Skip to main content Skip to search
05 Oct 2016
1 min 13 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་ཡིན། 

འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་ཡིན། བོད་མི་དག་ལ་མཚོན་ན། སྣ་གཅུ་ནི་ཆེས་ཆ་རྒྱུས་ཡོད་པའི་ཡོ་བྱད་ཅིག་ཡིན། དེའི་བྱེད་ནུས་ནི་སྒོ་ཕྱུགས་སོགས་ལ་ཁ་ལོ་བསྒྱུར་བྱེད་དང་ཡང་ན་སྒོ་ཕྱུགས་འདོགས་བྱེད་ལ་བཀོལ་བ་ཡིན། སྤྱིར་བཏང་དུ་མཛོ་དང་། མཛོ་མོ། བ་གླང་། བ་མོ་སོགས་ལས་སྒོ་ཕྱུགས་གཞན་དག་ལ་སྤྱོད་སྲོལ་མེད། དེ་ནི་རྒྱུ་གཉེན་ལྕུག་ལྡན་ལ་སྲབ་འཁྲེགས་ཡིན་པའི་དབྱི་གུ་མཛུ་གུའི་སྦོམ་ཕྲ་ཅན་ཞིག་གཅུས་ནས་སྒོར་སྒོར་ཨ་ལོང་གི་དབྱིབས་སུ་བཟོས་རྗེས་ཕྱུགས་ཀྱི་སྣའི་ནང་དུ་བསྐོན་པ་ཡིན། གབ་ཚིག་འདིར་སྣ་གཅུ་སྐྱེ་སའི་གནས་དང་ཅི་ལྟར་བཟོས་པའི་བརྒྱུད་རིམ། སྒོ་ཕྱུགས་གང་དང་གང་ལ་སྤྱོད་པ་སོགས་ངོ་སྤྲོད་བྱས་ཡོད།

这是一则关于牲畜用具的谜语。

谜面描述的是牛的鼻环。它是由一种柔软的树枝做成,人们到山上将树枝砍下后,去掉树皮,削成手指粗细,再将它的一头削成尖头(其目的是便于穿进牛的鼻子),然后将它拧成圆形进行晒干,最后穿进牛的鼻子,目的是驯服牛的犟性。

This is a riddle about a yak's nose ring; the riddle discusses the raw materials and process used to make a nose ring.

Transcript search
No results found for this search
0 of 0