Video Overview
The song “Rising Early from the East” (Sharle Hale Mishar) is a popular song across Bhutan. Performed in this video by Leki Tshomo from Daagssa, Mongar, this song describes natural cycles of the environment. The song says, “If the early sun from the east does not rise, how can the white mountain in the west be melted? If the white mountain does not melt, how can a fresh river flow? If there is no fresh water from the river, how can the cypress tree grow?” The song concludes by saying, “If there are no cypress trees, where can the cuckoos descend? If there are no cuckoos, we will not be able to hear their melodious songs.”
གླུ་གཞས་ཤར་ལས་ཤར་བའི་ཁྲི་གདུགས་་འདི་ མོང་སྒོར་རྫོང་ཁག་ དགོངས་འདུས་རྒེད་འོག་ དག་ས་གཡུས་ཚན་ལས་ ལེགས་སྐྱིད་མཚོ་གིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ འབྲུག་རྒྱལ་ཁབ་ནང་ ཡོངས་ཅན་ཅིག་ཨིན་པས། གླུ་གཞས་འདི་ མཐའ་འཁོར་དང་བསྟུན་ཏེ་ རང་བཞིན་གནས་སྟངས་ལུ་ འགྲེལ་བཤད་རྐྱབ་པའི་ གླུ་གཞས་ཅིག་ཨིན་པས། གླུ་གཞས་འདི་ནང་ ཤར་ལས་ཁྲི་གདུགས་ཉི་མ་མ་ཤར་ན་ ནུབ་ཀྱི་གངས་རི་དཀར་པོ་ ག་དེ་སྦེ་བཞུ་རྒྱུ་མེད་ ནུབ་ཀྱི་གངས་རི་དཀར་པོ་མ་བཞུ་ན། །ཆུ་ལ་བསིལ་ཆུ་སྔོན་མོ་འབབ་རྒྱུ་མེད། །ཆུ་ལ་བསིལ་ཆུ་སྔོན་མོ་མ་འབབ་ན། །མཚོ་ལ་མར་མར་ཡུམ་མཚོ་འཁྱིལ་རྒྱུ་མེད། །ཆུ་ལ་ཡུམ་མཚོ་མ་འཁྱིལ་ན། །ཤིང་ལ་ཙན་དན་སྡོང་དོ་འཁྲུངས་རྒྱུ་མེད། །ཤིང་ལ་ཙན་དན་སྡོང་པོ་མ་འཁྲུངས་ན། །བྱ་ལ་ཁུ་བྱུག་སྔོན་མོ་ཆགས་རྒྱུ་མེད། བྱ་ལ་ཁུ་བྱུག་སྔོན་མོ་མ་ཆགས་ན། །ཁྱོད་དང་འདྲ་བའི་གསུང་སྐད་ང་ལུ་མེད། །
- Mongar
- Gungdue
- ལས་སྐྱིད་མཚོ་མོ་ Leki Tshomoཤར་ལ་ཧ་ལོའི་(ཤར་ལས་ཧ་ལོ་)མི་ཤར་ཧ་ལོའི་(ལོ་)ཤར་ལ། །ཤར་ལ་ཧ་ལོའི་ཁྲི་གདུགས་ཉི་མ་ཤར། །ཤར་ལ་ཧ་ལོའི་ཁྲི་གདུགས་ཉི་མ་ཤར། །
- ལས་སྐྱིད་མཚོ་མོ་ Leki Tshomoཤར་ལ་(ལས་)ཧ་ལོའི་ཁྲི་གདུགས་མ་ཤར་ན་ལ། །ནུབ་ཀྱི་གངས་རི་དཀར་པོ་བཞུ་རྒྱུ་མེད། །ནུབ་ཀྱི་གངས་རི་དཀར་པོ་བཞུ་རྒྱུ་མེད། །
- ལས་སྐྱིད་མཚོ་མོ་ Leki Tshomoནུབ་ཀྱི་གངས་རི་དཀར་པོ་མ་བཞུ་ན་ལ། །ཆུ་ལ་སྐྱིད་ཆུ་སྔོན་མོ་འབབ་རྒྱུ་མེད། །ཆུ་ལ་སྐྱིད་ཆུ་སྔོན་མོ་འབབ་རྒྱུ་མེད། །
- ལས་སྐྱིད་མཚོ་མོ་ Leki Tshomoཆུ་ལ་སྐྱིད་ཆུ་སྔོན་མོ་མ་འབབ་ན་ལ། །མཚོ་ལ་མར་མར་(མ་ཕམ་)གཡུ་མཚོ་འཁྱིལ་རྒྱུ་མེད། །མཚོ་ལ་མར་མར་(མ་ཕམ་)གཡུ་མཚོ་འཁྱིལ་རྒྱུ་མེད། །
- ལས་སྐྱིད་མཚོ་མོ་ Leki Tshomoམཚོ་ལ་མར་མར་(མ་ཕམ་)གཡུ་མཚོ་མ་འཁྱིལ་ན་ལ། །ཤིང་ལ་ཙན་དན་སྡོང་པོ་འཁྲུངས་རྒྱུ་མེད། །ཤིང་ལ་ཙན་དན་སྡོང་པོ་འཁྲུངས་རྒྱུ་མེད། །
- ལས་སྐྱིད་མཚོ་མོ་ Leki Tshomoཤིང་ལ་ཙན་དན་སྡོང་པོ་མ་འཁྲུངས་ན་ལ། །བྱ་ལ་ཁུ་བྱུག་སྔོན་མོ་ཆགས་རྒྱུ་མེད། །བྱ་ལ་ཁུ་བྱུག་སྔོན་མོ་ཆགས་རྒྱུ་མེད། །
- ལས་སྐྱིད་མཚོ་མོ་ Leki Tshomoབྱ་ལ་ཁུ་བྱུག་སྔོན་མོ་མ་ཆགས་ན་ལ། །ཁྱོད་དང་འདྲ་བའི་གསུང་སྐད་ང་ལུ་མེད། །ཁྱོད་དང་འདྲ་བའི་གསུང་སྐད་ང་ལུ་མེད།། །།