Skip to main content Skip to search
08 Dec 2016
1 min 6 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

རྒྱུ་ཙན་དན་ཡིན་པ་དང་ཕྲ་ལ་རིང་བའི་སྣེ་གཅིག་ལ་མེ་སྒྲོན་པ་དེ་ཡུན་གྱིས་འཚིག་ནས་ཐལ་བ་མར་ལྷུང་བའི་རྣམ་པ་ལ་བརྗོད་པ་ཡིན།

འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་ཡིན། སྤོས་ནི་རྒྱུ་ཙན་དན་ལ་སོགས་དྲི་བཟང་ལྡན་པའི་ཤིང་སྣ་རྩ་ཆེན་དག་ལས་གྲུབ་པ་ཞིག་ཡིན་ལ། དེ་ནི་རྒྱུན་དུ་བོད་ཁུལ་གྱི་དགོན་པ་དང་མཆོད་ཁང་། ཡང་ན་ཁང་ཁྱིམ་གང་རུང་གི་གནས་སུ་མེར་བསྒོས་ནས་དྲི་བཟང་བསྐྱེད་པའི་ཡོ་བྱད་ཅིག་ཡིན། སྤོས་བཟོ་བྱེད་ཀྱི་རྒྱུ་ཆ་ལ་ཁྱད་པར་མཆིས་པ་མ་གཏོགས་དེང་སྐབས་འཛམ་གླིང་གི་ས་ཆ་གང་ནའང་སྤྱོད་སྲོལ་འདུག་པ་དེ་རེད། འདིར་ཙན་དན་ཤིང་གི་རྩེ་མོ་ན་ཞེས་རྒྱུ་ཙན་དན་ཡིན་པ་དང་དབྱིབས་ནི་ཕྲ་ལ་རིང་བ་དེ་སྟོན་པ་ཡིན། བྱ་རྒྱལ་ཁྱུང་གི་ལྟུག་རྒྱངས་བྱེད་ཞེས་པ་ནི་སྤོས་ཀྱི་སྣེ་གཅིག་ལ་མེ་སྒྲོན་པ་དེ་ཡུན་གྱིས་འཚིག་ནས་ཐལ་བ་མར་ལྷུང་བ་དེ་བྱ་རྒྱལ་ཁྱུང་གིས་ལྟུག་རྒྱངས་བྱེད་པ་དང་མཚུངས་པར་བརྗོད་པ་ཡིན། བྱ་རྒྱལ་ཁྱུང་ནི་ངག་རྒྱུན་གྱི་ལྷ་བྱ་མཐུ་ནུས་དང་ལྡན་པ་ཞིག་གི་མིང་ཡིན།

这则谜语描述了焚烧藏香时香灰掉落的情景。

这是一则关于生活用品的谜语。藏香是由檀香等名贵材料而制成,具有宁神静气等功效,在佛经中还提到藏香有辟邪驱魔等功效。在藏区,无论是在普通家庭或寺院都会经常使用。檀香峰顶,凤凰飞舞,这则谜语将藏香比喻成了藏香中最为常用原料檀香木,把藏香的烟比喻成了凤凰。

This riddle references items of great spiritual significance to describe how the ashes of an incense stick fall down.

Transcript search
No results found for this search
0 of 0