Skip to main content Skip to search
05 Oct 2016
1 min 2 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

སྟོན་ཁའི་དུས་ཀྱི་སྟོན་བསྡུ་ཡི་ལས་རིམ་ཞིག་སྟེ་གྲོ་ནས་བསིལ་རླུང་ལ་འཕྱར་ནས་རྩ་དང་ཕུད་མ་འདོར་བའི་ལས་ཤིག

འདི་ནི་ཉིན་རྒྱུན་འཚོ་བའི་སྐོར་གྱི་གབ་ཚིག་ཅིག་ཡིན། གྲོ་ནས་རླུང་ལ་འཕྱར་བ་ནི་སྟོན་ཁའི་དུས་སུ་སྟོན་བསྡུ་བྱེད་དུས་གྲོ་ནས་རླུང་ལ་འཕྱར་ནས་རྩྭ་དང་ཕུད་མ་དག་རླུང་ལ་སྤུར་ནས་གྲོ་ནས་གཙང་མ་བཟོ་བའི་སྟོན་བསྡུ་ཡི་ལས་ཀ་ཞིག་ཡིན། སྔར་གྱི་སྟོན་བསྡུ་ནི་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ཏེ་དེང་རབས་ཀྱི་འཕྲུལ་ཆས་སོགས་མེད་པར་ཡོ་བྱད་ཐ་ཆག་དག་ལ་བརྟེན་ནས་སྟོན་གྱི་གྲོ་ནས་བསྡུ་བ་ཡིན། གྲོ་ནས་གཙང་མ་བཟོ་བའི་ལས་རིམ་ཀྱང་དེ་ལས་མ་འདས། རོང་ཕྱོགས་ས་ཁུལ་གྱི་ཞིང་བ་རྣམས་ཀྱིས་སྟོན་ཁའི་དུས་ཀྱི་བསིལ་རླུང་ལ་རེ་སྒུག་བྱེད་པ་ཡིན། གཅིག་ན་རླུང་གིས་དབྱར་ཀྱི་ཚ་བ་སེལ་བ་དང་གཉིས་ནི་སྟོན་བསྡུ་སྐབས་སུ་གྲོ་ནས་རླུང་ལ་འཕྱར་དུས་བསིལ་རླུང་མཁོ་བ་ཡིན། རི་གཅིག་མཐོ་ཐལ་རི་གཅིག་དམའ་ཐལ་ཟེར་བ་ནི་གྲོ་གནས་གཅིག་ནས་སྤུངས་རྗེས་རླུང་གི་རྒྱུ་བ་ལེགས་པའི་ཕྱོགས་སུ་གྲོ་ཉུང་ཙམ་ཉུང་ཙམ་གནམ་ལ་འཕྱར་བ་དང་། དེ་ལྟར་དུས་ངེས་ཅན་ཞོག་འགོར་རྗེས་སྔར་གྱི་གྲོ་ནི་ཇེ་ཉུང་དང་ཕར་གྱི་གྲོ་ནི་རིམ་གྱི་མང་བོར་འགྲོ་བའི་སྣང་ཚུལ་དེ་བརྗོད་པ་ཡིན། བྱ་བརྒྱ་འཕུར་ཐལ་བྱེ་མ་ཉུག་ཐལ་ཟེར་བ་ནི་གྲོ་གནམ་ལ་འཕྱར་བའི་དུས་སུ་རླུང་གིས་གྲོ་ནང་གི་རྩ་ཕུད་དག་འཁུར་འགྲོ་དེར་དཔེ་བྱས་པ་རེད།

这则谜语描述的是秋收时将谷粒从谷皮等杂质中取出的劳动过程。

这是一则关于日常生活的谜语,描述的是在科技现代化之前的农区秋收的景象。当时的农区,秋收所使用的工具和办法都很落后,这则谜语就以当时的农民如何将谷粒从谷皮等杂质中干净取出为谜面。当时的农区还没有使用风扇等现代化机器,所以一切只能靠天,届时农民就会看风向将谷粒往上抛,利用风力将谷粒和杂质分开。

This riddle describes the process and reason for winnowing wheat using the autumn wind.

Transcript search
No results found for this search
0 of 0
  • རི་གཅིག་མཐོ་ཐལ་རི་གཅིག་དམའ་ཐལ།
    The existence of a high mountain logically implies a low mountain.
  • བྱ་བརྒྱ་འཕུར་ཐལ་བྱེ་མ་ཉུག་ཐལ་ཅི་ཁེད།
    One hundred birds flying logically implies that there are birds that do not stretch their wings and fly. What is it?
  • གབ་ལན་ནི་གྲོ་ནས་འཕྱར་བའི་དོན་རེད།
    The answer is ultimately the process of winnowing wheat.