Video Overview
འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་ཡིན། འུར་ཆ་ནི་རྡོ་འཕེན་བྱེད་ཀྱི་ལག་ཆ་ཞིག་ཡིན་ལ་འབྲོག་པའི་ཕྱུགས་རྫི་དག་གིས་སྒོ་ཕྱུགས་དང་རི་སྤྱང་སོགས་ལ་རྡོ་འཕེན་བྱེད་ཀྱི་རྒྱུན་མཐོང་ལག་ཆ་ཞིག་ཡིན།
- མགོ་ན་སྲིད་པའི་ཨ་ལོང་ཅན།On its head, it has the ring of the wheel of existence.
- རྐེད་ན་དངུལ་དཀར་མེ་ལོང་ཅན།Around its waist, it has a sacred silver mirror.
- རྔ་མ་སྦྲུལ་གྱི་མཇུག་མ་ཅན།It has a serpentine tail.
- སྟོང་གསུམ་རྐེད་ལ་བསྐོར་བའི་ཉིན།When it encircles the three-thousand-fold world system around its waist,
- དུད་འགྲོ་ཕྱུགས་ཀྱི་སྙིང་རྩ་འདར་ཅི་ཁེད།the cattle tremble at it. What is it?
- གབ་ལན་ནི་འུར་ཆ་རེད།The answer is a slingshot.
- འུར་ཆས་ཕྱུགས་ལ་རྡོ་འཕངས་ན་When a slingshot flings a stone at a cow,
- ཕྱུགས་ཚང་མ་སྐྲག་པའི་དོན་རེད།all of the cattle are frightened.