08 Dec 2016
59 sec
Video Overview
Creators:
Dorjee Dondrup
འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་སྟེ་ཇ་སོགས་སྐོལ་བྱེད་ཀྱི་དེམ་ལ་བརྗོད་པ་ཡིན།
འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་སྟེ་ཇ་སོགས་སྐོལ་བྱེད་ཀྱི་དེམ་ལ་བརྗོད་པ་ཡིན། སྔར་ཡིན་ན་ཨ་མདོའི་རང་ཁྱིམ་ཁག་ཏུ་ལྕགས་ཐབ་དང་ཐབ་ཀ་གཞན་དག་སྤྱོད་སྲོལ་མེད་པ་དང་། སླ་ངའི་ནང་དུ་ཟས་གཡོ་བ་དང་ཐབ་ཀའི་མདོ་རུ་དེམ་གྱི་ནང་དུ་ཇ་སྐོལ་བ་ཡིན། གབ་ཚིག་ལས་ལུང་མདོ་ཟེར་བ་ནི་ཐབ་ཀའི་ཐབ་མདོ་སྟོན་པ་དང་ཨ་ཡེ་ཞིག་ངུ་བཞིན་འདུག་ཟེར་བ་ནི་ཆུ་ཁོལ་རྗེས་ཙི་སྒྲ་དང་བཅས་རླངས་པ་ཕྱིར་ཕུད་པའི་སྒྲ་ལ་སྟོན་པ་ཡིན།
这是一则关于人们用水壶烧水时水开的情景。
这则谜语描述的是人们用铜壶烧水时水开的情景。人们用壶烧水是水汽就会从壶嘴冒出,并且会发出“噗 噗”的声音。谜语以此为内容,将水开时发出的声音比喻成为一个老婆婆在哭。
This riddle is about daily life; it describes a kettle boiling water.
- ལུང་མདོ་ན་ཨ་ཡེ་ཞིག་ངུ་བཞིན་ཡོད་ཅི་ཁེད།What cries "a yé!" in the low end of the valley?
- གབ་ལན་ནི་ཟངས་དེམ་རེད།The answer is a kettle.
- དེམ་ནང་གི་ཆུ་འཁོལ་རྗེས་ཙུ་སྒྲ་འབྱིན་པའི་དོན་རེད།The reality is that after the water inside the kettle has boiled, it will cry loudly.