེན་གྱི་གཏམ་ འ་ནེམ་ཅིག་སླབ་དེས།
  • ནག་ཀུ་ Naku
    ཏེ་གནམ་ལོ་ནམ་ཨིན་ན?
  • ནག་ཀུ་ Naku
    དེ་ལས་འདི་ མི་རྒྱུད་རྩ་རྒྱུད་འདི་མེདཔ་འདྲས་མེན་ན་ དེམ་ཅིག་འབད་ལས་དཔོན་འདི། མི་རྒྱུད་རྩ་འདི་ མཁའ་གླིང་པ་ཡོད་མེན་ན་ ཨང་རྒས་དཔལ་ལྡན་ལོ་ འ་ནཱི་ཚུ་ཨིནམ་འོང་།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    དུས་རབས་ཟེར་བ་ཅིན་ ཧེ་མ་ག་དེམ་ཅིག་ནང་ན་ཨིནམ་སྨོ་ འ་ནཱི་རྫོང་ དེ་བཟུམ་སྦེ་ རོགས་མར་རྒྱ་གར་གྱི་ རྒྱ་གར་དང་ ནཱ་གི་ མཁའ་གླིང་རྒྱ་དྲུང་ དམག་རྐྱབ་རྐྱབ་ཀྱི་དུས་རབས་ཟེར་བ་ཅིན་ ལོ་ག་ཅི་གི་བསྒང་ལུ?
  • ནག་ཀུ་ Naku
    མེན་འདུག་འ་ནཱི་འདི་ གཏན་གཏན་མེད་པ་ཏེ། འ་ནཱི་དགོ་པས་ཟེར་མི་འདི་ འ་ནཱི་དཔོན་འ་ནཱི་གི་སྐབས་ལུ་ཨིན་ཟེར་སླབ་མི་ཅིག་ དགོ་པས་ཟེར་ འ་ནཱི་མེད་པ་སླབ་མི་ འ་ནེམ་ཅིག་སླབ་བཞག་བཞགཔ་རྐྱངམ་ཅིག
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཡར་
  • ནག་ཀུ་ Naku
    ཟུར་ཁ་ལས་ཕར་དྲིསཝ་ད་འདི་ མཁའ་གླིང་རྒྱ་དྲུང་དང་ཇོ་མོ་ཁྲིམས་བཅད་བཅདཔ་འབདཝ་ད་འདི་ བཀྲ་ཤིས་སྒང་དཔོན་གྱིས་བཅད་བཅདཔ་ཨིན་ཟེར་སླབ་དེས།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཡར་ མོང་སྒར་གྱི་ གཞོང་སྒར་གྱི་ རྫོང་གི་དུས་ དེ་བསྒང་ལུ་ཨིནམ་འོང་ནི་མས་བལྟ་བ་ཅིན་ ང་གིས་ད་ལྟོ་ཧ་གོ་བལྟ་བ་ཅིན དེམ་ཅིག་གི་ནང་ན་འོང་ནི་མས་བལྟཝ་ད།
  • ནག་ཀུ་ Naku
    གདུང་བསམ་རྒྱ་དྲུང་དང་ འ་ནཱི་མཁའ་གླིང་རྒྱ་དྲུང་ཟེར་མི་རྣམ་མཐར་ཟེར་ ཏེ་གདུང་བསམ་རྒྱ་དྲུང་འདི་ དེ་བསྒང་ལུ་རང་འདུག་བ། དེ་སྦེ་ འ་ནཱི་གདུང་བསམ་རྒྱ་དྲུང་འདི་ཕར་ལས་མར་ ཕར་ལས་ཡར་ཕྱད་མདའ་འོང་ནུག དེ་སྦེ་འབདཝ་ད་ ཡར་གྱི་ཚུ་གིས་ ཡར་དཔོན་གྱིས་འཁྱིད་དེ་ཨིན་མས་བ། དེ་ལས་སྒརཔ་ག་ར་ལོག་འོངམ་ད་ [བཀུམ་ཤིང་?]བཞག་ནི་ཟེར་ ཐུང་ཤིང་གི་རྩ་བར།
  • ནག་ཀུ་ Naku
    རི་མུང་ད་རེང་ཟེར་ས་ལུ་ འ་ནཱི་ཐུང་ཤིང་གི་ཞལ་ལག་ བཀུག་སྟེ་[བཀུམ་ཤིང་?]བཏང་ནི་ཟེར་ དེ་ལས་ཡར་ལས་མར་སྒརཔ་ཚུ་འོང་ཞིནམ་ལས་འདི་ མར་མི་ག་དེམ་ཅིག་ཤིཝ་མས་བལྟ་ནི་ཟེར་ཏེ་ རྡོ་སྤུངས་ཏེ་ སྡོད་ཡོད་ཨ་ནཱི་དེའུ་རི་གཤོང་ལུ་སྤུངས་བཞག་སྟེ་ སྤུངསམ་སྤུངས་སར།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    དེ་ལས་ དོ་རུང་ དེ་བཟུམ་ཅིག་
  • ནག་ཀུ་ Naku
    དེ་ལས་མར་བདའ་འབག་སྟེ་ རྒྱ་གར་ཚུ་ག་ར་བྱོག་སོང་ དེ་ལས་འདི།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ནཱ་གི་རྫོང་གི་ རྫོང་གྱང་ཁོག་གི་སྐོར་ལས་གསུངས་ད་ ནཱ་ཁོང་རྒྱ་གར་གཅིག་ཁར་དམག་རྐྱབ་སྟེ་ མར་འ་ནཱི་ དཔོན་འདི་བཀྲོངས་ཞིནམ་ལས་ ང་གིས་ཤེས་ཤེསཔ་སྒོ་ལས་འབད་བ་ཅིན་ཏེ་ ག་ཅི་ལོ་ མར་ལྟ་སྟེ་དཔོན་གཡོག་ལྔ་པོ་ཟེར་བསྐྱལ་ནི་རེ་དེ་འདུག་མེན་ན་ འ་ནཱི་ཨིན་ན?
