03 Nov 2014
1 min 29 sec
Video Overview
Creators:
Tibetan & Himalayan Library
Söyé from Chakor village in Repgong tells a riddle about leather bellows.
བརྙན་འདིར་མེ་གཏོང་བྱེད་ཀྱི་སྦུད་པའམ་ཡང་ན་མིང་གཞན་ལ་ཁོལ་མོ་ཟེར་བའི་འཚོ་བའི་ཁྲོད་ཀྱི་ཡོ་བྱད་དེའི་ཁེད་དང་ཁེད་ལན་བཤད་ཡོད།
འདིར་ཁོལ་མོའམ་ཡང་ན་སྦུད་པའི་གབ་ཚིག་དང་གབ་ལན་བརྗོད་ནས་ཁོལ་མོ་བཟོ་བྱེད་ཀྱི་རྒྱུ་ཆ་ནི་ར་མའི་པགས་པ་ཡིན་པ་དང་། དེ་ཇི་ལྟར་བཟོ་ཚུལ་ཡང་བཤད་ཡོད། གབ་ཚིག་ར་མ་ལྕགས་ཀྱི་རྔ་མ་ཅན་ཞེས་པ་ནི་ཁོལ་མོ་ཡིན། སྦུད་པའང་ཟེར། དེ་ནི་དེ་སྔ་ཁྱིམ་ཚང་གི་ཡོ་བྱད་གཙོ་བོ་ཞིག་ཡིན་ཏེ་མེ་གཏོང་བྱེད་ཀྱི་ལག་ཆ་ཡིན་ལ། ད་ལྟ་འཚོ་པའི་ཆ་རྐྱེན་ཇེ་མཐོར་སོང་བ་དང་བསྟུན་ནས་འཚོ་བའི་ཡོ་བྱད་དག་ཀྱང་སྟབས་བདེར་སོང་ཡོད་པས། ཁོལ་མོའམ་ཡང་ན་སྦུད་པ་བཀོལ་སྤྱོད་བྱེད་མཁན་ཧ་ཅང་ཉུང་ཉུང་རེད།
这段视频用即简答又幽默的方式讲述了生活用具风皮袋的谜语及答案。
这段视频用简短的语句讲了风皮袋的谜语及答案。在以前风皮袋是日常生活中必不可少的用具,材料是用羊皮做的,是用来协助生火。但随着经济发展和生活条件越好,现代的生活中很少能见到风皮袋。
- ར་མ་ལྕགས་ཀྱི་རྔ་མ་ཅན་ཅི་ཁེད།
- དེ་ཁོལ་མོ་རེད་ཟེར།
- དེང་སང་ཁོལ་མོ་མེད།
- ར་མའི་ལྤགས་པ་སྐྱ་ཕྱེ་བྱས་རྗེས།
- མཉེས་ནས་དེའི་སྣེ་ལ་ཁོལ་ལྕགས་ཞེས་པའི་ལྕགས་ཁོག་པ་ཅན་ཞིག་སྤྲད་ནས།
- དེ་ནི་གང་དུ་འགྲོ་ན།
- ཚོང་ལ་འགྲོ་ན།
- རི་ཚེར་ལ་འབབ་ན།
- དེང་སང་གི་ལྕགས་ཀྱི་ཁོལ་ལྟ་བུ་རེད།
- དེང་སང་གི་བྱིས་པ་ཚོའི་ཁོལ་མོ་ཤེས་ནི་མ་རེད།
- དེའི་ལན་དེ་འདྲ་ཞིག་རེད།
- གློ་བར་དུ་དྲིས་ན་ཡིད་ལ་མི་ཡོང་གི
- ལྕགས་ཀྱི་རྐ་བ་རྐོ་བེ་ནང་དུ་དངུལ་གྱི་སྦ་ང་སྦང་ངེ་ཡོད་ཟེར་ནི་རེད།
- དེ་ནི་ཁོན་བཞག་པ་རེད།