Skip to main content Skip to search
04 Oct 2016
1 min 6 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

སྒྲོན་མེའི་མེ་ལྕེ་ནི་ལག་པ་ཡ་གཅིག་གིས་སྦར་འཛིན་བྱེད་ཐུབ་ཙམ་ལས་མེད་ཀྱང་། དེའི་འོད་སྣང་ནི་ཁང་ཁྱིམ་ཧྲིལ་བོར་ཁྱབ་ཐུབ་པ་བརྗོད་པ་ཡིན།

འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཡིན། བཙུར་ན་སྤར་བ་གང་ཞེས་པ་ནི་སྒྲོན་མེའི་མེ་ལྕེ་ནི་ལག་པ་ཡ་གཅིག་གིས་སྦར་འཛིན་བྱེད་པ་ཐུབ་ཙམ་ལས་མེད་པས་བོངས་ཤིན་ཏུ་ཆུང་བ་སྟོན་པ་དང་། བཏང་ན་ཁང་བ་གང་ཞེས་པ་ནི་སྤར་ཁ་གློད་ཚེ་སྒྲོན་མེའི་འོད་ནི་ཁང་བ་ཧྲིལ་བོར་ཁྱབ་པར་འགྱུར་བས་སོ།། གབ་ཚིག་འདི་བྱུང་བའི་དུས་ཀྱི་སྔ་འཕྱི་རང་བཞིན་ནི་གབ་ཚིག་གི་ནང་དོན་ལ་བལྟས་པས་ཀྱང་ཤེས་ཐུབ་སྟེ། བོད་པའི་སྤྱི་ཚོགས་སུ་གློག་མ་བྱུང་སྔོན་ལ་སྒྲོན་འོད་ལ་བརྟེན་ནས་འཚོ་བསྐྱལ་བའི་རྣམ་པ་དེ་གབ་ཚིག་གི་ནང་དོན་དུ་འགྱུར་བ་རེད། འདི་ནི་བོད་མདོ་སྨད་ས་ཆར་དར་ཆེ་བའི་གབ་ཚིག་གི་ཚན་པ་ཞིག་ཡིན་ལ་སྒོས་སུ་གཅན་ཚ་ས་ཁུལ་ཏུ་ལྷག་ཏུ་དར་ཆེའོ།།

 

这是一则有关生活用品的谜语,描述的是我们生活中常见的油灯。

这是一则有关生活用品的谜语,描述的是我们生活中常见的油灯。它的面积很小,我们可以用一只手就能将它的光遮住,可放开时它的灯光能照亮整间屋子。从谜语的内容我们可以看出谜语出现的时间,也能看出藏区在没有发电之前是靠着油灯照亮黑暗的生活情境。这则谜语流传于藏族安多地区尤其在尖扎地区广为流传。

While it cannot be grasped in one hand, a lamp’s light can fill a whole room. 

Transcript search
No results found for this search
0 of 0