Skip to main content Skip to search
04 Oct 2016
1 min 2 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

རང་འཐག་འཁོར་བ་བསྟུན་སྟེང་གི་གྲོ་ནས་རྣམས་ཕར་ལྡིང་ཚུར་ལྡིང་བྱེད་པའི་རྣམ་པ་དང་རང་འཐག་གི་ཞབས་འོག་ཏུ་གྲོ་ཕྱེ་ཁ་བ་བཞིན་ཐོན་པ་དེ་མཚོན།

སྔོན་གྱི་རང་འཐག་ནི་ཆུ་ཤུགས་ལ་བརྟེན་ནས་འཁོར་བའི་ཆུ་འཁོར་རང་འཐག་དང་མིའི་ལུས་ཤུགས་ལ་བརྟེན་ནས་འཁོར་བའི་ལག་བསྐོར་རམ་འཆིག་ཅེས་རིགས་གཉིས་ཡོད། གཉིས་ཀ་སྒུལ་ཤུགས་ཀྱི་ཁུངས་དང་ཆེ་ཆུང་མི་འདྲ་བ་མ་གཏོགས་ཁྱད་པར་ཆེན་པོ་མེད། ལྷུ་ཆས་གཙོ་བོ་རྡོ་ལེབ་ཆེན་མོ་གཉིས་ཀྱི་གྲུབ་ལ། རྡོ་ལེབ་གཉིས་ཀྱི་གཙུབ་བརྡར་ལ་བརྟེན་ནས་གྲོ་ནས་བཅུར་ཅིང་གྲོ་ཕྱེ་ཐོན་པ་ཡིན། གད་ཐོག་ན་ལུ་གུ་རྩེད་རྩེད་ཅེས་པ་ནི་རྡོ་ལེབ་གཉིས་འཁོར་བ་དང་བསྟུན་ནས་སྟེང་གི་གྲོ་ནས་རྣམས་ཕར་ལྡིང་ཚུར་ལྡིང་བྱེད་པའི་རྣམ་པ་དེ་མཚོན་པ་ཡིན་ལ། གད་འོག་ན་ཁངས་སྐྱ་འབབ་འབབ་ཅེས་པ་ནི་གྲོ་ནས་འཐག་པ་དང་བསྟུན་ནས་རྡོ་ལེབ་འོག་ཏུ་གྲོ་ཕྱེ་ཁངས་སྐྱ་བཞིན་ཐོན་པ་དེ་མཚོན་ཡོད། ལུ་གུ་དང་ཁངས་སྐྱ་སོགས་བོད་པའི་སྤྱི་ཚོགས་དང་བྲལ་དུ་མེད་པའི་བྱ་དངོས་འདི་དག་དཔེ་གཞིར་དྲངས་པ་ནི་གབ་ཚིག་གི་ཁྱད་ཆོས་གཙོ་བོ་ཞིག་ཏུ་འཁུམས།

这是一则描述生活用品的谜语,描述了用水磨磨面磨豆的现象。

这是一则描述生活用品的谜语,描述了用水磨磨面磨豆的现象。以前的磨面方式是有两种,运用水力和人力转动磨盘进行磨面等方式。这两种方式除了力的大小和力源的不同之外基本上相同,都是由两块磨盘组成,由两块磨盘相互摩擦将小麦和豆子等五谷进行碾压磨成细粉,谜语很生动的描写了水磨转动时磨盘上谷类的流动和磨盘下面粉的形成的过程。

This is a riddle of everyday objects which describes the appearance of a thing which uses water to grind mill flour.

Transcript search
No results found for this search
0 of 0