Skip to main content Skip to search
15 Dec 2011
35 min 27 sec
Rating
0
No votes yet
Video Overview
Creators: 
Charles Ramble, Martino Nicoletti
  • ༄། །རོང་སུམ་གཅིག་དང་རོང་ལ་གི །མཐིལ་ལ་ནས། །ཡའ་ལ་ཝེ་ལ་ཟེར་ན། །ངེད་མེ་ཏོག་པདྨའི་ལ་སྡོང་པོ། །ཡའ་ལ་ཝེ་ལ་ཟེར་ན། །ངེད་མེ་ཏོག་པདྨའི་ལ་སྡོང་པོ། །
  • རོང་སུམ་གཅིག་དང་རོང་ལ་གི །མཐིལ་ལ་ནས། །ཡའ་ལ་ཝེ་ལ་ཟེར་ན། །ངེད་མེ་ཏོག་པདྨའི་ལ་སྡོང་པོ། །    ཡའ་ལ་ཝེ་ལ་ཟེར་ན། །ངེད་མེ་ཏོག་པདྨའི་ལ་སྡོང་པོ། །པདྨ་ཅན་གྱི་སྡོང་པོ། །
  • ཡའ་ལ་ཝེ་ལ་ཟེར་ན། །ངེད་མེ་ཏོག་པདྨའི་སྡོང་པོ། །པདྨ་ཅན་གྱི་སྡོང་པོ༎ 
  • མེ་ཏོག་འདི་འདྲ་རྐང་པའི། །མ་ལ་ལེན། །ཡའ་ལ་ཝེ་སོའོ་རྐང་པའི་འགོམ་ཡོལ་ཤོར་ཡོང་ལ། །ཡའ་ལ་ཝེ་སོའོ་རྐང་པའི་འགོམ་ཡོལ་ཤོར་ཡོང་ལ། །
  • མེ་ཏོག་འདི་འདྲ་རྐང་པའི། །མ་ལ་ལེན། །ཡའ་ལ་ཝེ་སོའོ་རྐང་པའི་འགོམ་ཡོལ་ཤོར་ཡོང་ལ། །ཡའ་ལ་ཝེ་སོའོ་རྐང་པའི་འགོམ་ཡོལ་ཤོར་ཡོང་ལ། །
  • མེ་ཏོག་འདི་འདྲ་ལག་པའི། །མ་ལ་ལེན། །ཡའ་ལ་ཝེ་སོའོ་ལག་པའི་ལག་དྲི་ཤོར་ཡོང་ལ། །ཡའ་ལ་ཝེ་སོའོ་ལག་པའི་ལག་དྲི་ཤོར་ཡོང་ལ། །
  • མེ་ཏོག་འདི་འདྲ་ལག་པའི། །མ་ལ་ལེན། །ཡའ་ལ་ཝེ་སོའོ་ལག་པའི་ལག་དྲི་ཤོར་ཡོང་ལ། །ཡའ་ལ་ཝེ་སོའོ་ལག་པའི་ལག་དྲི་ཤོར་ཡོང་ལ། །
  • མེ་ཏོག་འདི་འདྲ་ཡིད་ཀྱི། །བླང་ལ་ནས། །ཡའ་ལ་ཝེ་སོའོ་མཆོད་པ་ཡ་ལ་ཕུལ་ཤོག་ལ། །ཡའ་ལ་ཝེ་སོའོ་མཆོད་པ་ཡ་ལ་ཕུལ་ཤོག་ལ། །
  • མེ་ཏོག་འདི་འདྲ་ཡིད་ཀྱི། །བླང་ལ་ནས། །ཡའ་ལ་ཝེ་སོའོ་མཆོད་པ་ཡ་ལ་ཕུལ་ཤོག་ལ། །ཡའ་ལ་ཝེ་སོའོ་མཆོད་པ་ཡ་ལ་ཕུལ་ཤོག་ལ། །
