Video Overview
དབུགས་བརྒྱབ་པའི་གྲོད་པུ་ནི་ཕྱི་རིལ་བུ་ཡིན་པ་ལས་རྐང་ལག་སོགས་མེད་མོད། ས་ལ་རེག་པ་ཙམ་གྱིས་ཡར་ལྡིང་བས་དེ་ལྟར་བརྗོད་པ་ཡིན།
འདི་ནི་རང་བྱུང་ཁམས་དང་རང་བྱུང་གི་སྣང་ཚུལ་སྐོར་གྱི་གབ་ཚིག་ཅིག་ཡིན། བོད་ཁུལ་དུ་འགྱིག་རིགས་ཀྱི་ལྒིང་བུ་སོགས་མ་བྱུང་སྔོན་ལ་སྒོ་ཕྱུགས་གང་རུང་གི་གྲོད་པུའི་ནང་གི་སྙིགས་མ་ཕྱིར་དོར་རྗེས། ནང་དུ་དབུགས་བརྒྱབ་ནས་དབུགས་ལྒིང་གི་ཚུལ་དུ་བྱིས་པ་རྣམས་ཀྱི་རྩེད་ཆས་བྱེད། དབུགས་བརྒྱབ་པའི་གྲོད་པུ་ནི་ཕྱི་རིལ་བུ་ཡིན་པ་ལས་རྐང་ལག་སོགས་གང་ཡང་མེད་མོད། ས་ལ་རེག་པ་ཙམ་གྱིས་དབུགས་ལྒིང་བཞིན་ཡར་ལྡིང་བའི་ཆ་ནས་དེ་ལྟར་བརྗོད་པ་ཡིན། ཡང་ལ་ལས་འདིའི་གབ་ལན་ནི་སྤྱིར་བཏང་གི་དབུགས་ལྒིང་ཡིན་པར་འདོད་མོད། བོད་ཀྱི་སྤྱི་ཚོགས་སུ་ཆེས་ཐོག་མར་བྱུང་བའི་ལྒིང་བུའི་རིགས་ནི་སྒོ་ཕྱུགས་ཀྱི་དོན་སྣོད་ལས་བྱུང་བ་ནི་སྙོམ་དུ་མེད་པས། གྲོད་པུ་ཡང་གབ་ཚིག་འདིའི་གབ་ལན་ཡང་དག་དེ་ཡིན་པར་འདོད།
这则谜语在没有引进篮球之前已在藏族地区广为流传,故此谜语的谜底应为充气后的牛肚。
无手足的跳跃者,这是一则关于藏族地区生活用品的谜语。在藏族地区还没有引进橡胶制成的篮球时,通常会用清洗干净的牛肚充气以后进行玩耍。此谜语描述了充气以后的牛肚扔在地上反弹的效果,有少数人认为此谜语的谜底为篮球,但此谜语在没有引进篮球之前已在藏族地区广为流传,故此谜语的谜底应为充气后的牛肚。
This riddle describes an inflated cow’s stomach used as a ball, which flies into the air after making contact with the ground.
- རྐང་ལག་མེད་པའི་གནམ་ལྡིང་མ་ཅི་ཁེད།What floats in the sky and has no arms or legs?
- གབ་ལན་ནི་གྲོད་པུ་རེད།The answer is a tripe.
- གྲོད་པུར་དབུགས་བརྒྱབ་ནས་སར་བརྡབ་ཚེ་After air is blown into a tripe, when it is thrown to the ground,
- ཡར་ལྡིང་བ་དང་།it rises up.
- ཡིན་ཡང་གྲོད་པུ་ལ་རྐང་ལག་མེད་པས་However, a tripe does not have arms or legs.
- དེ་ལྟར་བརྗོད་པ་རེད།So it is said.