Video Overview
Sempa from Richanglu village in Martshala gewog, Samdrup Jongkhar sings a unique boedra song entitled “Thridung Sharsa Yuryur,” which means “Rising Sun.” The song praises the sun, which rises in the east and sets in the west, the flower blooming in the garden, and the river that flows through Bodh Gaya in India. This song is performed during the annual household festival in the village. He learned it from village elders.
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེག་འོག་ རི་ཆངས་ལུ་གཡུས་ཚན་ནང་ལས་ སེམས་པ་གིས་ བོད་སྒྲའི་གླུ་གཞས་ ཁྲི་གདུགས་ཤར་ས་ཡུར་ཡུར་ཟེར་མི་འདི་འཐེན་ནི་འདུག གླུ་གཞས་འདི་ནང་ ཁྲི་གདུགས་ཉིམ་འདི་ཤར་ལས་ ནུབ་ཕྱོགས་ལུ་འཛུལ་ནི་དང་ ལྡུམ་ར་ནང་ལུ་ མེ་ཏོག་ཁ་རྒྱས་ནི་ དེ་ལས་ གཙང་ཆུ་འདི་ རྒྱ་གར་ཐང་ལུ་འགྱོ་བའི་སྐོར་ལས་ བསྟོད་པ་རྐྱབ་པའི་ཚིག་ཚུ་ཡོདཔ་ཨིན་མས། གླུ་གཞས་འདི་ རང་སོའི་ལོ་ལྟར་གི་ལོ་མཆོད་བཏང་སྐབས་འཐེན་ནི་ཡོདཔ་དང་ ཁོ་གི་གླུ་གཞས་འདི་ མི་རྒན་ཤོས་ཚུ་ལས་ ལྷབ་ཅིག་ཟེར་ཨིན་མས།
- སེམས་དཔའ་སྭོ་ཁྲི་གདུགས་ལ་ཤར་ས་ཡུར་ཡུར་ནུབ་ས་མེད། །ནུབ་ས་ལ་སེམས་ཀྱི་ནང་ལས་སྐྱོ་ཤུང་ཤུང་། །ནུབ་ས་ལ་སེམས་ཀྱི་ནང་ལས་སྐྱོ་ཤུང་ཤུང་། །
- སེམས་དཔའ་སོྭ་མེ་ཏོག་ལ་འཁྲུངས་ས་ཡུར་ཡུར་ལྡུམ་རྭ་ནང་། །ལྡུམ་རྭ་ལ་སྤང་རྩེ་ནང་ལས་སྐྱོ་ཤུང་ཤུང་། །ལྡུམ་རྭ་ལ་སྤང་རྩེ་ནང་ལས་སྐྱོ་ཤུང་ཤུང་། །
- སེམས་དཔའ་སོྭ་ཆུ་མོ་ལ་འབབ་ས་ཡུར་ཡུར་གང་ས་མེད། །རྒྱ་གར་ལ་རྡོ་རྗེ་གདན་ལ་སྐྱོ་ཤུང་ཤུང་། །རྒྱ་གར་ལ་རྡོ་རྗེ་གདན་ལ་སྐྱོ་ཤུང་ཤུང་། །
- སེམས་དཔའ་སོྭ་ཨ་ནེ་ལ་མགུ་ལ་སྐོམ་ནས་གསེར་འཇའ་མི། །མི་ཁ་ལ་ཁྲ་མོ་ནང་ལས་སྐྱོ་ཤུང་ཤུང་། །མི་ཁ་ལ་ཁྲ་མོ་ནང་ལས་སྐྱོ་ཤུང་ཤུང་། །
- སེམས་དཔའ་སོྭ་ཨ་ནེ་ལ་ལུས་ལ་སྐོམ་ནས་ན་བཟའ་མེད། །མི་ཁ་ལ་ཁྲ་མོ་ནང་ལས་སྐྱོ་ཤུང་ཤུང་། །
- སེམས་དཔའ་སོྭ་ཨ་ནེ་ལ་སེམས་ཀྱི་ལེགས་ནི་དུས་ནི་སྐྱོ། །མི་ཁ་ལ་ཁྲ་མོ་ནང་ལས་སྐྱོ་ཤུང་ཤུང་། །མི་ཁ་ལ་ཁྲ་མོ་ནང་ལས་སྐྱོ་ཤུང་ཤུང་། །
- སེམས་དཔའ་སོྭ་སྤྲང་ཅུང་ལ་སྐྱེས་ས་ཡུར་ཡུར་སྦོམ་ས་མེད། །དབང་ཤིང་ལ་ལྟག་ཤིང་ནང་ལས་སྐྱོ་ཤུང་ཤུང་། །དབང་ཤིང་ལ་ལྟག་ཤིང་ནང་ལས་སྐྱོ་ཤུང་ཤུང་། །