Skip to main content Skip to search
20 Jan 2016
1 min 47 sec
Video Overview
Creators: 
Sherig Dhentshog

A short song, sung here by Phuntsho, a local from Phungsharng village in Pemagatshel district locally known as the Sadi Yangpay Lingla, which can be loosely translated as ‘In this Spacious Land,’ expresses gratitude to the line of noble leaders, the teachers and parents. It focuses on expressing gratitude for education. The first phrase of the lyrics pays gratitude to the noble lineage of the leaders under whose leadership schools were established. Then the parents for their care of gifting healthy body and followed by the gratitude to the teachers. The song ends with a wish to be reunited with all grateful figures.

༉  པདྨ་དགའ་ཚལ་རྫོང་ཁག་ ཕུང་ཤ་རང་གཡུས་ཚན་ལས་ཕུན་ཚོགས་ཀྱིས་ གླུ་གཞས་རི་འདི་ཡངས་པའི་རི་ལ་ ཟེར་འཐེན་ཏེ་ཡོདཔ་ད་ ཕུན་ཚོགས་ཀྱིས་འཐེན་མི་གླུ་གཞས་འདི་ གདངས་དབྱངས་རྐྱངམ་ཅིག་མ་གཏོགས་ ཚུལ་དང་ལྡན་ཏོག་ཏོ་གི་གླུ་གཞས་ ཚིག་འདི་དང་འདི་ཟེརཝ་ཅིག་མ་པ་ལས་ར་འཐེན་འཐེནམ་ཅིག་མིན་འདུག གླུ་གཞས་ཀྱི་ཡང་ རི་འདི་ཡངས་པའི་རི་ལ། །ཁ་བ་གྲངས་མེད་ཆགས་བཅུག །ཁ་བ་ནང་གི་ཤ་བ། །འབབ་ས་མེད་པའི་སྐྱོ་སོང་ཟེར་དང་ ཕ་རི་བྲག་གི་ལོགས་ལ། །ཤ་བ་སྐྱིད་པ་ཉམས་སོང་ཟེར་ ཚིག་གི་གོ་དོན་དང་འཁྲིལ་བ་ཅིན་ འབྲེལ་བ་གནམ་མེད་ས་མེད་ཅིག་མེདཔ་སྦེ་མཐོངམ་ཨིན་རུང་ གོ་དོན་ཤུགས་ཀྱིས་སྦེ་ལེན་བལྟ་བ་ཅིན་ རི་འདི་ག་ནི་བ་གོ་ཡངས་ཏོག་ཏོ་གི་རི་ཁ་ལུ་ ཁ་བ་གྱངས་ཁ་མེདཔ་ཅིག་ཆགས་ཏེ་ དེ་ནང་གི་ཤཝ་དེ་འཁྱམས་ས་མེད་པར་སྐྱོ་ཡི་ དེ་བཟུམ་སྦེ་ར་ ཕ་རི་བྲག་གི་ལོགས་ལུ་ཡོད་པའི་ཤཝ་གི་སྐྱིད་ཉམས་དེ་ཡང་ཉམས་སོང་ཡི་ ཟེར་ལེན་དགོ་ནི་ཨིན་མས།

Transcript search
No results found for this search
0 of 0