Video Overview
Alo songs seem popular in the Kurtoe region. This particular one is a sad song, similar to songs in other parts of the country such as Dungsam Alo. The song narrates the departure of the moon that rises in the East and sets in the West. The Alo song desires to shine over the universe forever, for the wellbeing of all sentient creatures. Such songs are sung during sad moods, mainly to mourn a departure.
༉ སྤྱིར་བཏང་གིས་ ཨ་ལོ་ཟེར་ སྐྱོ་གླུ་ཅིག་ལུ་སླབ་དོ་ཡོདཔ་ཨིན། ཨ་ལོ་ཟེར་མི་འདི་ ང་བཅས་ར་ནུབ་ཕྱོགས་ཁ་ཐུག་ལས་དར་སྲོལ་ཡོད་པའི་ཝང་གཞས་ལོ་ འོ་ཆུ་པའི་གཞས་ལོ་ཟེར་ ཡོད་དོ་བཟུམ་སྦེ་ ཨ་ལོ་དེ་ཤར་ཕྱོགས་ཁ་ཐུག་ལས་བྱུང་བྱུངམ་ཨིནམ་སྦེ་བཤད་དོ་ཡོདཔ་ད་ ཨ་ལོའི་མིང་ཡང་ཤར་ཕྱོགས་པའི་ཨ་ལོ་ཟེར་ སླབ་སྲོལ་ཡོད། འདི་ལུ་ ལུང་ཕྱོགས་ཀྱི་མི་རིགས་དང་ མི་གི་དབུགས་རིང་ཐུང་གི་ཁྱད་པར་མ་གཏོགས་ ཨ་ལོའི་གདངས་དབྱངས་ཀྱི་ཐད་ཁར་ ཅོག་ར་འཐདཔ་སྦེ་ཡོད་པ་གིས་མ་ཚད་ ཚིག་གི་ཐད་ཁར་འབད་རུང་ སྐྱོ་གླུ་གི་རིགས་ཅིག་འབད་ནི་དེ་གིས་ སྐྱོ་བའི་ཚིག་ཙང་ཙ་ར་ཡོདཔ་བཞིན་དུ་ ལྷུན་རྩེ་རྟ་སྦིས་ལས་ བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་གཉིས་ཀྱིས་ ད་ལྟོ་འཐེན་ཏེ་ཡོད་མི་ཨ་ལོའི་གླུ་གཞས་འབད་བ་ཅིན་ ཤར་ས་རི་ལས་ཤར་མཁན། །ཤར་གྱི་དཀར་གསལ་ཟླ་བ། །ཤར་ཞིང་ནུབ་ལུ་མ་གཡོ། །དགུང་མོའི་སྟེང་ལ་བཞུགས་ཤིག་ཟེར་ རང་གི་དགའཝ་མཐུནམ་ཚུ་རང་གི་གདོང་ཁ་ལས་ དཔེར་ན་ ཤར་ལས་ཤར་བའི་དཀར་གསལ་ཟླཝ་དེ་ཤར་ཏེ་ནུབ་ཕྱོགས་ཁ་ཐུག་གཡོ་འགྱོ་དོ་བཟུམ་སྦེ་མ་འགྱོ་ཟེར་ ཤར་གྱི་དཀར་གསལ་ཟླཝ་དེ་ལུ་དཔེ་སྦྱར་ཏེ་འཐེནམ་ཨིན་པས།
- Kurtoe
- བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmoཤར་བཟང་(ཤར་ས་)རི་ལས་ཤར་མཁན། །ཤར་གྱི་དཀར་གསལ་ཟླ་བ། །The moon, that appears to be risen from a mountain
- བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmoཤར་ཞིང་ནུབ་ལུ་མ་བྱོན། །དགུང་མོ་འདི་ལ་བཞུགས་ཤིག །Saddened by the non visibility of the moon, don’t set after your appearance.
- བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmoཡ་ལགས་སོ།། །།Thank you.