Skip to main content Skip to search
08 Dec 2016
1 min 31 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

འདི་ནི་སྲོག་ཆགས་སྐོར་གྱི་གབ་ཚིག་སྟེ་སྲང་ལམ་ན་གང་སར་ཉུལ་བའི་ཁྱི་ནི་ལུས་སུ་དྲོད་སྐྱེད་ཕྱིར་ལུད་སྤུངས་སྟེང་དུ་ཉལ་ཡོད་པ་དེ་བརྗོད་ཡོད།

འདི་ནི་སྲོག་ཆགས་སྐོར་གྱི་གབ་ཚིག་ཅིག་སྟེ་སྲང་ལམ་ན་གང་སར་ཉུལ་བའི་ཁྱི་ནི་ལུས་སུ་དྲོད་སྐྱེད་ཕྱིར་ལུད་སྤུངས་སྟེང་དུ་ཉལ་ཡོད་པ་དེ་བརྗོད་ཡོད། སྦྲ་རོག་རོག་མགོ་ཡི་ཟེར་བ་ནི་ལུད་ཀྱི་ཁ་དོག་དང་རྣམ་པ་བརྗོད་པ་སྟེ་ལུད་ནི་སྒོ་ཕྱུགས་ལྕི་བ་སོགས་སྐམ་རྗེས་ཞིབ་བུར་རྡུང་ནས་ནང་དུ་ས་སོགས་ཉུང་ཙམ་བསྲེས་ཡོད་པའི་ལུད་རྫས་ཤིག་ཡིན་པ་དང་ཁ་དོག་སྨུག་ལ་ནག་པའི་རང་བཞིན་ཅན་ཞིག་ཡིན། ལུད་མང་དུ་སྤུངས་ཡོད་པ་དང་རྣམ་པ་དང་ཁ་དོག་ནི་འབྲོག་པའི་སྦྲ་དང་འདྲ་བས་དེ་ལྟར་བརྗོད་པ་རེད། གུག་གུ་རྭ་འཁྱིལ་ཟེར་བ་ནི་དེའི་སྟེང་དུ་ཁྱི་རྒན་ལུས་གུག་གུག་བྱས་ནས་ཉལ་ཡོད་པ་སྟོན་པ་ཡིན། བཤད་རྒྱུན་ལ་ལུད་ཀྱིས་ཚ་དྲོད་སྐྱེད་ནུས་པར་བཤད་པ་དང་ཁྱི་སོགས་ལུད་སྤུངས་ཐོག་ཉལ་རྒྱུ་དགའ་བ་ཡང་དགུན་གྱི་གྲང་ངར་མ་བཟོད་པར་ལུད་སྤུངས་སྟེང་ཉལ་ནས་ལུས་སུ་དྲོད་སྐྱེད་པ་ཡིན་འདུག

这则谜语描述的是冬天用粪堆取暖的流浪狗。

这是一则关于动物的谜语,描述了街上的流浪狗为了取暖躺在粪堆上的情景。在藏区,由于每家每户都饲养家畜,所以家门口也都有粪堆。它是马、牛、羊等各种家畜的粪便混合而成,所以颜色呈现出黑色。在冬天寒冷的天气里,流浪狗就会躺在这些粪堆上取暖,而且狗躺下时身体是弯曲的,此谜语来自于黑色粪堆上的躺着的狗的姿势。

This riddle offers a description of animal behavior and discusses the circumstances surrounding a dog lying on a compost pile.

Transcript search
No results found for this search
0 of 0