23 Aug 2018
3 min 33 sec
- ཚེ་དབང་ Tshewangསྤྱི་དཔོན་གྱི་འགན་ཁུར་འདི་ ང་བཅས་དེ་བསྒང་ སྤྱི་དཔོན་དེ་སྦེ་ རྒྱུག་སྡོདཔ་ད་ལྟག་ལས་རྒཔོ་གཅིག་འོང་འོག་ལས་མར་གྱི་འདི་ཨེ་་་ཕར་དང་ཚུར་གྱི་ཏེ་ ང་བཅས་ཀྱི་གཡུས་ཁ་གི་ ཁྲལ་བསྡུ་ནི་གཡུས་ཁ་གི་འུར་ལཱ་གུང་གི་བདའ་བདའཝ་ད་ཅི་ཞུ་དོ་བཟུམ་སྦེ་འ་ནཱི་ཚུ་པུ་ར་(ག་ར་)སྤྱི་དཔོན་ཚུ་གི་བདག་འཛིན་འཐབ་དགོ་ལགས།
- ཚེ་དབང་ Tshewangརྒཔོ་འདི་གི་ཡ་ གུང་རེ་ལུ་ ཉིནམ་ལྔ་ལྔ་བཀལ་རུང་བཅུ་ཐམ་བཀལ་རུང་འ་ནེ་སྦེ་ཨིན་ཟེར་སླབ་པ་ཅིན་འ་ནཱི་སྤྱི་དཔོན་འདི་གིས་རྒཔོ་འདི་གི་ཐོ་བཟོ་རུང་གུང་དང་འཁྲིལ་འ་ནཱི་ཐོ་བཟོ་འབྱིན་འོང་ང་བཅས་འ་ནཱི་ཏེ་ད་ སྤྱི་དཔོན་ཉིནམ་བཅུ་ཐམ་སྦེ་ཚར་རུང་བཅུ་ཐམ་སྦེ་ང་བཅས་ར་གི་ད་དཔེར་ན་ལུ་སྦྱིས་མིཔ་རྒཔོ་ནང་ལུ་འབད་བ་ཅིན་སྨད་ཝང་ཨིན་པས་ད་སྨད་ཝང་སྦེ་ཡར་སོང་ཡི་སྨད་ཝང་ནང་གུང་ག་དེམ་ཅིག་ཡོད་ག་འ་ནཱི་ལཱ་ག་དེ་ཅིག་ཚར་ག་འ་ནཱི་དང་འཁྲིལ་འཐོན་འོང་ལགས།
- ཚེ་དབང་ Tshewangཡ་ལུ་ཟླཝ་སྦེ་ཡང་ རྐྱབ་དགོཔ་འཐོན་འོང་ཡ་ལུ་ཉིནམ་ལྔ་ལྔ་དྲུག་དྲུག་ཡང་ རྐྱབ་དགོཔ་འཐོན་འོང་འ་ནཱི་སྐོར་དག་སོང་པ་ཅིན་ཏེ་ སྐོར་མ་དག་ ལཱ་འདི་མ་ཚར་བ་ཅིན་དེ་ལས་ ལོག་རྟིང་ལས་གཞན་ཁར་ལུ་ད་རུང་ལཱ་གཞན་ཁར་འཐོན་པ་ཅིན་རྫོང་སེལ་འུར་ལཱ་ཟེར་ འགྱོ་དགོ་ལགས།
- ཚེ་དབང་ Tshewangའ་ནཱི་བཟུམ་སྦེ་ འབད་བའི་བསྒང་ལས་སྣང་ཆུང་ཤོས་དེ་བསྒང་ཏེ་ རྒྱལ་པོའི་གསོལ་ཆུམ་འདི་ཚུ་ཡང་ རྫོང་ནང་ལས་རེད་བཟེད་ང་བཅས་ཀྱི་དེ་བསྒང་ཡར་ཧེ་ཇོ་ལུ་ད་ལྟོ་ཡར་ དུར་ཁྲོད་ཡོད་སའི་ཡར་ལུ་དགེ་འདུན་པའི་ ཆུ་རག་ཟེར་གཅིག་ཡོད་ འ་ནཱ་ལས་རྫོང་ནང་ལས་རེད་བཟེད་ཡར་ལས་ཏེ་ ཐངམ་བརྡུངས་འབད་སྦེ་རེད་ཁལ་གཉིས་བཟེདན་ཆུམ་ཁལ་གཅིག་མར་རྐྱབ་རེད་ཁལ་གཉིས་ལས་ཆུམ་ལྷག་སོང་ཆུམ་ཁལ་གཅིག་ལྷག་སོང་པ་ཅིན་རང་འབག་ནི་རང་ཨིན་ ཆད་སོང་རུ་ཡང་རང་གི་བཏང་དགོ་ལགས།
