Skip to main content Skip to search
08 Dec 2016
1 min 2 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆, 多杰当知

སོ་རྙིལ་ནི་སོའི་ཕྲེང་བ་དང་བསྟུན་ནས་སྟར་ལ་སྒྲིག་ཡོད་པ་དེ་ཆོས་གོས་དམར་སྨུག་བནབས་པའི་བན་ཆུང་དག་ཚོགས་གྲལ་ནས་བསྒྲིགས་པ་དང་མཚུངས་པར་བརྗོད་པ་རེད།

འདི་ནི་མིའི་ལུས་ཕུང་གི་སྐོར་གྱི་གབ་ཚིག་ཅིག་ཡིན། སོ་རྙིལ་གྱི་མདོག་ནི་དམར་པོ་ཡིན་པའི་ཆ་ནས་ཆོས་གོས་དམར་སྨུག་བནབས་པའི་བན་ཆུང་དང་མཚུངས་པར་བརྗོད་པ་དང་། ཡང་སོ་རྙིལ་ནི་སོའི་ཕྲེང་བ་དང་བསྟུན་ནས་སྟར་ལ་སྒྲིག་པ་དེ་བན་ཆུང་རྣམས་ཚོགས་གྲལ་ནས་བསྒྲིགས་པ་དང་མཚུངས་པར་རྒྱུ་མཚན་དུ་བྱས་ཏེ་བན་ཆུང་གྲལ་སྒྲིག་འདྲ་ཞེས་བརྗོད་པ་རེད། སྤྱིར་སོ་རྙིལ་གྱི་རྣམ་པ་དང་ཚུགས་ཀ་ནི་དཔེ་གཞན་དང་འདྲ་བ་མང་སྲིད་མོད། ཆོས་གོས་སྔུར་སྨུག་གམ་དམར་སྨུག་བནབས་པའི་བཙུན་པའི་སྡེ་ནི་བོད་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་རྒྱུ་མཚན་གྱིས་དཔེ་བན་ཆུང་ལ་བྱས་པ་ངང་ངམ་ཤུགས་ཀྱིས་དཔོག་ཐུབ།

这是一则关于人体器官的谜语。

这是一则关于人体器官的谜语,谜面为念经的小喇嘛们排成队。藏传佛教的喇嘛们的僧衣是红色的,故此谜语中将牙齿比喻成小喇嘛,牙龈比喻成喇嘛的僧衣。引用牙齿牙龈的谜语在藏区较为常见。牙齿是人体赖以生存的重要器官,它是构成咀嚼器官的主要部分,也与语言、容貌和健康有着密切关系,将此重要器官比喻喇嘛,由此而知当时藏传佛教对藏区有着很大的影响力。

In this riddle, a fleshy part of the body, the gums, is compared to a group of highly influential social and religious figures. 

Transcript search
No results found for this search
0 of 0