  • མེ་ཏོག་འདི་འདྲ་ཞལ་ལ་ཁ། །ཕྱེ་ལ་ནས། །ཡའ་ལ་ཝེ་སོའོ་འཛམ་གླིང་འོད་ཀྱིས་ཁེངས་སོང་ལ། །ཡའ་ལ་ཝེ་སོའོ་འཛམ་གླིང་འོད་ཀྱིས་ཁེངས་སོང་ལ། །
  • མེ་ཏོག་འདི་འདྲ་ཞལ་ལ་ཁ། །ཕྱེ་ལ་ནས། །ཡའ་ལ་ཝེ་སོའོ་འཛམ་གླིང་འོད་ཀྱིས་ཁེངས་སོང་ལ། །ཡའ་ལ་ཝེ་སོའོ་འཛམ་གླིང་འོད་ཀྱིས་ཁེངས་སོང་ལ། །
  • ༄། །ཕྱིའི་ལྕགས་རི། །ཕྱི་ལ་ལྕགས་རི་བསྐོར་ཡོད། །ལྕང་མའི་ལྕགས་རི་བསྐོར་ཡོད། །ལྕང་མའི་ལྕགས་རི་བསྐོར་ ཡོད། །བྱེའུ་ཆུང་གསུང་སྐད་སྙན། ༎ལྕང་མའི་ལྕགས་རི་བསྐོར་ཡོད། །བྱེའུ་ཆུང་གསུང་སྐད་སྙན། ། 
  • ཕྱིའི་ལྕགས་རི། །ཕྱི་ལ་ལྕགས་རི་བསྐོར་ཡོད། །ལྕང་མའི་ལྕགས་རི་བསྐོར་ཡོད། །ལྕང་མའི་ལྕགས་རི་བསྐོར་ ཡོད། །བྱེའུ་ཆུང་གསུང་སྐད་སྙན། ༎ལྕང་མའི་ལྕགས་རི་བསྐོར་ཡོད། །བྱེའུ་ཆུང་གསུང་སྐད་སྙན། །
  • ནང་ན་ནོར་བུ་བཞུགས་ཡོད། །ཇོ་ཤཱཀ་ཡིད་བཞིན་ནོར་བུ༎ ནང་ན་ནོར་བུ་བཞུགས་ཡོད། །ཇོ་ཤཱཀ་ཡིད་བཞིན་ནོར་བུ༎
  • བསྐོར་ར་གཡས་པ་གཡས་ལ་ཟེར་ན། །བསྐོར་ར་གཡས་པ་གཡས་ལ་ཟེར་ན། །གཡས་ཀྱི་བསྟན་པ་དར་སོང་། །ཞབས་བྲོ་སུམ་རྒྱག་པད་སྐོར་ལ། །
  • བསྐོར་ར་གཡོན་པ་གཡོན་ལ་ཟེར་ན། །བསྐོར་ར་གཡོན་པ་གཡོན་ལ་ཟེར་ན། །གཡོན་གྱི་བསྟན་པ་དར་སོང་། །ཞབས་བྲོ་སུམ་རྒྱག་པད་ཀོར་ལ། །
  • སྐོར་ར་ཕྱི་སྐོར་ནང་ལ་ཟེར་ན༎ སྐོར་ར་ཕྱི་སྐོར་ནང་ལ་ཟེར་ན༎ རང་སེམས་ཆོས་ལ་དཀར་ར༎ རང་སེམས་ཆོས་ལ་དཀར་ར་ལ༎
  • ནང་ནོར་བུ༎ ནང་ན་ནོར་བུ་བཞུགས་ཡོད། །ཇོ་ཤཱཀ་ཡིད་བཞིན་ནོར་བུ༎ ནང་ན་ནོར་བུ་བཞུགས་ཡོད། །ཇོ་ཤཱཀ་ཡིད་བཞིན་ནོར་བུ༎
