Video Overview
སྤུ་ན་ཁ་རི་རྩ་ལས་ རྣམ་རྒྱས་ཀྱིས་འཐེན་མི་འདི་ གླུ་གཞས་གཞན་ གཞུང་སྒྲ་དང་ བོད་སྒྲ་ རིག་གསར་ཚུ་གི་གྲས་ཁར་མེན་པར་ གཞས་ཟེར་སླབ་སྲོལ་ཅིག་འདུག གཞས་འདི་ལུ་ཡང་ ཝང་གཞས་ འོ་ཆུ་པའི་གཞས་ ནུ་སྦི་གི་གཞས་ཟེར་ གཞས་ལུ་ཡང་ལེ་ཤ་ཅིག་འདུག དེ་གི་ནང་ལས་ཡང་ རྣམ་རྒྱས་ཀྱིས་འཐེན་མི་འདི་ ཝང་གཞས་ཟེར་མི་འདི་ཨིན་པས། གཞས་འདི་ཚུའི་ཚིག་ཡང་ ཆོས་སྐད་དང་འབྲེལ་བའི་ཚིག་ཚུ་ཡོདཔ་ད་ གླུ་གཞས་གཞན་བཟུམ་སྦེ་ གོ་དོན་འཇམ་ཏོང་ཏོ་འབད་ ཧ་གོ་མི་ཚུགས་དོ་ཡོདཔ་ཨིན་མས། ཝང་གཞས་བཞུགས་གྲལ་གསེར་ཁྲི་འདི་ གདངས་དབྱངས་མ་འདྲཝ་གཉིས་སྦེ་འཐེན་ནི་འདུག།
Zhey is a song and dance characterized by quick steps performed while wearing elaborate costumes, and no shoes. The costumes differ from one region to another. There are different types of zheys, of which the four major are: the goen zhey of Gasa, the wang zhey of Thimphu, the nub zhey of Trongsa, and the woochupai zhey of Paro. In this video, Namgay from Ritsa in Punakha sings “A Row with Golden Throne” (Zhug Drel Ser Trhi), a wang zhey that can be performed in both fast and slow rhythms. What makes this genre stand out from other Bhutanese music genres is the religious tone of its lyrics.
- Punakha