Video Overview
ལུག་ལྤགས་ནི་ཆེད་དུ་ཁབ་དང་སྐུད་པས་འཚེམ་བཟོ་ནི་མི་དགོས་པར་མིའི་རྒྱབ་ཏུ་སློག་པ་བཞིན་ཐད་ཀར་གྱོན་ཆོག་པས་ན་དེ་ལྟར་བརྗོད་པ་ཡིན།
འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་ཡིན། རྟ་ནོར་ལུག་གསུམ་ནི་གནའ་ནས་བཟུང་བོད་ཀྱི་རྒྱུ་ནོར་ཡིན་ལ་དེ་དག་ལས་བྱུང་བའི་ཤ་མར་དང་པགས་པ་བཅས་ནི་འབྲོག་པའི་འཚོ་བར་མེད་དུ་མི་རུང་བའི་བཟའ་ཆས་དང་ཡོ་བྱད་རྐྱང་རྐྱང་ཡིན། གབ་ཚིག་འདིར་བརྗོད་པའི་ལུག་ལྤགས་ཀྱང་དེ་ལས་མ་འདས། ཁབ་སྐུད་པ་མི་དགོས་རིན་ཆེན་སློག་པ་འཇོ་ལོ་ལོ་ཞེས་པ་ནི་ལུག་ལྤགས་ནི་ཆེད་དུ་ཁབ་དང་སྐུད་པས་འཚེམ་བཟོ་བྱས་པ་མ་ཡིན་པར་ལུག་གི་རྒྱབ་ནས་རང་བྱུང་གིས་ཐོན་ཞིང་་སློག་པ་བཞིན་མིའི་རྒྱབ་ཏུ་ཐད་ཀར་གྱོན་ཆོག་ལ། ཡང་གོས་ཀྱིས་ཕྱི་ཐུམ་བཟོས་ནས་སློག་པའང་བྱས་ཆོག་པས་དེ་ལྟར་བརྗོད་པ་ཡིན།
这则谜语描述了不用针线缝制就可以穿在身上的羊皮袄。
这是一则关于生活用品的谜语。牛羊对于游牧民民族来说,是他们的主要财富。牛羊产出的鲜奶、酥油、肉以及宰杀以后的毛皮更是他们赖以生存的食物源。这则谜语描述了不用针线缝制就可以穿在身上的羊皮袄。
This riddle describes a sheep skin chupa traditionally worn by nomads; no sewing is required to make this chupa.
- ཁབ་སྐུད་པ་མི་དགོས་རིན་ཆེན་སློག་པ་A needle and thread are not necessary to a valuable fur-lined coat
- འཇོལ་ལོ་ལོ་ཅི་ཁེད།valued every year. What is it?
- གབ་ལན་ནི་ལུག་ལྤགས་རེད།The answer is a sheepskin.