  • བསྐོར་ར་གཡས་པ་གཡས་ལ་ཟེར་ན། །བསྐོར་ར་གཡས་པ་གཡས་ལ་ཟེར་ན། །གཡས་ཀྱི་བསྟན་པ་དར་སོང་། །ཞབས་བྲོ་སུམ་རྒྱག་པད་སྐོར་ལ། །
  • བསྐོར་ར་གཡོན་པ་གཡོན་ལ་ཟེར་ན། །བསྐོར་ར་གཡོན་པ་གཡོན་ལ་ཟེར་ན། །གཡོན་གྱི་བསྟན་པ་དར་སོང་། །ཞབས་བྲོ་སུམ་རྒྱག་པད་ཀོར་ལ། །
  • སྐོར་ར་ཕྱི་སྐོར་ནང་ལ་ཟེར་ན༎ སྐོར་ར་ཕྱི་སྐོར་ནང་ལ་ཟེར་ན༎ རང་སེམས་ཆོས་ལ་དཀར་ར༎ རང་སེམས་ཆོས་ལ་དཀར་ར་ལ༎
  •  ༄༄༎ ལྷ་ས་མ་ཆགས་ལྷ་ས་ཆགས་པ་ཡག་བྱུང་༎ ལྷ་ས་མཚོ་མོའི་སྟེང་ལ༎ ལྷ་ས་ཆགས་པ་ཡག་བྱུང་༎ ལྷ་ས་མཚོ་མོའི་སྟེང་ལ༎ ལྷ་ས་ཆགས་པ་ཡག་བྱུང་༎ 
  • ལྷ་ས་མ་ཆགས་ལྷ་ས་ཆགས་པ་ཡག་བྱུང་༎ ལྷ་ས་མཚོ་མོའི་སྟེང་ལ༎ ལྷ་ས་ཆགས་པ་ཡག་བྱུང་༎ ལྷ་ས་མཚོ་མོའི་སྟེང་ལ༎ ལྷ་ས་ཆགས་པ་ཡག་བྱུང་༎
  •  རྭ་སྒྲེང་མ་ཆགས་རྭ་སྒྲེང་ཆགས་པ་ཡག་བྱུང་༎ རྭ་སྒྲེང་ཤུག་པའི་དཀྱིལ་ལ༎ རྭ་སྒྲེང་ཆགས་པ་ཡག་བྱུང་༎ རྭ་སྒྲེང་ཤུག་པའི་ དཀྱིལ་ལ༎ རྭ་སྒྲེང་ཆགས་པ་ཡག་བྱུང་༎
  •  བསམ་ཡས་མ་ཆགས་བསམ་ཡས་ཆགས་པ་ཡག་བྱུང་༎ བསམ་ཡས་མ་ཆགས་བསམ་ཡས་ཆགས་པ་ཡག་བྱུང་༎ བསམ་ཡས་བྱེ་མའི་སྟེང་དུ༎ བསམ་ཡས་ཆགས་པ་ཡག་བྱུང་༎ བསམ་ཡས་བྱེ་མའི་སྟེང་དུ༎ བསམ་ཡས་ཆགས་པ་ཡག་བྱུང་༎
  •  ཡེར་པ་མ་ཆགས་ཡེར་བ་ཆགས་པ་ཡག་བྱུང་༎ ཡེར་པ་མ་ཆགས་ཡེར་བ་ཆགས་པ་ཡག་བྱུང་༎ ཡེར་བ་རླུང་གི་སྟེང་དུ༎ ཡེར་བ་ཆགས་པ་ཡག་བྱུང་༎ ཡེར་བ་རླུང་གི་སྟེང་དུ༎ ཡེར་བ་ཆགས་པ་ཡག་བྱུང་༎ 
  •  རྭ་སྒྲེང་ཤུག་པའི་དཀྱིལ་ལ༎ རྭ་སྒྲེང་ཆགས་པ་ཡག་བྱུང་༎ རྭ་སྒྲེང་ཤུག་པའི་དཀྱིལ་ལ༎ རྭ་སྒྲེང་ཆགས་པ་ཡག་  བྱུང་༎ 