Video Overview
༉ དེ་སྦེ་ ཐགཔ་འཁལ་ནི་དེ་ཡང་ དེང་སང་གི་འཕྲུལ་ཆས་ཚུ་མེད་པའི་ཧེ་མ་ལས་རང་ཡོདཔ་ཨིན། ཐགཔ་དེ་ལུ་ཡང་ ནོར་ཐག་ མཇུག་ཐག་ ཁལ་ཐག་ ལ་སོགས་པ་ ལྷམ་པ་ལེ་ཤ་འདུག ནོར་ཐག་ ༼ཤར་ཕྱོགསཔ་ཁ་ནང་ ངང་ལཱན་༽ མཇུག་ཐག་ ༼མཇུག་ལཱན་༽ ཁལ་ཐག་ ཟེར་མི་ཚུ་ ནོར་ཐག་ ༼ངང་ལཱན་༽དང་ཕྱདཔ་ད་ ཨ་ཙི་རིངམོ་སྦེ་ཡོདཔ་ཨིན། ས་གནས་མཐའ་ཟུར་ལས་ཕར་ ཐབ་ཤིང་ཡང་ མཇུག་ཐག་འདི་གིས་འབགཔ་མ་ཚད་ ཡང་ཅིན་ ཐབ་ཤིང་འབག་ནི་གི་དོན་ལུ་ཡང་ སོ་སོ་འབད་རང་ འཁལ་ནི་ཡོད། ཐབ་ཤིང་འབག་ནི་གི་ཨིན་པ་ཅིན་ རྣམ་ཅོ་མེདཔ་སྦེ་འཁལ་ནི་ཡོདཔ་ད་ ད་ལྟོ་ པདྨ་དགའ་ཚལ་ སྨན་ལུ་ བསོད་ནམས་དཔལ་བཟང་གིས་འཁལ་མི་དེ་ མཇུག་ཐག་འདི་ཨིན་པས།
- Nangkor
- བསོད་ནམས་དཔལ་བཟང་འ།
- བསོད་ནམས་དཔལ་བཟང་མེད་ བསྡམས་ནུག།
- རྡོ་བསྟན་བཟང་མོ་ས་རུད་འོང་ནུག།
- བསོད་ནམས་དཔལ་བཟང་འ་ནཱ་ མདུད་ཕུད་བཏབ་ནི།
- རྡོ་བསྟན་བཟང་མོ་རྣམ་ཅོག་ ཨ་ཙི་ཅིག་སྦོམ་སྦེ་ བཞག་ནི་ཨིན་པས། ཐགཔ་ ཐགཔ་ ཐགཔ་བཙུགསཔ་ད་ མི་བཏུབ་པས།
- བསོད་ནམས་དཔལ་བཟང་ཕར་བལྟ་འབག་དབའི།
- བསོད་ནམས་དཔལ་བཟང་མེད་ ག་ཏེ་འགྱོཝ་ཨིན་ན་ད་རེས?
- བསོད་ནམས་དཔལ་བཟང་མེད་ གྱི་གི་ཡང་མི་བཏུབ་པས་དབའི།
- བསོད་ནམས་དཔལ་བཟང་ཨའེ།
- རྡོ་བསྟན་བཟང་མོ་འདྲན་འདྲ་འདུག་ག་ཀྲིག་ཀྲི?
- བསོད་ནམས་དཔལ་བཟང་འདྲན་འདྲ་འདུག།
- བསོད་ནམས་དཔལ་བཟང་ཤིང་གི་འདི་ རིངམ་ར་དྲགས་སོང་ནུག་དབའི།
- རྡོ་བསྟན་བཟང་མོ་འ་ ཚལ་ལུ་ཤིང་གི་ནང་ན་ ཁ་ཙ་ ཁ་ཉིནམ་ཡང་ལྷོད་ནུག།
- བསོད་ནམས་དཔལ་བཟང་འ།
- རྡོ་བསྟན་བཟང་མོ་ལཱ་ཐོན་འོང།
- བསོད་ནམས་དཔལ་བཟང་བཏོག་ནི།
- བསོད་ནམས་དཔལ་བཟང་འ་ནཱ་ དཔྱང་བཞག་དགོ་པས།