Skip to main content Skip to search
04 Oct 2016
1 min 6 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

དེ་ཕོས་སེམས་ཅན་གཞན་ཞིག་མཐོང་ཚེ་ངག་ནས་ཌ་རིའི་སྒྲ་ལྟ་བུ་ཞིག་འཕྱུང་བ་དང་ལྷན་དུ་གཤོག་སྒྲོ་ཐག་ཐག་རྡེབ་ནས་འཕུར་བས་དེ་ལྟར་བརྗོད།

འདི་ནི་སྲོག་ཆགས་སྐོར་གྱི་གབ་ཚིག་ཅིག་སྟེ་འཕུར་རྩལ་ཞན་པའི་འདབ་ཆགས་དེ་ཕོའི་ཕྱིའི་རྣམ་པ་དང་བྱ་སྐད་བརྗོད་པའི་གབ་ཚིག་ཡིན། སྟོད་ན་ད་རི་སྐགས་སེ་བྱེད་ཀི་ཟེར་བ་ནི་དེ་ཕོའི་བྱ་སྐད་ཀྱི་ཁྱད་ཆོས་སྟོན་པ་ཡིན། དེ་ཕོའི་ཉེན་ཟོན་རང་བཞིན་གྱི་ཚོར་བ་ནི་ཤིན་ཏུ་སྐྱེན་ལ་རང་གི་ཉེ་ལོགས་སུ་སྲོག་ཆགས་གཞན་དག་ཐོན་པའམ་ཉེན་ཁའི་སྐབས་སུ་སྐད་སྒྲ་ཕྲ་ལ་རིང་བ་ཞིག་འབྱིན་ཞོར་འཕུར་འགྲོ་བ་ཡིན། སྨད་ན་གྲོད་པུ་ལྷོགས་སེ་བྱེད་ཀི་ཟེར་བ་ནི་དེ་ཕོའི་ལུས་སྟེངགི་སྒྲོ་དང་ལྷག་པར་དུ་མཇུག་སྒྲོ་ཡི་རྣམ་པ་བརྗོད་པ་ཡིན། དེ་ཕོ་འཕུར་དུས་ལུས་སྟེང་གི་ཁ་མདོག་དང་རྣམ་པ་འདྲ་མིན་གྱི་སྒྲོ་དག་ཕྱི་མངོན་འོངས་པ་དང་ལྷན་དུ་གཤོག་པའི་རྡེབ་སྒྲ་ཡང་གྲགས་འོངས་པས་དེ་བརྗོད་པ་ཡིན།

这则谜语描述了野鸡动听的叫声和五光十色的羽毛。

这是一则关于鸟禽类的谜语,谜语的谜面形容了野鸡动听的鸣叫声,五光十色的羽毛和尾巴。

Transcript search
No results found for this search
0 of 0