Skip to main content Skip to search
07 Jun 2018
8 min 59 sec
Video Overview
Creators: 
penchela, Ugyen Phunthso

This song is local to Balug village, and is sung during the annual archery match played among the males of that community. This particular zhey was performed at Drilsho Pang. In it, they supplicate to different spirits and local deities such as the local water spirit, Tsheringma, and others. These songs also invoke  peace, prosperty and long life of people in the community. Men and women perform this song in the evening after the archery match is completed.

༉  གླུ་གཞས་འདི་དར་དཀར་ན་རྫོང་ཁག་ བ་ལུང་གཡུས་ཚན་གྱི་ དྲིལ་ཤོག་སྤང་ཟེར་སའི་ནང་ ལོ་མདའི་སྐབས་སུ་རྐྱབ་སྲོལ་ཡོདཔ་ད་ འདི་ཡང་ གཡུས་ལྷ་སྲུང་མ་ཚུ་ལུ་ གསོལ་འདེབས་སྦེ་ཕུལ་བའི་གཞས་ཅིག་ཨིན་པས། གཞས་འདི་ཡང་ གཡུས་ཁའི་སྲུང་མ་ དཔེ་འབད་བ་ཅིན་ གཡུས་ཁའི་མཚོ་སྨན་དང་ཚེ་རིང་མ་འདི་ཚུ་ལུ་ བསྟོདཔ་ཕུལ་ཏེ་ ཁོང་རའི་གཡུས་སྒོ་ནང་ ལོ་ཕྱུགས་རྟག་ཏུ་ལེགས་ ཆར་ཆུ་དུས་སུ་འབབ་ མི་ནད་དང་ཕྱུགས་ནད་ལ་སོགས་པ་ཚུ་རྒྱུན་ཆད་དེ་ ཞི་བདེ་དང་དགའ་སྐྱིད་འབྱུང་བཅུག་ཟེར་བའི་ སྨོན་འདེབས་ཕུལཝ་ཨིན་མས། གཞས་འདི་ ཕྱི་རུ་ཕྱོགས་མདའ་མཇུག་བསྡུ་ཞིནམ་ལས་རྐྱབ་དོ་ཡོདཔ་ད་ དེ་བསྒང་ གཡུས་ཁའི་རྒན་གཞོན་བར་མ་ཆ་མཉམ་གྱིས་བཅའ་མར་གཏོགས་ཏེ་ གཞས་འདི་བསྒོརཝ་ཨིན་མས།

