Video Overview
ཁ་ལས་མི་ཐུག་ཟེར་བའི་སྒྲ་འབྱིན་དུས་ཁ་ཤ་ནི་རང་ཤུགས་ཀྱིས་ཐུག་འགྲོ་བ་དང་ཡང་ཐུག་ཅེས་བརྗོད་དུས་ཁ་ཤ་ནི་གདངས་འགྲོ་བའི་ངང་ཚུལ་དེ་བརྗོད་པ་ཡིན།
- ཐུག་ཐལ་ཐུག་ཐལ་ཟེར་ན་མི་ཐུགWhat will not meet when it says "will meet, will meet,"
- མི་ཐུག་མི་ཐུག་ཟེར་ན་ཐུག་འགྲོ་ཅི་ཁེད།but will meet when it says "will not meet, will not meet"?
- གབ་ལན་ནི་ཁ་ཤ་རེད།The answer is a mouth.
- ཁ་ནི་ཐུག་ཐལ་ཐུག་ཐལ་ཟེར་དུས་When saying "will meet, will meet,"
- ཁ་ཤ་ཐུག་མི་ཐུབ་ལ།the lips cannot meet.
- མི་ཐུག་མི་ཐུག་ཟེར་དུས་But, when saying "will not meet, will not meet,"
- ཁ་ཤ་རང་ཤུགས་ཀྱིས་ཐུག་འགྲོ་བ་ཡིན།the lips naturally come together.