Video Overview
གབ་ཚིག་འདི་ནི་ཕྱིའི་རྣམ་པའམ་འདྲ་བ་རྒྱུ་མཚན་དུ་བྱེད་པ་གཙོ་བོར་བཟུང་བ་ཞིག་སྟེ། འདིའི་ནང་དུ་སྡོམ་དྲ་དེ་དཀྱིལ་འཁོར་གྱི་དཔེ་རུ་བྱས་པ་དང་། དཀྱིལ་འཁོར་བཞེངས་མཁན་གྱི་ལྷ་བཟོ་དེ་སྡོམ་གྱི་དཔེ་ཅན་ཡིན།
གབ་ཚིག་འདི་ནི་བོད་སྤྱི་ཚོགས་དང་ནང་སྒོས་སུ་རྩྭ་ཐང་སོགས་ན་ནམ་རྒྱུན་མཐོང་ཐུབ་པའི་སྡོམ་དང་སྡོམ་དྲའི་སྐོར་ཡིན་ལ། དེའི་ནང་དུ་བོད་ཀྱི་ལྷ་ཆོས་རིག་གནས་ཁྲོད་ཀྱི་དཀྱིལ་འཁོར་ཞེས་པ་ནི་བོད་མི་ཕྲེང་བཟུང་ཞིག་ཡིན་ན་མི་ཤེས་མཁན་གཅིག་ཀྱང་མེད་པས། སྡོམ་གྱི་དྲ་རྒྱ་ནི་དངོས་གནས་ཞིབ་ཚགས་ལྡན་ལ། ཏག་ཏག་བོད་ཀྱི་དཀྱིལ་འཁོར་དང་འདྲ་བོ་ཞིག་ཡོད་ལ། གལ་ཏེ་དཀྱིལ་འཁོར་དེ་འབྲི་བཞེངས་བྱེད་དགོས་ན་ངེས་པར་དུ་རི་མོ་བའམ་ལྷ་བཟོ་བ་གང་རུང་ཞིག་དགོས་པ་ནི་སྨྲས་མེད་ཡིན་པས། དཀྱིལ་འཁོར་བཞེངས་མཁན་གྱི་ལྷ་བཟོ་བ་དེ་དཀྱིལ་འཁོར་གྱི་དཀྱིལ་ན་ཡོད་ཅེས་གསལ་བོར་བསྟན་ཡོད། སྡོམ་གྱི་བ་རྒྱ་དེས་ངོ་བོའི་ཆ་ནས་སྡོམ་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད། རང་གི་བཟན་ཆས་སོགས་འཚོལ་བར་ཡང་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད།
这是一则关于蜘蛛和蜘蛛网的谜语。
这是一则关于蜘蛛和蜘蛛网的谜语。藏族是一个信仰因果循环的民族,所以从不会轻易杀生,更不会蓄意破坏生物所筑的巢。蜘蛛是人们生活中常见的生物,尤其夏天,蜘蛛喜欢在房檐上或者树上结网,人们只有在它们自动离开时以外从不会轻易拿掉蜘蛛网。这则谜语将蜘蛛网比喻成乾坤图,而蜘蛛是制作乾坤图的画匠。
This riddle compares a spider's web to a mandala and the spider itself to an artist.
- དཀྱིལ་འཁོར་བར་སྣང་ཁམས་ན་ཡོད།There is a mandala in the sky.
- ལྷ་བཟོ་དཀྱིལ་འཁོར་དཀྱིལ་ན་ཡོད་ཅི་ཁེད།The artist who created it is at the center of the mandala. What is it?
- གབ་ལན་ནི་སྡོམ་རེད།The answer is a spider.
- དཀྱིལ་འཁོར་ནི་སྡོམ་གྱི་དྲ་རེད།As for the mandala, it is the spider's web.
- ལྷ་བཟོ་ཟེར་བ་ནི་དྲ་སྟེང་གི་སྡོམ་སྟོན་པ་ཡིན།The so-called artist is revealed to be the spider atop its web.