Transcript search
No results found for this search
0 of 0
  • ཨཔ་རྡོེ། །
    Ap Dorji: དེ་ལས་མར་ལྷོད་ཞིནམ་ད་ མར་གྱི་གཞས་འདི་ ཡར་ལས་ལོགཔ་ད་
  • ཨཔ་རྡོེ། །
    Ap Dorji: གསུང་ལེགས་རང་ལེགས་སོ་ལེགས་རང་ལེགས། ། གསུང་ལེགས་པའི་ཕྱོགས་སུ་རྟེན་འབྲེལ་བཟང་། །གཞསམོ་ཚུ་གིས་ ཨ་ནཱི་སྦེ་འཐེནམ་ཨིན་ལགསདེ་ལས་ང་གིས་ ཏེ་
  • ཨཔ་རྡོེ། །
    Ap Dorji: ཉིནམ་ཁ་ཙ་ཉིན་མོ་དཔལ་ཨིན་ལགས། ། ཉིནམ་ད་རིས་ཉིན་མོ་འབྲུག་ཨིན་ལགས། ། དཔལ་གྲུབ་འབྱོར་དཔལ་གྱི་ཉི་མ་ལུ། ། ངེ་ཡ་ལ་དཀར་པོའི་ལྷ་གསོལ་དོ། །
  • ཨཔ་རྡོེ།
    Ap Dorji: [ན་མ་ལ་ནག་པོའི་སྲི་གནོན་དོ?] ན་བར་ལས་ཕྱྭ་དང་གཡང་ཁུག་བྱོན། །
  • ཨཔ་རྡོེ།
    Ap Dorji: ཡར་རི་་་་་ ད་དེ་ལས་མར་གྱི་གནསཔོ་ཞུཝ་ད་ འ་ཱནཱི་གནསཔོ་ མར་གྱི་གནསཔོ་ངོ་མ་འདི་ འ་ནི་ཞུཝ་ཨིན་ལགས།
  • ཨཔ་རྡོེ།
    Ap Dorji: ཡར་རི་གུ་གངས་ལུ་ལྟོས་ས་ཡ། ། ངེའི་དགྲ་ལྷ་བཞུགས་སའི་གནས་ཨིན་ལགས། ། མ་རི་མཇུག་ཕྱོགས་་་་ མཚོ་ལུ་ལྟོས་ས་ཡ། ། ན་མཚོ་སྨན་བཞུགས་སའི་གནས་ཨིན་ལགས། །
  • ཨཔ་རྡོེ།
    Ap Dorji: བར་དུང་གི་འཁོར་ལོ་འཁྱིལ་ས་ཡ། ། ན་ཚེ་རིང་བཞུགས་སའི་གནས་ཨིན་ལགས། ། སྐེ་ཨ་ད་ཁ་དམར་བཞེས་མི་ཁྱོད། ། [ལོག་བྷེན་དང་ཧུ་ཤུབས་བཏགས་མི་ཡ། །?]
  • ཨཔ་རྡོེ།
    Ap Dorji: ངེའི་དགྲ་ལི་གདོང་བསྐོར་ལེན་མི་ཁྱོད། ། སྐྱེསཔ་ཕོ་ཐོག་རྣམས་ཀྱི་དགྲ་ལྷ་ཨིན། ། ཟམོ་མོ་ཐོག་རྣམས་ཀྱི་སྲུང་ལྷ་ཨིན། །
  • ཨཔ་རྡོེ།
    Ap Dorji: ལོ་ན་ཧིང་ཟེར་ཏེ་མ་ཧ་ལ། ། ལོ་དུས་ཅི་ཟེར་ཏེ་མ་ཕྱི་ལ། ། ངེ་ལོ་དུས་དང་ཞག་གི་མཆོད་པ་བཞེས་དགོ་ངེའི་དགྲ་ལྷ། ། དུས་ཨ་རྟག་ག་བཞུགས་ཕྱོགས་ལུ་བྱོན། ། ན་ད་རིས་བཞུགས་པའི་ཕྱོགས་ལུ་བྱོན་དགོ་ངེའི་དགྲ་ལྷ། །
  • ཨཔ་རྡོེ།
    Ap Dorji: ཐོག་སད་དང་སེརཝ་འཁྱེར་ནས་བྱོན། ། ད་བཙའ་དང་མུ་གེ་འཁྱེར་ནས་བྱོན་དགོ་ངེའི་དགྲ་ལྷ། ། ན་ལོ་ཕྱུགས་རྟག་ཏུ་ལེགས་ཏེ་བྱོན། ། ན་ཆར་ཆུ་དུས་ལུ་འབབ་སྟེ་བྱོན་དགོ་ངེའི་དགྲ་ལྷ། །
  • ཨཔ་རྡོེ།
    Ap Dorji: [མར་ཕྱམ་བྱག་ཨོ་མོའི་གཞིས་ཁ་ལུ། །?] བྲེ་ཁལ་གཅིག་ས་ལུ་བཀྲམ་སྟེ་བྱོན་དགོ་ལགས། ། གནས་དབྱངས་ཅན་ཕུག་ལུ་ལོག་སྟེ་བྱོན། ། ཐུགས་རིས་དང་ཕྲག་དོག་མ་མཛད་པར། །
  • ཨཔ་རྡོེ།
    Ap Dorji: ཞིཝ་བྱང་ཆུབ་ཧ་ལས་བསྒོམ་སྟེ་བྱོན་དགོ་ངེའི་དགྲ་ལྷ། ། ན་ཆེཝ་འགོ་ལས་ཡལ་མ་བཅུག ། ན་ཆུང་མ་ཕངམ་ལས་ཤོར་མ་བཅུག ། ངེའི་བ་མོ་རྐྱེན་གྱིས་མ་རྐྱབ་བྱོན་དགོ་ལགས། །
  • ཨཔ་རྡོེ།
    Ap Dorji: དགྲ་སྲི་དང་ཕུང་སྲི་སྤྱན་གྱིས་གཟིགས། ། ན་ཆེ་སྲི་དང་ཆུང་སྲི་ཞབས་ཀྱིས་གནོན་དགོ་ངེའི་དགྲ་ལྷ། ། [རྩེམོ་བྱ་གི་མ་བཟའ་ཁེགས་ནས་བྱོན། །?] [གཙོ་བྱི་བ་མ་བཟའ་རྒྱལ་ཁ་སློག །?]
  • ཨཔ་རྡོེ།
    Ap Dorji: ན་རྒས་པ་རྣམས་སུ་ཚེ་བསྲིང་ཤོག ། ངེའི་གཞོན་པ་རྣམས་སུ་དཔལ་ཐོབ་ཤོག ། དཔལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་སྨོན་ལམ་ཞུ། ། ཟེརཝ་ཅིག་མར་གྱི་འབའ་ཅོ་འོག་མ་གི་འདི་ གནསཔོ་ཨ་ནེ་ཅིག་གིས་ཚངམ་ཨིན་ལགས།། །།