Video Overview
ཕྱི་ཚུལ་དཀར་ཞིང་ནང་དབྱིབས་ཀྱི་རི་མོ་དེ་ནི་ཏག་ཏག་གསེར་གྱི་རྩིབས་ཤིང་ལྟ་བུ་ཡིན་ལ། དེའི་མི་ཚད་དེ་ནི་ཀ་བ་ལྟ་བུ་ཞིག་གིས་ཡར་ལ་བཀྱགས་ཡོད་པས་ཆ་ནས་གབ་ཚིག་དེས་ཤ་མོའི་ཕྱིའི་རྣམ་པ་བཤད་ཡོད།
འདི་ནི་སྐྱེ་དངོས་སྐོར་གྱི་གབ་ཚིག་ཅིག་སྟེ་རི་སྐྱེ་ཤ་མོར་བརྗོད་པ་ཡིན། སྤྱིར་ན་བོད་པ་རྣམས་ནི་ཤ་མར་ཟ་རྒྱུ་ལས་རི་སྐྱེ་རྩི་ཤིང་དང་སྔོ་ཚོད་སོགས་ཟ་རྒྱུ་གོམས་མེད་ན་ཡང་། རི་སྐྱེ་ཤ་མོ་ནི་འབྲོག་ཕྱོགས་ཀྱི་ག་ས་གང་དུ་མཐོང་རྒྱུ་ཡོད་པའི་སྐྱེ་དངོས་ཤིག་ཡིན་པས་དབྱར་གྱི་དུས་སུ་ཤ་མོ་བཏུས་ནས་ཟ་བ་ཡང་མཐོང་རྒྱུ་ཡོད། དབྱར་དུས་དང་སྟོན་དུས་ཆར་བ་དང་དྲག་ཆར་བབས་པ་ན་མཐའ་དག་པའི་རྩྭ་ཐང་ཡོངས་ཁེབས་པར་བྱས་པའི་ཤ་མོ་དེའི་ཕྱིའི་རྣམ་པ་ནི་དཀར་པོ་ཡིན་ལ། ནང་ངོས་ཀྱི་ཆ་དེ་སེར་བོ་གསེར་གྱི་རྩིབས་མ་སྟར་ཕྲེང་བསྒྲིགས་པ་དང་འདྲ། དེའི་མི་ཚད་ཤ་མོ་ནི་གཞུང་རྟ་གཅིག་གི་སྟེང་ན་གདུགས་ལྟར་ཕུབ་པས་ཀ་བ་གཅིག་གིས་གནམ་ལ་བཀྱགས་ཞེས་བསྟན་པ་རེད།
这是一则关于蘑菇形态的谜语。
这是一则关于植物的谜语。藏族人一般食用酥油、糌粑等食品,没有食用野生植物和蔬菜的习惯。可野生蘑菇在藏区随处可见,并且在牧区人们也有食用野生蘑菇的习惯,尤其在夏天的雨后,更是能看见各种各样的野生蘑菇。这则谜语描述的就是我们常见的蘑菇,用比喻的手法将蘑菇白色的外表和茎进行描述。
This riddle describes the appearance of a wild mushroom, including its color and shape.
- ཕྱི་དཀར་བོ་གསེར་གྱི་རྩིབས་རྟ་ཅན།Its outside is white with golden spokes.
- ནང་ཀ་བ་གཅིག་གིས་གནམ་ལ་བཀྱགས།From the inside, it is lifted into the sky by a single pillar.
- ཅི་ཁེད།What is it?
- གབ་ལན་ནི་རི་སྐྱེ་ཤ་མོ་རེད།The answer is a wild mountain mushroom.
- རི་མགོ་ན་སྐྱེས་ཡོད་པ་དང་They grow in the mountains, and
- ཚང་མས་མའོ་ཀུའུ་ཞེས་འབོད་མོད།everyone calls them "mo gu,"
- མའོ་ཀུའུ་ནི་རྒྱ་སྐད་རེད།but this is the Chinese word.
- བོད་ཀྱིས་ཤ་མོ་ཞེས་འབོད།The Tibetan word is "sha mo".
- གབ་ལན་ཡིན་ན་ཤ་མོ་རེད།As for the answer to the riddle, it is a mushroom.