- ཚེ་དབང་ Tshewangཏེ་ དེ་བསྒང་འ་ནེ་སྦེ་ ལྡུམ་ལྕག་(?)འ་ནེ་སྦེ་འཇལ་དགོ་པས་འདི་ཞབས་ཀྱི་གསོལ་ཆུམ་ཨིན་ཟེརཝ་ད་རེད་བརླགཔ་ཅིག་སྦེ་བཞགཔ་མས་བཀྱག་རུ་རུ་སྦེ་བཏང་ནི་མིན་འདུག་དཀརཔོ་སྦེ་བཏང་ནི་མིན་འདུག་ཏེ་ དེ་བསྒང་སྤྱི་དཔོན་གྱི་ ལཱ་འ་ནཱི་ཚུ་པུ་ར་(ག་ར)བདག་འཛིན་འཐབ་དགོ
- ཚེ་དབང་ Tshewangདགེ་འདུན་པའི་གསོལ་ཆུམ་ཚུ་ཡང་ སྤྱི་དཔོན་གྱི་བདག་འཛིན་འཐབ་དགོ་ལགས་པུ་ར་(ག་ར་) ཏེ་གུང་གིས་བདའ་བདའཝ་འབད་བའི་བསྒང་ལས་གུང་རེ་ལུ་ ཤིང་འ་ནེ་རེ་ཟེར་ཏེ་ རྫོང་སེལ་གྱི་འུར་ལཱ་འབད་རུང་ཡང་ཉིནམ་འ་ནེམ་རེ་ཕོགཔ་ཟེར་ཆ་མཉམ་འ་ནཱི་སྤྱི་དཔོན་དེ་གིས་ བདག་འཛིན་བཟུང་དགོ་ལགས།
- ཚེ་དབང་ Tshewangསྤྱི་དཔོན་གོངམ་འདི་ རྫོང་ནང་ར་སྡོད་འོང་ ཏེ་ འོག་ལས་མ་ཚོགས་པ་མི་འདི་ཚུ་གི་ བརྡ་སླབ་ཕར་དང་ཚུར་དང་ཕུ་ཏེ་ད་ད་རེས་འབད་ཚད་མམ་ལགས་དེ་བསྒང་བ་རི་ཤོང་ལུ་ དོ་བསྐྱེལ་བར་འགྱོ་དགོ་ཕར་ལས་ཡར་སྦེ་གླིང་གཞི་ལས་སྦེ་མགྱོནམ་གྱི་དོ་འདི་ཚུ་པུ་ར་(ག་ར)ང་བཅས་ཀྱི་ རྟ་བདའ་སྐྱེལ་དགོ་ ཏེ་ ལགས།
- ཚེ་དབང་ Tshewangཕར་ལས་ལུ་ད་རེས་བཟུམ་སྦེ་ཏེ་ད་ ག་ཏེ་འགྱོ་ནི་འདུགཔ་རྟ་མེདན་མི་ཚུ་གིས་བཀལ་བར་འགྱོ་དགོ་པས་ ཏེ་ལ་ལུ་སྔུ་ཡང་སྔུཝ་མས་ ཏེ་དོ་མི་ཐལ་ཆརཔ་རྐྱབ་གནའ་མེད་ས་མེད་བ་རི་ཤོང་ལས་ཀྱི་ལམ་འདི་ཚུ་ད་ཌག་ཊར་བུ་མ་འབྱོནམ་མམ།
- ཚེ་དབང་ Tshewangད་རེས་འབད་བ་ཅིན་ ཐིམ་ཕུའི་ཆུ་འདི་ནང་ལུ་ ཏེ་ཡར་འཛེག་མར་འབབ་འ་ནེ་སྦེ་ཡ་ལུ་ཁར་ལས་ཕར་ལུ་རྡོ་གུ་ཕར་ལུ་ཟམ་འ་ནེ་སྦེ་རྐྱབ་ཆུ་དྲེགཔ་(?)ཆགས་འབད་བའི་བསྒང་ལས་འདི་རྟ་ཡང་ཆུ་ནང་འབབ་གར་སག་ས་སྦེ་ ཏེ་བཤེད་ཡི་བཤེད་ཡི་འ་ནེ་སྦེ་བཏོན་བསྐྱེལ་ལ་ལུ་ཁར་ལས་ཁལ་ཕབ་བཏོན།
- ཚེ་དབང་ Tshewangཞག་བཞི་བཞི་ལྔ་ལྔ་རེ་བ་རུ་ཤོང་ལུ་འ་ནེ་སྦེ་བ་རུ་ཤོང་ལུ་དེ་བསྒང་ ཏེ་ཡར་ནང་ལུ་ག་ཅི་དྲུང་པ་གཅིག་སྣག་ཚང་ཅིག་ཡོདཔ་འདྲས་ང་བཅས་ནཱ་འབད་བ་ཅིན་ད་རེས་འབད་བ་ཅིན་དེ་བསྒང་འབད་བ་ཅིན་ ནཱ་ལུ་ཡང་ སྤྱི་མི་ཐང་ཁ་དཔོན་སློབ་ཟེར་ཡོད་བ་ལགས།