Video Overview
Dawa, a villager form Bartsa Village in Karna Gewog, Dagana sings a Boedra song entitled Shar Lay Shar Wai Thridu (Rising Sun from the East). This Boedra song is popular in the Western part of Bhutan. As per usual practice with Boedra songs, it is performed in a circle, with different steps that follow verses of the song. The song features sad lyrics; the composer describes the sadness accompanying the setting of the sun. Life is compared with the sun which shines and then starts to set.
བོད་སྒྲའི་གླུ་གཞས་ ཤར་ལས་ཤར་བའི་ཁྲི་གདུགས་ཟེར་མི་འདི་ དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ བར་ཚྭ་གཡུས་ཚན་ལས་ ཟླ་བ་གིས་འཐེནམ་ཨིནམ་ད་ བོད་སྒྲའི་གླུ་གཞས་འདི་ འབྲུག་གི་ནུབ་ཕྱོགས་ས་གནས་ཚུ་ནང་ ཡོངས་གྲགས་སྦེ་ར་ དར་ཁྱབ་སོང་ཏེ་ཡོདཔ་ཨིན། བོད་སྒྲའི་གླུ་གཞས་འབདཝ་ལས་ རྐང་གི་གོམ་ཚད་དང་ ཚིག་དང་འཁྲིལ་ཏེ་ལེའུ་སོར་ཡི་ར་ སྒོར་སྒོརམ་སྦེ་རྐྱབ་ཨིན། འཁྲུལ་སྣང་ཅན་གྱི་གླུ་གཞས་འདི་ནང་ རྩོམ་པ་པོ་འདི་གིས་ ཉིམ་ནུབ་འགྱོ་མི་ལུ་ སྐྱོ་སྣང་ལང་ཐོག་ལས་ བཤད་པ་རྐྱབ་ཨིནམ་ད་ མི་ཚེ་འདི་ ཉིམ་ཤར་མི་དང་ འཛུལ་མི་ལུ་གཞི་བཞགཔ་ཨིན་པས།
- Bartsha
- Dagana
- ཟླ་བ་ཤར་ལས་ཤར་བའི་ཁྲི་གདུགས། །ཤར་ལས་ཤར་བའི་ཁྲི་གདུགས། །
- ཟླ་བ་ནུབ་ས་མེད་པ་སྐྱོ་ས་(སོང་)སྭོ། །ནུབ་ས་མེད་པ་སྐྱོ་ས་(སོང་)སྭོ། །
- ཟླ་བ་ནུབ་ས་མེད་པའི་ཁྲི་གདུགས། །ནུབ་ས་མེད་པའི་ཁྲི་གདུགས། །
- ཟླ་བ་སྐྱོ་ཞིང་གླིང་བཞི་བསྐོར་ས་(སོང་)སྭོ་ཡ་ལ། །སྐྱོ་ཞིང་གླིང་བཞི་བསྐོར་ས་(སོང་)སྭོ། །
- ཟླ་བ་སྒང་ལས་འབབ་པའི་ཆུ་མོ། །སྒང་ལས་འབབ་པའི་ཆུ་མོ། །
- ཟླ་བ་འཁྱིལ་ས་མེད་སྐྱོ་ས་(སོང་)སྭོ་ཡ་ལ། །འཁྱིལ་ས་མེད་སྐྱོ་ས་(སོང་)སྭོ་ཡ་ལ། །
- ཟླ་བ་ཨ་མ་(མས་)སྐྱེས་པའི་བུ་ཆུང་། །ཨ་མ་(མས་)སྐྱེས་པའི་བུ་ཆུང་། །
- ཟླ་བ་འཁྱམས་ས་མེད་པར་སྐྱོ་ས་(སོང་)སྭོ་ཡ་ལ། །འཁྱམས་ས་མེད་པར་སྐྱོ་ས་(སོང་)སྭོ། །
- ཟླ་བ་འཁྱམས་ས་མེད་པའི་བུ་ཆུང་། །
- ཟླ་བ་སྐྱོ་ཞིང་ཡུལ་བཟང་བསྐོར་ས་(སོང་)སྭོ་ཡ་ལ། །སྐྱོ་ཞིང་ཡུལ་བཟང་བསྐོར་ས་(སོང་)སྭོ་ཡ། །ལགས་སོ།། །།