Skip to main content Skip to search
08 Dec 2016
60 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

སྔར་གྱི་གླིང་བུ་ནི་རྒྱུ་ཤིང་དང་སྨྱུག་མ་ལས་བཟོས་པ་དང་སྤྱིར་བཏང་དུ་ཁུང་བུ་དགུ་ཡོད་པས་དེ་ལྟར་བརྗོད།

འདི་ནི་རོལ་ཆས་སྐོར་གྱི་གབ་ཚིག་ཅིག་ཡིན། བོད་ཀྱི་དམངས་ཁྲོད་ན་དར་བའི་གླིང་བུ་ལ་རིགས་གཉིས་ཡོད་པ་དང་། སྤྱིར་བཏང་གི་དམངས་གླུ་དང་གླུ་དབྱངས་སོགས་ལ་འཕྲེད་འབུད་གླིང་བུ་སྤྱོད་པ་དང་། ཡང་ལ་གཞས་སོགས་ལ་ཐུར་འབུད་གླིང་བུ་བཀོལ་བ་ཡིན། གཉིས་ཀར་དབྱིབས་དང་རྣམ་པའི་ཐོག་ནས་ཁྱད་པར་ཆེར་མ་མཆིས་ཀྱང་། སོར་མོས་འཛིན་སྟངས་དང་དབུགས་གཏོང་ས་སོགས་ལ་དབྱངས་རྟའི་དགོས་མཁོ་དང་འཕྲེད་འབུད་དང་ཐུར་འབུབ་ཀྱི་འགྱུར་བ་ལ་བརྟེན་ནས་འགྱུར་ལྡོག་འབྱུང་བ་ཡིན། སྤྱིར་གླིང་བུ་ནི་རྒྱུ་ཤིང་དང་སྨྱུག་མ་ལས་བཟོས་པ་དང་རྒྱུན་མཐོང་གི་གླིང་བུར་བུ་ག་དགུ་ཡོད་པས་ཤིང་སྡོང་གཅིག་ལ་བུ་ག་དགུ་ཞེས་བརྗོད་པ་ཡིན།

关于笛子的谜语,以前的笛子由竹子制成,上有九个孔

这是关于乐器的谜语,以前藏区的笛子九个孔,用竹子制成,一根木,九个眼。就是以笛子以木制成,九个孔的原理将它引入到此谜语中。

This riddle is about a flute. Flutes were historically made from wood or bamboo and had nine holes on their top side. 

Transcript search
No results found for this search
0 of 0