  • ནག་ཀུ་ Naku
    འ་ནཱི་སོ་སོ་འ་ནཱི།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    སོ་སོ་ཡ?
  • ནག་ཀུ་ Naku
    སོ་སོ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཨེའེ་་་་་་།
  • ནག་ཀུ་ Naku
    སོ་སོ་འ་ནཱི་འདི། གཞལམ་སྒང་རྫོང་དཔོན་ལོ་འ་ནཱི་འདི། གཞལམ་སྒང་རྫོང་དཔོན་འདི་ ཡར་ལས་ ངན་རྐྱབ་རྐྱབ་མས་བ། ཏེ་ངན་རྐྱབ་ད་ལུ་འདི་ ངན་པ་འདི་ ཁྲིམས་བཅད་དེ་བསད་ནུག དེ་ལས་ག་ཅི་སྦེ་བསད་ཅི་ཟེར་ དོ་རུང་ར་དཔོན་གྱིས་ ཚར་བཅད་དེ་ གསད་ཟེར་གསུངསམ་ལས་བརྟེན་ ཡར་ལས་མར་ དཔོན་གཡོག་གསུམ་ཟེར་སླབ་འོང་། ཏེ་དཔོན་འདི་གཅིག་རྐྱངམ་ཅིག་ འ་ནཱི་དཔོན་གསད་ཟེར་ ག་ཅི་སྦེ་བསད་ཡི་ཟེར་སླབ་སྟེ།
  • ནག་ཀུ་ Naku
    ཏེ་སོ་སོ་གཡོགཔ་གཉིས་ཀྱིས་གསད་ཟེར་ དེ་སྦེ་ཚར་བཅད་དེ་རང་འོང་སྟེ་མར་ལྷོདཔ་ད་ ལྔ་འགྱོ་སྦེ་ ད་རུང་ལྷོདཔ་ད་བདུན་འགྱོ་ཡི་ལོ། བདུན་འགྱོ་སྟེ་ཤི་སོ་ཡི་མར་ལྷོདཔ་ད་
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    དེ་ཅིག་རང་ཨིན་ན?
  • ནག་ཀུ་ Naku
    སོ་སོ་དེ་འདི།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    མེན་
  • ནག་ཀུ་ Naku
    དཔོན་གཡོག་ལྔ་པོ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    རྫོང་གི་སྐོར་ལས་འབད་རུང་དེམ་ཅིག་རང་ཨིན་ན་? གཏམ་འདི།
  • ནག་ཀུ་ Naku
    དཔོན་གཡོག་གསུམ་པ་ དཔོན་གཡོག་བདུན་པ་ ལྔ་པ་ དཔོན་གཡོག་བདུན་པ་ཟེར་མི་འདི་ གཞལམ་སྒང་རྫོང་དཔོན་ཟེར་སླབ་དེས། དེ་སྦེ་བསད་དེ་ ཚར་བཅད་འོང་སྟེ་བསད་བསདཔ་གི་ ཁོང་ག་ར་ཆ་རོགས་འབད་དེ་གྱུར་གྱུརཝ་ཨིན་ཟེར་སླབ་དེས།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ནཱ་གི་རྫོང་གྱང་ཁོག་གི་སྐོར་ལས་ ལོ་རྒྱུས་དེམ་ཅིག་རང་ཨིན་ན?
  • ནག་ཀུ་ Naku
    ལོ་རྒྱུས་དེམ་ཅིག་འཐོན་དེས་ མེད་པ་ཏེ་ དེམ་ཅིག་རང་ཨིན།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    མེད་ མ་པ་ལས་ར་ མེས་མེས།། །།